今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

༄༅།།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མི་ བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་ དོན་གཙོ་བོའི་སློབ་གསོའི་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད།

       ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།ཀྲུང་ གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྲོས་ཚོགས་ཐོག་གལ་ཆེའི་གསུང་བཤད་གནང་།
       རྩོམ་ཡིག་ནང་།ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་དང་།ཀྲུང་ཧྭ་མི་རིགས་སྐྱར་དར་ཡོང་བ་བྱ་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིན་པ་དང་།ཀྲུང་གོའི་གུང་ཁྲང་ཏང་མིས་མི་རབས་ནས་མི་རབས་བར་གཅིག་རྗེས་གཉིས་མཐུད་དང་།དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་བྱེད་པའི་རྩ་བའི་སྒུལ་ཤུགས་ཡིན།ཐོག་མའི་བསམ་འདུན་མི་བརྗེད་པར་འགན་ཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བར།ཐོག་མའི་བསམ་འདུན་སྲུང་བ་དང་།འགན་འཁྲི་འཁུར་བ།ཧེ་བག་འཚོལ་བ།དོན་འཁྱོལ་བྱ་རྒྱུ་བཅས་ཀྱི་སྤྱིའི་བླང་བྱ་དམ་པོར་ཁོང་དུ་ཆུད་པར་བྱེད་དགོས་པ་དང་།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་དང་། བློ་དཀར་སེམས་དཀར་དང་གཙང་དག་འགན་འཁུར་བཅས་ཀྱི་ཆབ་སྲིད་ཀུན་སྤྱོད་སྦྱོང་བརྡར་བྱེད་པ།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་རླབས་ཆེའི་ཕུག་འདུན་མངོན་འགྱུར་ཡོང་བ་བྱེད་པའི་ཐུན་མོང་ཐོག་འབད་འཐབ་བྱེད་པའི་གཞི་རྩའི་འགན་དཀྲི་ཁོང་དུ་ཆུད་པ་བྱེད་པ།རིགས་པའི་གཞུང་ལུགས་སློབ་སྦྱོང་ཐད་གྲུབ་འབྲས་ཡོད་པ་དང་། བསམ་བློ་ཆབ་སྲིད་ཐད་སྦྱོང་བརྡར་ཐེབས་པ།ལས་སྒྲུབ་ལས་སྐྲུན་ཐད་འགན་འཁྲི་འཁུར་ཕོད་པ།མི་དམངས་ལ་ཞབས་འདེགས་ཞུ་རྒྱུའི་ཐད་དཀའ་གནད་སེལ་ཐུབ་པ།སྤྱོད་གཙང་ཐད་མིག་དཔེ་འདོན་ཐུབ་པ་བཅས་ཀྱི་ཞིབ་ཕྲའི་དམིགས་འབེན་འབད་བརྩོན་ཆེན་པོས་འགྲུབ་པ་བྱས་ནས།ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོར་སྔོན་དཔག་གི་ཕན་འབྲས་ཐོན་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
      རྩོམ་ཡིག་ནང་།བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱེད་དགོས།ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོ་ནི།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲོད་པའི་དགོས་གཏུག་ཆེན་པོ་དང་།དུས་རབས་གསར་པའི་ཏང་གི་འཛུགས་སྐྱོང་ལ་སྐུལ་འདེད་ གཏོང་བའི་དགོས་གཏུག་ཆེན་པོ།ཏང་དང་མི་དམངས་མང་ཚོགས་ཀྱི་ཤ་ཁྲག་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་དགོས་གཏུག་ཆེན་པོ།ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བ་བྱེད་པའི་དགོས་གཏུག་ཆེན་པོ་བཅས་ཡིན།ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་ལོ་ཡིན།གལ་ཆེ་བའི་དུས་ཚོད་འདི་འདྲ་ཞིག་ལ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བར་དམིགས་བསལ་དོན་སྙིང་ལྡན་པ་ནི་ང་ཚོ་ལམ་ཐག་རིང་པོ་གང་ཞིག་ཏུ་སླེབས་ཀྱང་ཐོག་མར་ཡོང་སའི་ལམ་བུ་བརྗེད་མི་རུང་བ་དེ་ཡིན་ཞེས་བསྟན་ཡོད།
རྩོམ་ཡིག་ནང་།བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་འབེན་བླང་བྱ་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བྱེད་དགོས།བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་ནི།དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་ལས་འགན་དང་།ཏང་ནང་ཁུལ་དུ་གནས་པའི་མངོན་གསལ་ཆེ་བའི་གནད་དོན་ལ་གཞིགས་པ་དང་།ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་བཏོན་པ་ཞིག་ཡིན།དེ་ཡང་ཕན་ཚུན་འབྲེལ་བ་ཡོད་པའི་སྤྱི་ཡོངས་ཤིག་ཡིན་པས། ཁྱོན་ཡོངས་ནས་དམ་འཛིན་བྱེད་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་རྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། བརྗོད་དོན་གཙོ་བོའི་དམིགས་འབེན་ལས་འགན་གྱི་ཐོག་ནས་ཏང་གིས་དུས་ རབས་གསར་པའི་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་། ཆབ་སྲིད། སྤྱོད་ཚུལ།ནུས་པ།སྤྱོད་གཙང་བཅས་ཀྱི་བཏོན་པའི་གཞི་རྩའི་བླང་བྱ་མངོན་ཡོད་ཅེས་བསྟན་ཡོད།
      རྩོམ་ཡིག་ནང་།བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས།ས་ཁུག་ཁག་དང་སྡེ་ཁག་ཁགསྡེ་ཚན་ཁག་བཅས་ཀྱི་ཏང་ཨུད་དང་ཏང་ཙུའུ་ནས་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་དང་།འགན་འཁྲིའི་བསམ་པ་དང་དུས་གཏུགས་བསམ་པ་ཆེ་རུ་གཏོང་བ།སྒྲིག་འཛུགས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ།སྐུལ་འདེད་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས།བརྗོད་དོན་གཙོ་བོའི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་དགོས། དྲིལ་བསྒྲགས་གླེང་ཕྱོགས་ཀྱིས་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱེད་དགོས། ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས།དོན་དག་གཅིག་ལ་སྣང་ཚུལ་གཉིས་ཐོན་རྒྱུར་སྔོན་འགོག་ བྱེད་དགོས།ཕྱི་ཚུལ་རིང་ལུགས་དང་།དཔོན་ཉམས་རིང་ལུགས་སྤོང་དགོས་ཤིང་།ཕན་འབྲས་དངོས་དང་།ངོ་བོའི་གནད་དོན་ཐག་གཅོད་བྱེད་རྒྱུར་དོ་སྣང་བྱེད་དགོས་ཞེས་བསྟན་ཡོད་པ་རེད།  


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

qq网球比分直播