今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

༄༅།།ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་མི་འབོར་ཁྲི་9000ལས་བརྒལ་བ།

       མི་དམངས་དྲ་བའི་འཕྲིན།ཟླ་6ཚེས་30ཉིན།ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ཏང་ནང་གི་བསྡོམས་བརྩིས་གྲངས་འབོར་གསར་ཤོས་ལས་མངོན་གསལ། 2018ལོའི་ལོ་མཇུག་བར་དུ།ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་མི་འབོར་ནི་ཁྲི་9059.4ཡིན་ཞིང་།ལོ་གོང་མ་དང་བསྡུར་ན་མི་ཁྲི་103གྱིས་ཇེ་མང་ལ་སོང་ཡོད་པ་དང་། འཕར་ཚད་ནི་1.2%རེད།ཏང་གི་གཞི་རིམ་རྩ་འཛུགས་ཁྲི་461 ཡོད་ཅིང་།ལོ་གོང་མ་དང་བསྡུར་ན་ཁྲི་3.9འཕར་ཡོད་ཅིང་།འཕར་ཚད་ནི་0.8%ཡིན།ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70རིང་།ཀྲུང་གོའི་གུང་ཁྲན་ཏང་གི་ཡིད་དབང་འགུགས་ཤུགས་དང་།གོང་བུར་འགྲིལ་ཤུགས།འཐབ་འཛིང་བྱེད་ཤུགས་བཅས་མུ་མཐུད་ཇེ་ཆེར་སོང་ནས།ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་དང་གསོན་ཤུགས་རབ་ཏུ་རྒྱས་ཡོད།
      ཏང་ཡོན་གྱི་གྲངས་འབོར་མུ་མཐུད་བརྟན་ཐོག་ཡར་འཕེལ་འགྲོ་བཞིན་ཡོད།ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་གྱི་མི་འབོར་ཁྲི་9000ལས་བརྒལ་ ཡོད་ཅིང་།དེ་ནི་1949ལོར་ཀྲུང་གོ་གསར་པ་དབུ་བརྙེས་པའི་དུས་ཀྱི་མི་ཁྲི་ 448.8ཀྱི་ལྡབ་19ཙམ་ཡིན།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན།རྒྱལ་ཡོངས་སུ་ལོ་རེར་མི་ཁྲི་390ཙམ་གྱིས་ཏང་རྩ་འཛུགས་ལ་ཏང་ནང་ཞུགས་པའི་རེ་ཞུ་འབུལ་བཞིན་ཡོད།ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གསལ་རང་བཞིན་རྒྱུན་འཁྱོངས་ལ་དམིགས་ནས།ཏང་ཡོན་དཔུང་ཁག་གི་“འཇུག་སྒོ”ལ་དོ་དམ་ནན་མོ་དང་།ཏང་ཡོན་གྱི་སྤུས་ཚད་འཕེལ་རྒྱས་ཇེ་མཐོར་གཏོང་བར་མཐོང་ཆེན།ཏང་ཡོན་གྱི་བསྡོམས་འབོར་སྙོམ་སྒྲིག་བྱེད་པར་ཤུགས་སྣོན།ཏང་ཡོན་གྱི་གྲངས་འབོར་འཕར་ཚད་བརྟན་བརླིང་གི་རྣམ་པ་རྒྱུན་འཁྱོངས་བཅས་བྱེད་དགོས། ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར་དྲ་བ་ནས།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

qq网球比分直播