今天是:

རེས་མོའི་གསར་འགྱུར།

ཉིན་རེའི་གསར་འགྱུར་གལ་ཆེན།

མདུན་ཤོག > རེས་མོའི་གསར་འགྱུར། > ཉིན་རེའི་གསར་འགྱུར་གལ་ཆེན།

ཀན་ལྷོ་ཁུལ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད། ----ཁུལ་ཡོངས་ཀྱི་ཏང་ཡོན་རྣམས་ལ་སྤྲིངས་བའི་འཕྲིན།

   ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་རྣམ་པ།
   ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལྟར།2018ལོའི་ཟླ1ནས་བཟུང་རྒྱལ་ཡོངས་ཀྱི་མངའ་ཁོངས་སུ་ལོ་གསུམ་ལ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་རྒྱུ་ཡིན།འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གཙོ་བྱས་པའི་ཏང་ཀྲུང་དབྱང་གི་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན།ཏང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནི་གུང་ཁྲན་ཏང་ཡོན་ཞིག་གིས་ངེས་པར་དུ་ལག་བསྟར་བྱེད་དགོས་བའི་འོས་འགན་ཡིན།ཁུལ་ཡོངས་ཀྱི་གཞི་རིམ་གྱི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ནག་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་ཞུགས་པའི་རང་འགུལ་རང་བཞིན་ནམ་ཧུར་བརྩོན་རང་བཞིན་ཇེ་དྲག་ཏུ་གཏོང་ཆེད། གདོང་ལེན་དཔེ་བཟང་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།འདིར་ཁུལ་ཨུའི་རྩ་འཛུགས་ཁག་གིས་གྲོས་གཞི་བཏོན་པ་གཤམ་གསལ་ལྟར།
   གཅིག  ཆབ་སྲིད་ཀྱི་གོ་གནས་མཐོར་འདེགས་བྱས་ཏེ།ཆབ་སྲིད་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་དགོས།
   ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་ཆབ་སྲིད་ཀྱི་དོན་སྙིང་དང་དངོས་ཡོད་ཀྱི་དོན་སྙིང་།ལོ་རྒྱུས་ཀྱི་དོན་སྙིང་ངོས་ཟིན་གང་ལེགས་བྱེད་པ་དང་།འདུ་ཤེས་བཞི་ལ་ཤུགས་སྣོན།སྲུང་སྐྱོབ་གཉིས་བརྟན་པོར་བཟུང་སྟེ།རང་རྟོགས་ཀྱིས་བསམ་བློ་དང་ལག་ལེན་གཉིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ ཏང་ཨུ།ཁུལ་ཨུ།རྫོང་ཨུ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་གི་སྟེང་དུ་གཅིག་གྱུར་བྱེད་དགོས་ལ།སྔར་ལས་ལྷག་པའི་སྒོ་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གལ་ཆེའི་དོན་སྙིང་དང་གཞི་རྩའི་བླང་བྱ་དེ་བསམ་སྦྱོར་གཉིས་མཐུན་གྱི་སྒོ་ནས་མི་ཚང་མའི་རྒྱབ་སྐྱོར་ཟབ་ཞུགས་ཀྱིས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས།འགུལ་ སྤྱོད་ཀྱི་རང་རྟོགས་བཅས་འགྱུར་མེད་བརྟན་པོའི་སྒོ་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་བྱ་བ་མཐའ་འཁྱོལ་བར་བྱེད་དགོས།
   གཉིས།  དཔེ་སྟོན་སྣེ་ཁྲིད་རྒྱུན་འཁྱོངས་དང་མིག་དཔེའི་ནུས་པ་འདོན་སྤེལ་བྱ་དགོས།
   ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་དང་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།འགོ་ཁྲིད་ནས་སྒྲིག་བརྩི་ཁྲིམས་སྲུང་དང་།སྣེ་ཁྲིད་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཁྲོད་ཞུགས་དགོས།མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་འགན་སྲུང་བྱེད་པ་མགོ་རྩོམ་ས་དང་གཞི་འཛུགས་ས་བྱས་ཏེ། ནག་ཚོགས་སྤྱོད་ངན་སྟོབས་ཤུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱིས་རང་ཉིད་དང་ཉེ་འབྲེལ་ལ་དོ་དམ་བཟང་བོ་བྱ་དགོས་ལ།ནག་ཚོགས་སྤྱོད་ངན་གྱི་རྩ་འཛུགས་ནང་གཏན་ནས་མི་ཞུགས་པ་དང་།ནག་ཚོགས་སྤྱོད་ངན་ཁྲིམས་འགལ་གྱི་ཉེས་པ་གསོག་པར་གཏན་འགོགནག་ཚོགས་སྤྱོད་ངན་སྟོབས་ཤུགས་གཡོ་འགེབས་དང་རྒྱ་ཡན་དུ་གཏན་ནས་མི་གཏོང་བ།ནག་ཚོགས་སྤྱོད་ངན་སྟོབས་ཤུགས་ལ་ལྐོག་འབྲེལ་དྲ་རྒྱ་མི་བཟོ་བ་དང་ནག་ཚོགས་སྤྱོད་ངན་སྟོབས་ཤུགས་ལ་གཡོ་འགེབས་མི་བྱེད་པ་བཅས་ཀྱིས་རང་འགུལ་ངང་ཞུ་གཏུག་ཐེར་འདོན་དང་ཁུངས་སྣེ་འདོན་སྤྲོད་ཀྱིས་དུས་སྐབས་གསར་བའི་གུང་ཁྲན་ཏང་ཡོན་གྱི་འགན་འཁུར་ཕོད་པའི་སྔོན་ཐོན་གྱི་སྣང་བརྙན་དེ་མངོན་དགོས།                               
   གསུམ།  སློབ་གསོའི་དྲིལ་སྒྲོག་ལ་ཤུགས་བསྣན་ཏེ།མང་ཚོགས་སྐུལ་སློང་རྒྱ་ཁྱབ་ཏུ་སྤེལ་དགོས།
   1.ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གྱི་གལ་ཆེའི་དགོངས་དོན་དང་གཞི་རྩའི་རེ་འདུན་དྲིལ་སྒྲོག་ཤུགས་ཆེན་བྱེད་པ་དང་།སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་བའི་རིན་ཐང་གི་ལྟ་བ་དྲིལ་སྒྲོག་བྱས་ཏེ།རྒྱ་ཆེའི་དམངས་ཚོགས་ལ་སྣེ་ཁྲིད་དེ་དོགས་པ་སེལ་བ་དང་ཧུར་ཐག་གིས་དེར་ཟབ་ཞུགས་དང་མཐུན་སྦྱོར་བྱེད་པ།ནག་ཚོགས་སྤྱོད་ངན་གྱི་དར་ཆ་ཐོན་པོར་  བསྒྲེངས་པའི་ས་གནས་དང་འཆལ་རྒྱན་དུག་གསུམ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོས།ཧུར་ཐག་གིས་ནག་ཚོགས་སྤྱོད་ངན་དང་འབྲེལ་བའི་གནད་དོན་གྱི་ཁུངས་སྣེ་ཞུ་གཏུག་བྱས་ནས་ཚང་མས་ཤེས་པ་དང་ཚང་མ་ཞུགས་པའི་འཐབ་རྩོད་ཀྱི་རྣམ་པ་གྲུབ་དགོས་ལ།སྟོབས་ཤུགས་གཅིག་ སྒྲིལ་གྱིས་ནག་འཇོམས་ངན་སེལ་བྱེད་པའི་མི་དམངས་ཀྱི་འཐབ་འཁྲུག་ལ་རྒྱལ་ཁ་ལེན་དགོས།
   2.ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཤུགས་ཆེན་པོས་མང་ཚོགས་ལ་སྐུལ་སློང་བྱས་ཏེ་ཁོར་ཡུག་ལེགས་པོ་བསྐྲུན་དགོས།ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གྱི་གལ་ཆེའི་དགོངས་དོན་དང་གཞི་རྩའི་རེ་འདུན་དྲིལ་སྒྲོག་ཤུགས་ཆེན་བྱེད་པ་དང་།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ནག་འཇོམས་ངན་སེལ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་དྲིལ་སྒྲོགཁྲིམས་ལུགས་ཁྲིམས་སྲོལ་དྲིལ་སྒྲོག་ཤུགས་ཆེན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་གི་ལྟ་བ་དར་སྤེལ་བྱས་ནས་ཁྱིམ་ཚང་རེ་རེ་དང་མི་རེ་རེས་ཤེས་ཐུབ་པར་བྱ་དགོས།ནག་ཚོགས་སྤྱོད་ངན་གྱི་དར་ཆ་བསྒྲེངས་ཡུལ་དང་འཆལ་རྒྱན་དུག་གསུམ་སོགས་ཁྲིམས་འགལ་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ།བཤད་ཕོད་པ་དང་སྒྲུབ་ཕོད་པའི་མང་ཚོགས་ཀྱི་སྲོག་ཤིང་དང་ནག་འཇོམས་ངན་སེལ་གྱི་སྲོག་ཤིང་ངོ་མ་རུ་འགྱུར་དགོས།དེ་མཚུངས་སུ་གནད་དོན་ཡོད་ན་རང་གཅུན་དང་ཕན་ཚུན་ལ་གཅུན་པར་བྱས་ཏེ་དུས་ཐོག་ཏུ་རྩ་འཛུགས་ལ་ཡར་ཞུ་བྱ་དགོས།
   བཞི།  ཞུ་གཏུག་བྱེད་ཐབས།
   1. ཞུ་གཏུག་ཁ་པར།
   ཁུལ་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་།   0941-8219736
   ཁུལ་སྤྱི་བདེ་ཅུས།      0941-5920167
   2.ཞུ་གཏུག་ཡིག་ཟམ།     [email protected]  
   3.ཞུ་གཏུག་འཕྲིན་ཡིག་སྐུར་ཡུལ།
   ཀན་ལྷོ་ཁུལ་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྲིད་འཛིན་ལྟ་ཁྲིད་ཁའོ། 
   སྦྲགས་སྲིད་ཀྱི་ཨང་གྲངས།    747000
   ཀན་ལྷོ་ཁུལ་སྤྱི་བདེ་ཅུས་ནག་འཇོམས་ངན་སེལ་གཞུང་ལས་ཁང་།                             
   སྦྲགས་སྲིད་ཀྱི་ཨང་གྲངས།    747000 
   ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དེ་སྤྱི་ཚོགས་ཁྱོན་ཡོངས་གཏན་འཇགས་དང་རྒྱལ་ཁབ་ཡུན་རིང་བདེ་འཇགས་ལ་འབྲེལ་བ་ཡོད་པ་མ་ཟད།མི་དམངས་ཀྱི་བློ་ཁ་ཕྱོགས་པ་དང་གཞི་རིམ་གྱི་སྲིད་་དབང་སྲ་བརྟན་གཏོང་བ་ལ་འབྲེལ་བ་ཡོད་ལ།རླབས་ཆེན་གྱི་འཐབ་རྩོད་སྤེལ་བ་དང་རླབས་ཆེན་གྱི་བཟོ་སྐྲུན་འཛུགས་སྐྲུན།རླབས་ཆེན་གྱི་ལས་དོན་སྐུལ་འདེད།རླབས་ཆེན་གྱི་ཕུགས་བསམ་མངོན་འགྱུར་བྱེད་པ་བཅས་ལ་འབྲེལ་བ་ཡོད།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བརྟན་བརླིང་གི་འགོ་ཁྲིད་འོག་ཏུ་རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ་དང་།ལས་གནས་ལ་གཞི་ཚུགས་ཐུབ་པ།རང་འགུལ་གྱིས་ལས་ཀ་སྒྲུབ་པ།འགན་ཁུར་ཕོད་པ་མ་ཟད།ནག་ འཇོམས་ངན་སེལ་འཐབ་རྩོད་ཀྱི་བྱ་འགུལ་དངོས་ལ་ཞུགས་ནས་མཛེས་སྡུག་ལྡན་པའི་ཀན་ལྷོ་འཛུགས་སྐྲུན་བྱེད་པར་བྱས་རྗེས་བླ་མེད་འཇོག་དགོས།
                         ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ།
                                  2019ལོའི་ཟླ4པར།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

qq网球比分直播