今天是:

རང་ངོས་ཏང་འཛུགས།

རང་ངོས་ཏང་འཛུགས།

མདུན་ཤོག > རང་ངོས་ཏང་འཛུགས། > རང་ངོས་ཏང་འཛུགས།

ཀྲུང་གུང་ཀྲུང་དབྱང་གིས།《ཏང་སྲིད་འགོ་ཁྲིད་ལས་བྱེད་པ་འདེམས་སྤྱོད་ལས་དོན་གྱི་སྲོལ་ཡིག》བཀྲམ་པ།

        ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཏང་སྲིད་འགོ་ཁྲིད་ལས་བྱེད་པ་འདེམས་སྤྱོད་ལས་དོན་གྱི་སྲོལ་ཡིག》བཀྲམ་པ(གཤམ་དུ《ལས་བྱེད་པ་འདེམས་སྤྱོད་སྲོལ་ཡིག》ཅེས་བསྡུ་རྒྱུ)དང་སྦྲགས་བརྡ་ཐོ་བཏང་ནས་ས་གནས་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་དེར་གཞིགས་ནས་ ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
        བརྡ་ཐོའི་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་སྐབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་ཁ་གསལ་བཏོན་ནས་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་འགག་སྒོ་སྲུང་བའི་ནུས་པར་སྔར་བས་ཤུགས་སྣོན་བརྒྱབ་པ་དང་མི་འདེམས་སྤྱོད་ཀྱི་ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མི་འདེམས་སྤྱོད་ཀྱི་ཆབ་སྲིད་ཀྱི་འགག་སྒོ་དང་།  སྤྱོད་ལམ་གྱི་འགག་སྒོ  འཇོན་ཐང་གི་འགག་སྒོསྤྱོད་ཚུལ་གྱི་འགག་སྒོ  སྤྱོད་གཙང་གི་འགག་སྒོ་བཅས་ནན་པོ་སྲུང་བ་དང་མི་འདེམས་སྤྱོད་ཀྱི་སྤྱོད་ཚུལ་མཐའ་གཅིག་ཏུ་ཡོ་བསྲང་བྱས་ཏེ་མི་འདེམས་སྤྱོད་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་རྒྱུ་དང་འགྱུར་ ལྡོག་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ།ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་དེ་བས་ལེགས་པའི་སྒོ་ནས་མཐའ་འཁྱོངས་དང་དོན་འཁྱོལ་བྱ་ཆེད་ཏང་ཀྲུང་དབྱང་གིས《ལས་བྱེད་པ་འདེམས་སྤྱོད་སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་ཡོད་ཅེས་བསྟན་ཡོད།
བརྡ་ཐོའི་ནང《ལས་བྱེད་པ་འདེམས་སྤྱོད་སྲོལ་ཡིག》ནི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གལ་ཆེན་ཞིག་དང་ལས་བྱེད་པ་འདེམས་སྤྱོད་ལས་དོན་གྱི་རྩ་བའི་གཞི་འཛིན་ས་ཞིག་རེད།2014ལོར་བཟོ་བཅོས་བརྒྱབ་ནས་ཁྱབ་བསྒྲགས་བྱས་པའི《ལས་བྱེད་པ་འདེམས་སྤྱོད་སྲོལ་ཡིག》གིས་ཧ་ཅང་གལ་འགངས་ཆེ་བའི་ནུས་པ་འདོན་སྤེལ་བྱས་ཡོད། ད་ཐེངས་བཟོ་བཅོས་བརྒྱབ་པའི《ལས་བྱེད་པ་འདེམས་སྤྱོད་སྲོལ་ཡིག》གིས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ་དང་། ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས། གནད་སྨིན་དང་ཚན་རིག་དང་མཐུན་པའི་སྒོ་ནས་མི་འདེམས་མི་སྤྱོད་བྱ་རྒྱུ་མཐའ་འཁྱོངས།བླང་བྱ་ནན་པོ་འགོ་དང་མཇུག་བར་ཁྱབ་རྒྱུ་མཐའ་འཁྱོངས།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རང་རེའི་ཏང་གི་མི་འདེམས་མི་སྤྱོད་ལས་དོན་ཁྲོད་འཚོལ་ཞིབ་བྱས་ནས་གྲུབ་པའི་ལག་ལེན་གྱི་གྲུབ་འབྲས་བསྡུ་ལེན།ཉེ་བའི་ལོ་ཤས་རིང་བཏོན་པའི་འབྲེལ་ཡོད་ཀྱི་སྲིད་ཇུས་གསར་པ་དང་ཁྲིམས་སྲོལ་གསར་པ་དང་འབྲེལ་མཐུད།ལས་བྱེད་པའི་ལས་དོན་ཁྲོད་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཁ་ཤས་ལ་ལན་རྒྱག་པ།ལས་བྱེད་པའི་འདེམས་སྤྱོད་ལས་དོན་ལམ་ལུགས་ཅན་དང་ཚད་ལྡན་ཅན། ཚན་རིག་ཅན་ལ་སྔར་བས་སྐུལ་འདེད་གཏོང་བ། མི་འདེམས་མི་སྤྱོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ལྷག་བསམ་རྣམ་དག་དང་།དྭངས་གཙང་།འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་བདེ་བླག་ངང་འཕེལ་རྒྱས་འགྲོ་རྒྱུར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱ་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་བྱས་ཡོད།
         བརྡ་ཐོའི་ནང་རིམ་ཁག་ཏང་ཨུད(ཏང་རྩ་འཛུགས)ཀྱིས་སློབ་སྦྱོང་དང་དྲིལ་བསྒྲགས་ནན་ཏན་དང《ལས་བྱེད་པ་འདེམས་སྤྱོད་སྲོལ་ཡིག》ལག་བསྟར་ནན་ཏན་བྱས་ཏེ་རྩ་དོན་གཞིར་བཟུང་ལས་དོན་ནན་པོ་སྒྲུབ་པ་དང་། ལམ་ལུགས་གཞིར་བཟུང་ལས་དོན་སྒྲུབ་པ།གོ་རིམ་གཞིར་བཟུང་ལས་དོན་སྒྲུབ་པ་བཅས་བྱས་ནས་མི་འདེམས་མི་སྤྱོད་ཀྱི་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་།ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་དོན་འཁྱོལ་དང་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་འགག་སྒོ་སྲུང་བའི་ནུས་པར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། མི་འདེམས་མི་སྤྱོད་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་འགན་ལེན་བྱེད་དགོས་པ།ཆབ་སྲིད་ཀྱི་ཚད་གཞི་མངོན་པ་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཕྱོགས་ཡོངས་ནས་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་ལག་བསྟར་བྱེད་མཁན་བཅས་ཀྱི་ལས་བྱེད་པ་གོ་གནས་སྤར་ནས་བཀོལ་སྤྱོད་བྱེད་དགོས་པ།བྱ་གཞག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས་མི་སྤྱོད་ཀྱི་མིག་རྒྱང་རིང་དུ་གཏོང་བ་དང་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་རྒྱུར་སྐུལ་ལྕག་བྱས་ཏེ་འགན་འཁྲི་ཁུར་ཕོད་པ་དང་། ལས་དོན་སྒྲུབ་མཁས་པ། ལས་རྗེས་མངོན་གསལ་དོད་པ་བཅས་ཀྱི་ལས་བྱེད་པ་འདེམས་དགོས་པ།བླང་བྱ་ནན་པོ་དོན་འཁྱོལ་བྱས་ནས་ཞིབ་དཔྱད་ཀྱི་འགག་སྒོ་བསྲུང་རྒྱུར་ཤུགས་སྣོན་རྒྱག་པ་དང་སྒྲིག་ཁྲིམས་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ། མི་འདེམས་སྤྱོད་ཐད་ཀྱི་ཚུལ་མིན་སྤྱོད་ཚུལ་བཅོས་སྒྲིག་བྱེད་དགོས་པ། འབྲེལ་ ཡོད་ཀྱི་ལེ་ལག་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་བྱེད་པའི་བྱང་ཚད་སྐྱེད་སྲིང་དང་།དོན་ཤེས་ཤིང་མི་སྣར་རྒྱུས་མངའ་ཡོད་པ།འདེམས་སྤྱོད་བྱེད་པ།དོ་དམ་ནན་པོ།དྲང་ཕྱོགས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་དམིགས་ནས་མ་ལག་ཆ་ཚང་དང་། ཚན་རིག་ཚད་ལྡན། ཕན་ནུས་གོ་ཆོད། སྟབས་བདེ་སྤྱོད་བདེ་བཅས་ཀྱི་མི་འདེམས་སྤྱོད་ལམ་ལུགས་ལམ་སྲོལ་འགྲུབ་རྒྱུར་སྐུལ་འདེད་གཏོང་དགོས་པ། ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་འགན་འཁྲི་བདའ་འདེད་ནན་པོ་བཏང་ནས《ལས་བྱེད་པ་འདེམས་སྤྱོད་སྲོལ་ཡིག》གི་དབང་གྲགས་རང་བཞིན་དང་ལག་བསྟར་ནུས་པ་སྔར་བས་ཆེ་རུ་གཏོང་དགོས་པ། ས་གནས་ཁག་དང་སྡེ་ཚན་ཁག་གིས《ལས་བྱེད་པ་འདེམས་སྤྱོད་སྲོལ་ཡིག》ལག་བསྟར་བྱེད་པའི་ཁྲོད་ཀྱི་གནས་ཚུལ་གལ་ཆེན་དང་གྲོས་འགོ་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

qq网球比分直播