今天是:

རེས་མོའི་གསར་འགྱུར།

ཞིང་ཆེན་ཏང་ཨུའི་བཀོད་སྒྲིག

མདུན་ཤོག > རེས་མོའི་གསར་འགྱུར། > ཞིང་ཆེན་ཏང་ཨུའི་བཀོད་སྒྲིག

༄༅།།ཞིང་ཆེན་ཏང་ཨུའི“ཁུལ་གཉིས་དང་རྫོང་གཅིག”གི་དབུལ་ཐར་མཁྲེགས་གཏོར་གྱི་ལྟ་སྐུལ་སློབ་སྟོན་ཚན་ཆུང་ གིས་ཀན་ལྷོ་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་ལྟ་སྐུལ་སློབ་སྟོན་བྱེད་པའི་སྐུལ་སློང་ཚོགས་འདུ་བསྡུས་པ།

                ཟླ6པའི་ཚེས4ཉིན་ལ།ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར།ཞིང་ཆེན་ཏང་ཨུའི “ཁུལ་གཉིས་དང་རྫོང་གཅིག”གི་དབུལ་ཐར་མཁྲེགས་གཏོར་གྱི་ལྟ་སྐུལ་སློབ་སྟོན་ཚན་ཆུང་གིས་ཀན་ལྷོ་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་ལྟ་སྐུལ་སློབ་སྟོན་བྱེད་པའི་སྐུལ་སློང་ཚོགས་འདུ་བསྡུས།
           ཞིང་ཆེན་ཏང་ཨུའི་ལྟ་སྐུལ་སློབ་སྟོན་ཚན་ཆུང་གི་ཚན་གཙོ་ལི་ཅན་ཧྭ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་ཞིང་གཏམ་བཤད།
           ཞིང་ཆེན་ཏང་ཨུའི་ལྟ་སྐུལ་སློབ་སྟོན་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིའུ་ཡུས་ཧྲིན་དང་པེ་རྨིན།ལི་ལུང་ཅི་སོགས་གྲོས་ཚོགས་སུ་ཞུགས།
           ཁུལ་གྱི་འགོ་ཁྲིད་པ་ཡུས་ཁྲིན་ཧུའེ་དང་ཀྲའོ་ལིན་ཡུན། ཞུས་ཆང་། དབྱང་ཝུའུ། ཡོན་ཞུན་ཧོ། ལིའང་རྨིན་ཀོང་། དབྱང་ཀྲི་ཚའེ། དབྱང་ཁྲང་ཏེ། རིན་ཆེན་དོན་གྲུབ། ཏུང་ཀྲིན་གོ་སོགས་གྲོས་ཚོགས་སུ་ཞུགས།
           ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་ཀན་ལྷོ་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་སྙན་ཞུ་ཕུལ།
           ལི་ཅན་ཧྭ་ཡིས་ཞིང་ཆེན་ཏང་ཨུའི་ལྟ་སྐུལ་སློབ་སྟོན་ཚན་ཆུང་གིས་བལྟོས་བཅས་ཀྱི་རང་ཚུགས་སྒོས་བྱ་བ་སྤེལ་ནས་ཁུལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་བརྒྱུད་རིམ་ཡོངས་དང་དུས་རིམ་ཡོངས་ལ་ལྟ་སྐུལ་ཞིབ་བཤེར་བྱ་དགོས་ཤིང་།“སེམས་ཁྲལ་བྱ་མི་དགོས་པ་གཉིས་དང་འགན་སྲུང་གསུམ”གྱི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས་སྔར་ལས་ལྷག་པར་གནས་ཚུལ་ལ་རྒྱུས་ལོན་དང་གནད་དོན་བཙལ་དགོས།ཞིབ་འཇུག་ལ་ཤུགས་སྣོན་པ་དང་ཐག་གཅོད་ལ་སྐུལ་འདེད་བཏང་སྟེ།ཁུལ་དང་རྫོང་།ཤང་བཅས་ཀྱི་བློ་མཐུན་དང་མཉམ་དུ་དབུལ་ཐར་མཁྲེགས་གཏོར་གྱི་ཐབས་ཤེས་དང་ལས་འགན་སོ་སོ་དོན་འཁྱོལ་ལེགས་པོ་བྱ་དགོས་ཞེས་ནན་གྱིས་བསྟན།
           ལི་ཅན་ཧྭ་ཡིས་ཁུལ་དང་རྫོང་གིས་ཞིང་ཆེན་ཏང་ཨུའི་ལྟ་སྐུལ་སློབ་སྟོན་ཚན་ཆུང་དང་ལྷན་དུ་མཐུན་སྦྱོར་འབྲེལ་གཏུག་དང་རོགས་ལས་གཞོགས་འདེགས་བྱེད་པར་ཤུགས་སྣོན་པ།རང་འགུལ་གྱིས་རང་བཤེར་རང་བཅོས་བྱེད་པའི་བྱ་བའི་སྒྲིག་ལམ་གཟབ་ནན་བྱས་ནས་ཞིང་ཆེན་ཏང་ཨུའི་ལྟ་སྐུལ་སློབ་སྟོན་ཚན་ཆུང་དང་མཉམ་དུ་ཧུར་ཐག་གིས་དབུལ་ཐར་མཁྲེགས་གཏོར་བྱ་བ་ལེགས་པོར་བསྒྲུབས་ཏེ།ཞིང་ཆེན་ཏང་ཨུ་དང་ཀན་ལྷོ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་བླང་བྱ་བཏོན།
           ཡུས་ཁྲིན་ཧུའེ་ཡིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་གིས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་ཚད་གཞི་མཐོན་པོའི་སྟེང་ནས་རང་འགུལ་ངང་ཞིང་ཆེན་ཏང་ཨུའི་ལྟ་སྐུལ་སློབ་སྟོན་ཚན་ཆུང་གི་བྱ་བ་དང་ལེན་བྱ་དགོས་ལ། ཏན་ཏིག་གིས་བྱ་བ་ལེགས་པོ་བསྒྲུབ་པ་དང་རིམ་པ་སོ་སོའི་ལས་བྱེད་པས་ཞིང་ཆེན་ཏང་ཨུའི་ལྟ་སྐུལ་སློབ་སྟོན་ཚན་ཆུང་གི་དངོས་དོན་གཉེར་བའི་སྤྱོད་ཚུལ་ལ་སློབ་སྦྱོང་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།
          ཞིང་ཆེན་ཏང་ཨུའི་ལྟ་སྐུལ་སློབ་སྟོན་ཚན་ཆུང་གི་ཁོངས་མི་ཡོངས་དང་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་རྫོང་སོ་སོ་དང་གྲོང་ཁྱེར་གྱི་འགན་ཁུར་མི་སྣ་གཙོ་བོ་དག་གྲོས་ཚོགས་སུ་ཞུགས།།  མདོ་ལྷོ་དྲ་བ་ནས་བཤུས །

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

qq网球比分直播 福建快3开奖结果查询今天 吉林新快3遗漏数据 双色球复式139开奖结果 今日股票推荐11.21 二连码什么意思 贵州快3开奖号码 河北十一选五走势图表 快乐双彩开奖走势图 杰克棋牌SJ手机版下载 长沙麻将大胡多少番 新澳门金沙线上娱乐 山西快乐10分中奖规则 重庆是时时彩开奖 股票行情 微信麻将群怎么防封 南粤36选7走势图预测号码