今天是:

རེས་མོའི་གསར་འགྱུར།

ཁུལ་ཨུའི་བླང་བྱ།

མདུན་ཤོག > རེས་མོའི་གསར་འགྱུར། > ཁུལ་ཨུའི་བླང་བྱ།

༄༅།། ཐེན་ཅིནཀན་ལྷོའི་ཞིང་ཕྱུགས་ཐོན་རྫས་ཀྱི་མྱོང་རོལ་ཁང་དེ་ཐེན་ཅིན་གྲོང་ཁྱེར་ཧོ་ཞི་ཆུས་སུ་སྒོ་ཕྱེས་པ།

     ཟླ 4བའི་ཚེས 15ཉིན་ལ། ཐེན་ཅིནཀན་ལྷོའི་ཞིང་ཕྱུགས་ཐོན་རྫས་ཀྱི་མྱོང་རོལ་ཁང་དེ་ཐེན་ཅིན་གྲོང་ཁྱེར་ཧོ་ཞི་ཆུས་སུ་སྒོ་ཕྱེས། 

    ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་ཐེན་ཅིན་གྲོང་ཁྱེར་ཧོ་ཞི་ཆུས་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཆུས་དཔོན་ལི་ཞུའེ་དབྱི་འགོ་ཚུགས་པའི་མཛད་སྒོར་ཞུགས། 

    ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཧྥན་ཝུའུ་ཏེ་ཡིས་དགའ་བསུའི་ཤིས་ཚིག་ཕུལ་བ་མ་ཟད་མྱོང་རོལ་ཁང་བཙུགས་པའི་གནས་ཚུལ་ངོ་སྤྲོད་བྱས།  ཞིང་ཆེན་ཚོང་དོན་ཐིང་གི་སྐོར་གཟིགས་པ་གཞོན་པ་མུའུ་ཧྲེ་ཅུན་དང་ཐེན་ཅིན་གྲོང་ཁྱེར་མི་དམངས་ སྲིད་གཞུང་མཉམ་ལས་སྤེལ་རེས་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ལིས་ཡིས་སོ་སོ་ཤིས་ཚིག་ཕུལ།
    ཐེན་ཅིན་གྲོང་ཁྱེར་ཧོ་ཞི་ཆུས་ཀྱི་ཆུས་དཔོན་གཞོན་པ་ལིའུ་ཧུའེ་ཅེ་དང་ཁུལ་ཨུའི་རྒྱུན་ཨུའམ་ ཁུལ་དཔོན་གཞོན་པ་ཁྲིན་ཅང་ཧྥང་འགོ་ཚུགས་པའི་མཛད་སྒོར་ཞུགས།
    ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ། ཐེན་ཅིན་གྱིས་ཀན་ལྷོར་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་ཡོན་ཞིན་ཧོ་ཡིས་འགོ་ཚུགས་པའི་མཛད་སྒོའི་གཙོ་འགན་ཁུར།
    ཧྥན་ཝུའུ་ཏེ་ཡིས་དགའ་བསུའི་ཤིས་ཚིག་ཕུལ་སྐབས་སུ་མྱོང་རོལ་ཁང་བདེ་བླག་ངང་འགོ་ཚུགས་པ་དེའི་ཀན་ལྷོའི་ཁྱད་ལྡན་ཐོན་རྫས་དང་མི་རིགས་རིག་གནས། ཡུལ་སྐོར་ཐོན་རྫས་སོགས་འགྲེམ་སྟོན་བྱེད་པའི་ཐད་དུ་ནུས་པ་གལ་ཆེན་བཏོན་པ་མ་ཟད། ཤར་ནུབ་ཀྱི་དབུལ་སྐྱོར་མཉམ་ལས་འཐབ་ཇུས་དང་ཁ་གཏད་རོགས་སྐྱོར་བྱ་བར་ཤུགས་སྣོན་པ་དང་། ཀན་ལྷོ་ཁུལ་གྱི་གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་ནུས་པ་གལ་ཆེན་ཐོན་ངེས་ཡིན། མྱོང་རོལ་ཁང་སྒོ་ཕྱེས་རྗེས་ཧུར་ཐག་གིས་འགན་འཁྲིའི་འདུ་ཤེས་དང་སྤུས་ཚད་འདུ་ཤེས། གསར་གཏོད་འདུ་ཤེས། སྤུས་རྟགས་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ་དང་། མགྱོགས་མྱུར་གྱིས་རང་ཁུལ་གྱི་བབ་བཟང་ཐོན་ཁུངས་གསར་སྤེལ་བྱས་ནས། ཁྱད་ལྡན་བབ་བཟང་ཐོན་རྫས་རྒྱལ་ཡོངས་སུ་ཕྱོགས་པར་སྐུལ་འདེད་བྱས་ཏེ་སྔར་ལས་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་སྟེགས་བུ་བསྐྲུན་ནས་ཧུར་ཐག་གིས་ཀན་ལྷོ་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་གཏོད་ངེས་ཞེས་བསྟན།
    མུའུ་ཧྲེ་ཅུན་གྱིས་ཤིས་ཚིག་ཕུལ་སྐབས་སུ་ཐེངས་འདིའི་མྱོང་རོལ་ཁང་འགོ་ཚུགས་པ་དེས་ཀན་ལྷོ་ཁུལ་གྱི་གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་འཐབ་ཇུས་དམིགས་འབེན་ལ་རྨང་གཞི་བརྟན་པོ་ཞིག་བཏིང་བ་དང་། དེས་ཀན་ལྷོ་ཁུལ་གྱི་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་མགྱོགས་ལམ་ཐོག་བསྐྱོད་པར་སྐུལ་འདེད་ནུས་ལྡན་ཐོབ་ངེས། ཕྱོགས་སོ་སོའི་བྱེད་པོས་རང་འགུལ་གྱིས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཚན་རིག་དང་མཐུན་པའི་སྒོས་དོ་དམ་བྱེད་པ་དང་། ནང་གི་བྱང་ཚད་ཇེ་མཐོ་དང་ཕྱིའི་སྣང་བརྙན་བསྐྲུན་པ། ལྗང་མདོག་སྣོད་བཅུད་ལ་བརྟེན་ནས་ཞིང་ཕྱུགས་ཐོན་ལས་དང་ཡུལ་སྐོར་ཐོན་ལས། བོད་ཀྱི་རིག་གནས་ཐོན་ལས་སོགས་ཁྱད་ལྡན་བབ་བཟང་ཐོན་ལས། གློག་རྡུལ་ཚོང་དོན་དང་ཐོན་ལས་འཕེལ་རྒྱས་ཚད་མཐོའི་མཉམ་འདྲེས་དང་འབྲེལ་བ་དམ་ཟབ་བྱས་ཏེ། ཚད་གཞི་མཐོན་པོས་འཆར་འགོད་བྱས་ནས་ཀན་ལྷོ་ཁུལ་གྱི་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
    ཀྲང་ལི་ཡིས་ཐེན་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་མཉམ་ལས་སྤེལ་རེས་གཞུང་སྒྲུབ་ཁང་གི་ཚབ་བྱས་ནས་མྱོང་རོལ་ཁང་ཚུགས་པར་རྟེན་འབྲེལ་ཞུས་པ་མ་ཟད་མྱོང་རོལ་ཁང་འདིས་ཀན་ལྷོའི་ཞིང་ཕྱུགས་ཁྱད་ལྡན་ཐོན་རྫས་ཁྱབ་སྤེལ་དང་ཀན་ལྷོའི་བོད་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཁྱབ་བསྒྲགས་བྱེད་པར་ནུས་པ་འདོན་དགོས་པའི་རེ་བ་བཏོན།
    མཛད་སྒོ་མཇུག་རྫོགས་རྗེས། ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཐེན་ཅིནཀན་ལྷོའི་ཞིང་ཕྱུགས་ཐོན་རྫས་མྱོང་རོལ་ཁང་ལ་ལྟ་སྐོར་བྱས།།   མདོ་ལྷོ་དྲ་བ་ནས་བརྒྱུད་འགོད།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

qq网球比分直播 贪玩 游戏赚钱 365棋牌游戏大厅官网 mg游戏平台官网网址 555彩票手机app 大话西游2新区卖账号赚钱 沈阳麻将手机版免费下载 新快3老快3 淘宝快3秘籍 下载个吉祥棋牌游戏 真人麻将游戏在线玩 新疆25选7走势图 北京快乐8计划手机版 北京赛车pk10稳赚大钱 河北快3走势图一定牛 重庆麻将大不大 甘肃快三开奖结果直播