今天是:

རེས་མོའི་གསར་འགྱུར།

ཁུལ་ཨུའི་བླང་བྱ།

མདུན་ཤོག > རེས་མོའི་གསར་འགྱུར། > ཁུལ་ཨུའི་བླང་བྱ།

ཀན་ལྷོ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་ཚོགས་འདུ་བསྡུས་ཏེ《ཞི་ཅིན་ཕིན་གྱི་ལོ་ངོ་བདུན་རིང་གི་གཞོན་ཤེས་ལོ་ཟླ》ལ་སློབ་སྦྱོང་དང་བགྲོ་གླེང་བྱས་པ།

ཉེ་ཆར། ཀན་ལྷོ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་ཚོགས་འདུ་བསྡུས་ཏེཞི་ཅིན་ཕིན་གྱི་ལོ་ངོ་བདུན་རིང་གི་གཞོན་ཤེས་ལོ་ཟླལ་སློབ་སྦྱོང་དང་བགྲོ་གླེང་བྱས་པ་དང་། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཧྲུའུ་ཅི་ཞི་ཅིན་ཕིན་སྦྱོང་བརྡར་ཁྲོད་འཚར་ལོངས་བྱུང་བའི་བརྒྱུད་རིམ་དང་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ལ་དཔེ་ལྟ་བྱས་ཏེ། ངེས་ཤེས་དང་མྱོང་ཚོར་གླེང་བཞིན། གནད་དོན་འདོན་པ་དང་ཞན་ཆ་འཚོལ་བ་བཅས་བྱས་ནས། བསམ་བློ་དང་སྤྱོད་ཚུལ། ཏང་གཤིས་སྟེང་ལ་ཤུགས་རྒྱག་དགོས་པའི་བླང་བྱ་བཏོན།

ཡུས་ཁྲིན་ཧེ་ཡིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དག་གིསཞི་ཅིན་ཕིན་གྱི་ལོ་ངོ་བདུན་རིང་གི་གཞོན་ཤེས་ལོ་ཟླལ་སློབ་སྦྱོང་དང་དོན་འཁྱོལ་བྱ་དགོས་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་། ཁོས་བསྟན་དོན། ཞི་ཅིན་ཕིན་གྱི་ལོ་ངོ་བདུན་རིང་གི་གཞོན་ཤེས་ལོ་ཟླནི་ལོ་རྒྱུས་དངོས་ཀྱི་ཞིབ་ཕྲ་རེ་རེ་བརྒྱུས་ཏེ་བློ་མཐུན་ཞི་ཅིན་ཕིན་ལགས༡༩༦༩ལོའི་ཟླ་དང་པོ་ནས༡༩༧༥ལོའི་ཟླ༡༠བར། ས་སེར་མཐོ་སྒང་གི་ལོ་ངོ་བདུན་རིང་གི་གཞོན་ནུ་ཤེས་ཡོན་ཅན་གྱི་ལོ་ཟླའི་དཀའ་སྡུག་གི་འཚོ་བ་དང་འཚར་ལོངས་ཀྱི་བརྒྱུད་རིམ་མངོན་པར་མཚོན་ཡོད་པས། ཏང་ཡོན་ལས་བྱེད་པ་དག་གི་ཏང་གཤིས་བཙོ་སྦྱོང་དང་ནུས་པ་མཐོར་འདེགས་གཏོང་བའི་ཐད་ཀྱི་གསོན་ཉམས་ལྡན་པའི་དཔེ་གཞི་ཞིག་ཡིན་ལ། ཁྱོན་ཡོངས་དང་ལོ་རྒྱུས་ཀྱི་ངོས་ཐད་ནས་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་སྲོག་ཞིང་གནང་བའི་གོ་གནས་དང་བསམ་པ་རྣམ་དག་སྒོས་སྲོག་ཤིང་ལ་སྲུང་སྐྱོང་བྱེད་པའི་གུང་ཁྲན་ཏང་མིའི་ལྷག་པའི་སེམས་ཀྱིི་བསླབ་པའང་ཡིན། ཞིང་ཆེན་ཏང་གི་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གིས་ཆེད་དུབརྡ་སྦྱོརབཀྲམ་ནས། ཞི་ཅིན་ཕིན་གྱི་ལོ་ངོ་བདུན་རིང་གི་གཞོན་ཤེས་ལོ་ཟླལ་སློབ་སྦྱོང་བྱེད་པའི་བྱ་བར་མཛུབ་སྟོན་ཞིབ་ཕྲ་གནང་བ་དང་བླང་བྱ་ཡང་གསལ་པོ་བཏོན་ཡོད། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དག་ཧུར་ཐག་གིས་སློབ་སྦྱོང་ལ་ཞུགས་པ་དང་། ནན་ཏན་གྱིས་སློབ་སྦྱོང་ལག་ལེན་དོན་འཁྱོལ་བྱས་ཏེ། ཞི་ཅིན་ཕིན་གྱི་ལོ་ངོ་བདུན་རིང་གི་གཞོན་ཤེས་ལོ་ཟླཡིས་བསམ་བློར་སྣེ་ཁྲིད་དང་རླབས་ཆེན་ལག་ལེན་དུ་དགོལ་བར་ཁག་ཐེག་བྱ་དགོས།

ཡུས་ཁྲིན་ཧེ་ཡིས་ནན་གྱི་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས《ཞི་ཅིན་ཕིན་གྱི་ལོ་ངོ་བདུན་རིང་གི་གཞོན་ཤེས་ལོ་ཟླ》ལ་སློབ་སྦྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཏུ་བརྩིས་ནས། ཚད་མཐོན་པོའི་གདེང་འཇོག་དང་རྩ་འཛུགས་ཞིབ་ཚགས་བྱས་ཏེ། གཏིང་ཟབ་སྒོས་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས༼༧.༢༦༽གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་སྒོས། བསླབ་པ་གཉིས་དང་བྱེད་པ་གཅིག་གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་ནང་དོན་གཙོ་བོ་དང་  གཞུང་ལུགས་ལྟེ་གནས་ཚོ་ཆུང་གི་སློབ་སྦྱོང་ལས་འགན་གཙོ་བོ། ཏང་ཡོན་ལས་བྱེད་པའི་གསོ་སྦྱོང་འཆར་གཞི་བཅས་ཀྱི་ཁྲོད་དུ་གཞག་དགོས་པ་དང་། ཐུན་མོང་སློབ་སྦྱོང་དང་བཞུགས་མོལ་བགྲོ་གླེང་། ཆེད་དོན་ཟུར་ཁྲིད། རང་སྦྱོང་བཅས་བརྒྱུད་ནས། ཆ་ཚང་ཞིང་གཏིང་ཟབ་པའི་སྒོ་ནས་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་འཚར་ལོངས་བརྒྱུད་རིམ་ལ་ནན་ཏན་གྱིས་སློབ་སྦྱོང་བྱེད་དགོས་ལ། འབྱུང་ཁུངས་ནས་སློབ་སྦྱོང་བྱས་ཏེ། སྔར་ལས་མ་ལག་རང་བཞིན་དང་ཁྱོན་ཡོངས་སྒོས་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ཕྲེང་བསྟར་གསུང་བཤད་གལ་ཆེན་གྱི་དགོངས་དོན་གནད་ཆེན་ཁོང་དུ་ཆུད་པ་བྱ་དགོས། ལྟེ་གནས་ཚོ་ཆུང་གི་ཁོངས་མིས་སྣེ་ཁྲིད་དེ་ཞིབ་སྦྱོང་ཟབ་ཀློག་དང་ལག་ལེན་བྱས་ཏེ། སྔར་ལས་གནད་འགག་གྲངས་ཉུང་གིས་སྲོག་ཤིང་ལ་སྲུང་སྐྱོང་དང་རྗེས་འབྲང་བྱེད་པའི་མིག་དཔེ་བྱེད་ནུས་འདོན་སྤེལ་བྱ་དགོས།

ཡུས་ཁྲིན་ཧེ་ཡིས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི《ཞི་ཅིན་ཕིན་གྱི་ལོ་ངོ་བདུན་རིང་གི་གཞོན་ཤེས་ལོ་ཟླ》ཏང་ཡོན་བྱ་འགུལ་ཉིན་མོ་དང་། བསླབ་པ་གཉིས་དང་བྱེད་པ་གཅིག་གི་སློབ་སྦྱོང་སློབ་གསོའི་ནང་དོན་གལ་ཆེན་ཁྲོད་བཞག་ནས། རྒྱ་ཆེ་ཏང་ཡོན་དང་ལྷག་པར་ན་གཞོན་ཏང་ཡོན་གྱི་བསམ་བློའི་རྨང་གཞིའི་སྟེང་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་ཕྲེང་བསྟར་གསུང་བཤད་གལ་ཆེན་གྱི་གོ་དོན་ཟབ་མོ་དང་དགོངས་དོན་དངོས་ཀྱི་ཤེས་རྟོགས་ཇེ་ཟབ་ཏུ་གཏང་དགོས་ལ། ཧྲུའུ་ཅི་ཞི་ཅིན་ཕིན་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ལྡོག་མེད་ཀྱི་ལོ་རྒྱུས་རང་བཞིན་ལ་སྔར་ལས་ངོས་ཟིན་ཟབ་མོ་ལོན་པ་དང་། མུ་མཐུད་དུ་སྲོག་ཤིང་ལ་དད་གུས་དང་སྲོག་ཤིང་ལ་བློ་གཏོད་བྱེད་པའི་རང་རྟོགས་རང་བཞིན་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། དངོས་གནས་ཆབ་སྲིད་ཚད་ལྡན་དང་སྒྲིག་ཁྲིམས་ལག་བསྟར་ཚད་ལྡན། ཀུན་སྤྱོད་ཚད་ལྡན། བྱེད་ནུས་འདོན་སྤེལ་ཚད་ལྡན་ཡིན་པ་བྱ་དགོས་པའི་བླང་བྱ་བཏོན།

ཡུས་ཁྲིན་ཧེ་ཡིས་མུ་མཐུད་དུ། གནད་ཆེའི་རྩ་འཛུགས་དང་རྫོང་། ཞང་། སྡེ་བའི་ལས་བྱེད་པ་དང་། ལྷག་པར་དབུལ་ཕོངས་སྡེ་བའི་ཧྲུའུ་ཅི་དང་པོ་དང་།དབུལ་སྐྱོར་བྱ་བ་རུ་ཁག་གི་རུ་གཙོ། སློབ་ཆེན་སྡེ་དཔོན་བཅས་ཀྱིས་བྱ་བ་དངོས་དང་ཟུང་འབྲེལ་བྱས་ཏེ། 《ཞི་ཅིན་ཕིན་གྱི་ལོ་ངོ་བདུན་རིང་གི་གཞོན་ཤེས་ལོ་ཟླ》ལ་སློབ་སྦྱོང་གཏིང་ཟབ་བྱ་དགོས་པ་དང་། སྤྱི་ཁྱབ་ཧྲུའི་ཅི་བཞིན་དུ། ཞིང་སྡེ་རུ་རྩ་བ་ཟུག་ཅིང་གཞི་རིམ་དུ་ཟབ་འཇུག་བྱེད་པ། མང་ཚོགས་ལ་རྒྱུས་ལོན་ཡོད་པ། དམངས་ལ་ཞབས་འདེགས་ཞུ་བ། བློ་བརྟན་འགྱུར་མེད་དང་སྒེར་སེམས་མེད་པར་ཡོད་ཚད་འབུལ་འདོད་མཁན་ཞིག་བྱ་དགོས་ལ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རྣམ་པ་མི་འདྲ་བའི་ཆེད་དོན་ལག་ལེན་དང་ཉམས་ལེན་བྱ་འགུལ་སྣ་མང་སྤེལ་ཏེ། སློབ་སྦྱོང་སློབ་གསོ་སེམས་གཏིང་ལ་འཇགས་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་སྒྲིལ་ཤུགས་ཆེན་པོ་གྲུབ་པར་བཅུག་སྟེ།ཕུལ་བྱུང་གྲུབ་འབྲས་མཐོན་པོར་བཏེགས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱ་དགོས་ཞེས་བླང་བྱ་བཏོན།

 

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

qq网球比分直播 天津十一选五14期开奖结果 大话西制药职业最赚钱 p3开机号试机号列表记录 快三十大投注技巧 游戏碟租赚钱吗 打麻将技巧 必胜口诀 手机天天棋牌游戏大厅 农村养殖不赚钱的原因 快乐12开奖结果一定牛 福彩欢乐生肖怎么玩 足彩进球彩足彩分析 开视频玩游戏赚钱吗 现在90后干什么赚钱 体彩排列五官网 河北20选5几点开奖结果查询 极速11选5软件