今天是:

སྲིད་ཇུས་ཡིག་ཆ།

ཀན་ལྷོའི་སྲིད་ཇུས།

མདུན་ཤོག > སྲིད་ཇུས་ཡིག་ཆ། > ཀན་ལྷོའི་སྲིད་ཇུས།

ཁུལ་ཐད་གཏོགས་སྡེ་ཁག་གི་གཞུང་ཞབས་པར་ཞིབ་བཤེར་ཐོ་འགོད་བྱ་དགོས་པའི་སྐོར་གྱི་བརྡ་ཡིག

རྫོང་དང་གྲོང་ཁྱེར་སོ་སོའི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་པུའུ་དང་སྒྲིག་ཨུ་གཞུང་ལས་ཁང་། སྲིད་གཞུང་གི་མི་འགན་ཅུས། ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་བཅས་ལ།

གཞུང་ཞབས་པའི་བཅའ་ཁྲིམས་སྔར་ལས་དོན་འཁྱོལ་དངོས་འབེབས་ནན་མོ་བྱེད་པ་དང་། ལས་བྱེད་སྤྱིའི་དོ་དམ་དང་གཞུང་ཞབས་པའི་དོ་དམ་བྱ་བ་ཚད་ལྡན་གཏོང་བ། དུས་བབ་གསར་བའི་ལས་བྱེད་པའི་ཕན་བདེ་གཟིགས་སྐྱོང་སྲིད་ཇུས་ཀྱི་དགོས་མཁོ་་བསྟུན་པ། སྤྱི་ཚོགས་ཀྱི་འགལ་ཟླ་ཇེ་ཉུང་དུ་གཏོང་བ། ཐེངས་རྗེས་མ་གྲོང་ཁྱེར་དང་ཁུལ་གྱིས་ལས་རིམ་མཉམ་བགྲོད་ཀྱི་བྱ་བ་ལག་བསྟར་བྱེད་པའི་གནོན་ཤུགས་ཇེ་ཡང་དུ་གཏོང་བ་བཅས་ཀྱི་ཆེད་དུ འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཡིག་ཆའི་དགོངས་དོན་གཞིར་བཟུང་ནས། ཁུལ་ཐད་གཏོགས་སྡེ་ཁག་གི་གཞུང་ཞབས་པ་ཐོ་འགོད་བྱ་བའི་སྐོར་ལ་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར་ཡིན་ཏེ

གཅིག གཞུང་ཞབས་པའི་བཅའ་ཁྲིམས་ལྟར་ཐོ་འགོད་ཁྱབ་ཁོངས་གཏན་ཁེལ་བྱ་དགོས།

གཅིག༽ཐོ་འགོད་ཀྱི་ཁྱབ་ཁོངས།

༼ཀྲུང་གུང་ཀན་ལྷོ་ཁུལ་ཨུ་དང་ཀན་ལྷོ་ཁུལ་མི་དམངས་སྲིད་གཞུང་གིསཔར་འགྲེམ་བྱས་པའི༼ཀན་ལྷོ་ཁུལ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་བཅའ་ཁྲིམས་བྱེད་ཐབས་ལག་བསྟར༽བྱ་རྒྱུའི་སྐོར་གྱི་བརྡ་ཡིག༽༼ཁུལ་ཨུ་བཀྲམ་པའི་ཡིག་ཆ༢༠༠༦ཨང༣༦གི་དགོངས་དོན་ལྟར། གཤམ་གྱི་ཆ་རྐྱེན་ལས་གཅིག་ཚང་ཞིང་། ཁྲིམས་ལྟར་གཞུང་འགན་སྒྲུབ་བཞིན་པ སྲིད་འཛིན་གྱི་སྒྲིག་ཁོངས་ཡིན་ཞིང་ནོར་སྲིད་ཀྱིས་གྲོན་དངུལ་ཚང་མ་སྟེར་བཞིན་ཡོད་ཕྱིནགཞུང་ཞབས་པར་ཐོ་འགོད་བྱ་ཆོག

.ཞིང་ཆེན་ཡོངས་སུ་སྤྱི་བསྒྲགས་ཀྱིས་རྒྱུགས་བླངས་ནས་བསྡུས་པའི་གཞུང་ཞབས་པ་དང་ཀན་ལྷོ་ཁུལ་ལ་དབང་བཅོལ་གྱིས་རྒྱུགས་བླངས་ནསསྡུས་པའི་གཞུང་ཞབས་པ། .ལེགས་བདམས་སློབ་མ་དང་གཞི་རིམ་སྲིད་ཁྲིམས་ལས་ཁུངས་ཀྱིས་ཆེད་དུ་བསྡུས་པའི་གཞུང་ཞབས་པ། .འདེམ་བསྐོ་བྱས་པའི་འགོ་ཁྲིད་ལས་གནས་ཀྱི་གཞུང་ཞབས་པ། .ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་ཞིབ་མཆན་ཐོ་འགོད་བྱས་པའི་ལས་དོན་སྡེ་ཁག༼ལས་དོན་ཐོབ་ཐང་ཡང་འདུ༽དང་རྒྱལ་གཉེར་ཁེ་ལས་ས་གཞུང་ཞབས་པའི་ལས་ཁུངས་སུ་བསྐོ་འཐེན་བྱས་ཏེ་ཁའོ་རིམ་པ་དང་དེའི་ཡན་གྱི་འགོ་ཁྲིད་ལས་འགན་ཁུར་བའི་གཞུང་ཞབས་པ། .ཡིག་རྒྱུགས་དང་ཁ་རྒྱུགས། ལྟ་ཞིབ་སོགས་ཀྱི་རིམ་པ་བརྒྱུད་ཁུལ་ཡོངས་སུ་སྤྱི་བསྒྲགས་ཀྱིས་འདེམ་བསྐོ་བྱས་པའི་འགོ་ཁྲིད་ལས་གནས་ཀྱི་གཞུང་ཞབས་པ། .དམག་མི་ལས་བྱེད་པར་སྒྱུར་བའི་རིགས།

༢༠༠༣ལོའི་ཟླ༡༢པའི་ཚེས༢༢པའི་གཞུག་ནས་སྒྲིག་་འགལ་ནས་ལས་ཁུངས་སུ་ཞུགས་པ་དང་གཞུང་ཞབས་པའི་བཅའ་ཁྲིམས་དོན་ཚན་བཅུ་གཅིག་པའི་གཏན་འབེབས་་མི་འཚམ་པ། ཉེ་བའི་ལོ་གཉིས་ཀྱི་ལོ་མཇུག་དཔྱད་འཇོག་ཁྲོད་ཚད་ལོན་ནམ་དེའི་མན་གྱི་སྐར་གྲངས་ཡིན་པ། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་སམ་ཁྲིམས་འཛིན་ལས་ཁུངས་ཀྱིས་གྱོད་དོན་རྩ་གཅོད་བྱེད་བཞིན་པ། བསྐོ་བཞག་བྱ་རྩིས་ཀྱི་ལས་གནས་ཐོབ་ཐང་གི་ཆ་རྐྱེན་་མི་འཚམ་པ་སོགས་གོང་གི་གནས་ཚུལ་གཅིག་ཡོད་ན་ཐོ་འགོད་བྱ་མི་ཆོག

གཉིས༽དཔེ་ལྟ་གཞུང་ཞབས་པ་ཐོ་འགོད་ཀྱི་དུས་ཚོད་ནི་ལས་ཁུངས་དེ་ཞིང་ཆེན་གྱིས་དཔེ་ལྟ་ལས་ཁུངས་སུ་ཆོག་མཆན་བཀོད་པའི་དུས་ཚོད་གཞིར་འཛིན་དགོས།

གསུམ༽༢༠༠༩ལོའི་ཟླ༧པའི་ཚེས༦ཉིན༼༼གཞུང་ཞབས་པ་བསྐོ་གཞག་གི་གཏན་འབེབས༼ཚོད་ལྟ༽༽བརྒྱུད་སྤེལ་བྱེད་པའི་སྐོར་གྱི་བརྡ་ཡིག༽༼ཁུལ་རྩ་འཛུགས་ཀྱི་ཡིག་ཆ༢༠༠༩ཨང༨༠བ༽བཀྲམ་རྗེས། རྫོང་དང་གྲོང་ཁྱེརཁུལ་ཐད་གཏོགས་ཀྱི་སྡེ་ཁག་གིས༼གཞུང་ཞབས་པ་བསྐོ་གཞག་གི་གཏན་འབེབས༼ཚོད་ལྟ༽ལྟར་བསྐོ་གཞག་བྱས་པ་མིན་འི་ཁའོ་རིམ་པའི་ལས་བྱེད་པ་ཚང་མ་ཐོ་འགོད་བྱ་མི་ཆོག་ལ ༢༠༠༩ལོའི་ཟླ༧པའི་ཚེས༥སྔོན་་བསྐོ་གཞག་བྱས་པ་ཡིན་ཕྱིན་ཡར་ཞུ་ཐོ་འགོད་བྱ་ཆོག

བཞི༽༢༠༡༦ལོའི་ཟླ༤བའི་ཚེས༣༠ཉིན་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚོད་ལོན་ཡང་ལས་འཁྱུར་ངལ་གསོའི་ཆོག་མཆན་མ་བཀོད་པ་མི་སྣའི་སྒྲིག་ཁུངས་སྟོང་བར་ལུས་ཡོད་ན། ཐོ་འགོད་ཀྱི་ཆ་རྐྱེན་ཚང་ཞིང་དེར་འཚམ་པའི་ལས་གནས་མི་སྣར་གཞུང་ཞབས་པའམ་དཔེ་ལྟ་ཐོ་འགོད་བྱ་ཆོག

གཉིས། གཏན་འབེབས་ལྟར་གཞུང་ཞབས་པའི་ཐོ་འགོད་སྲིད་ཇུས་ཁོང་དུ་ཆུད་དགོས།

གཅིག༽ད་ཡོད་གཞུང་ཞབས་པ་ཐོ་འགོད་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱ་དགོས། རྩ་འཛུགས་དང་མི་འགན་སྡེ་ཁག་གིས་འགོ་ཁྲིད་ཅིང་། སྒྲིག་ཁུངས་དང་འབྲེལ་ཡོད་སྡེ་ཁག་གིས་མཉམ་འབྲེལ་བྱས་ནས། ཐོ་འགོད་ཁྲོད་ཀྱི་ཁྲིམས་འགལ་དང་སྒྲིག་འགལ སྲོལ་འགལ་གྱི་སྤྱོད་སྟངས་གཙང་བཤེར་བྱ་དགོས། ཐོ་འགོད་བྱས་པའི་ལས་གནས་དང་སྐབས་དེ་འགན་ཁུར་བའི་ལས་གནས་གཉིས་མི་མཐུན་པ་དང་། བྱ་བའི་བརྒྱུད་རིམ་མདོར་བསྡུས་བྲིས་པ་དང་སྒེར་གྱི་ལས་ཀའི་བརྒྱུད་རིམ་གཉིས་མི་མཐུན་པ། ཐོ་འགོད་བྱས་པའི་ལས་གནས་དེ་ཐོ་འགོད་ཁྱབ་ཁོངས་སུ་མི་གཏོགས་པ ཐོ་བཀོད་ཀྱི་རེའུ་མིག་ལས་གཞི་འཛིན་སའི་ཡིག་ཆ་མེད་པ། ལས་དོན་སྡེ་ཁག་ཏུ་ལས་འགན་ཁུར་ཡང་སྔོན་གྱི་ལས་ཁུངས་ཀྱི་སྲིད་འཛིན་སྒྲིག་ཁོངས་སམ་དཔེ་ལྟའི་ལས་ཁུངས་ཀྱི་སྒྲིག་ཁོངས་བཟུང་བ། སྲིད་འཛིན་ཟླ་ཕོགས་ཀྱི་འབྲེལ་བ་ཡུན་རིང་བོར་སྤོ་སྒྱུར་མི་བྱེད་པ། ལས་དོན་མི་སྣར་ལས་རིམ་ཟླ་ཕོགས་ལག་བསྟར་བྱ་རྒྱུ་དང་གཞུང་ཞབས་པར་ལས་ཐོབ་ཟླ་ཕོགས་ལག་བསྟར་བྱ་རྒྱུ་སོགས་ཀྱི་གནས་ཚུལ་ཚང་མ་གཙང་བཤེར་བྱ་དགོས། གཙང་བཤེར་བརྒྱུད་རིམ་ཁྲོད་ཐོག་མར་ལས་ཁུངས་སོ་སོས་སྒྲིག་ཁུངས་ཀྱི་གནས་ཚུལ་དང་ལོ་རེར་ཡར་ཞུ་བྱས་པའི་གཞུང་ཞབས་པའི་གྲངས་ཀ་གཞིར་བཟུང་སྟེ། རང་ལས་ཁུངས་ཀྱི་གཞུང་ཞབས་པའམ་དཔེ་ལྟ་དོ་དམ་བྱ་བྱེད་མི་སྣའི་གནས་ཚུལ་རྒྱུས་ལོན་བྱས་ནས། མི་དང་སྒྲིག་ཁུངས་དོ་མཉམ་ཡོང་བ་བྱ་དགོསགོང་གི་གཙང་བཤེར་གྱི་གནས་ཚུལགཅིག་ཡོད་ན། མིང་ཐོ་བཀོད་རྗེས་དོ་དམ་དབང་ཚད་ལྟར་ཁུལ་ཨུའི་རྩ་འཛུགས་པུའུ་འམ་ཡང་ན་ཁུལ་མི་འགན་ཅུས་ལ་ཡར་ཞུ་བྱ་དགོས། ཁུལ་ཨུའི་རྩ་འཛུགས་པུའུ་འམ་ཡང་ན་ཁུལ་མི་འགན་ཅུས་ཀྱིས་ཡར་ཞུ་བྱས་པའི་གནས་ཚུལ་ལྟར་དུས་ཐོག་ཏུ་གཙང་བཤེར་བྱ་དགོས་ལ། དགོས་དབང་ཡོད་ན་ལས་བྱེད་པའི་ཡིག་ཚགས་ལ་ཞིབ་བཤེར་བྱ་དགོས

གཉིས༽ཐོ་འགོད་ཀྱི་སྲིད་ཇུས་རྒྱུས་ལོན་ཡང་དག་བྱ་དགོས། རྩ་འཛུགས་དང་མི་འགན་སྡེ་ཁག་གིས་ཕྱོགས་ཡོངས་ནས་ཐོ་འགོད་སྲིད་ཇུས་རྒྱུས་ལོན་བྱས་ཏེ། དུས་ཐོག་ཏུ་འགལ་བ་སྣ་ཚོགས་འདུམ་འགྲིག་དང་། ཐོ་འགོད་ཀྱི་ཆ་རྐྱེན་ལ་མཐུན་པའི་ལས་བྱེད་མི་སྣ་ཡར་ཞུ་བྱས་ནས་ཐོ་འགོད་བྱ་དགོས་ཤིང་། གཞུང་ཞབས་པ་དཔེ་ལྟའི་ལས་ཁུངས་སུ་བསྐོ་གཞག་བྱས་པའམ་དཔེ་ལྟའི་ལས་ཁུངས་ནས་གཞུང་ཞབས་པའི་ལས་ཁུངས་སུ་བསྐོ་གཞག་བྱས་ཤིང་། ཆ་རྐྱེན་ལ་མཐུན་པ་ཚང་མ་ཡར་ཞུ་བྱས་ནས་ཐོ་འགོད་བྱ་དགོས།

དཔེ་ལྟའི་ལས་ཁུངས་ཀྱི་བྱ་བྱེད་མི་སྣ་ཡིན་ཞིང་ད་ལྟ་སྒྲིག་ཁོངས་ལས་གནས་སུ་ཡོད་ ལས་བྱེད་པའི་ཐོབ་ཐང་ཡོད་པ་མ་ཟད། གཤམ་གྱི་ཆ་རྐྱེན་ལས་གཅིག་ལྡན་ན་ཐོ་འགོད་བྱ་ཆོག

༡༽ཞིང་ཆེན་གྱིས་ལས་ཁུངས་དེ་དཔེ་ལྟའི་ལས་ཁུངས་སུ་ཆོག་མཆན་བཀོད་པའི་ཡར་སྔོན་དུ་ལས་ཞུགས་བྱས་ཡོད་པ།

༢༽གཞུང་ཞབས་པ་རུ་ཐོ་འགོད་བྱས་ཟིན་པ།

༣༽༢༠༠༣ལོའི་ཟླ༡༢པའི་ཚེས༢༢སྔོན་་ལས་ཁུངས་སུ་ཞུགས་ཤིང་དེའི་གཞུག་ནས་དཔེ་ལྟའི་ལས་ཁུངས་སུ་བྱ་བ་ལས་བཞིན་པ

༤༽༢༠༠༩ལོའི་ཟླ༧པའི་ཚེས༥ཡི་ཡར་སྔོན་་ལས་དོནལས་ཁུངས་ནས་དཔེ་ལྟའི་ལས་ཁུངས་སུ་སྤོ་གཞག་བྱས་ཡོད་པ།

༥༽གཞུང་ཞབས་པའི་སྤོ་གཞག་གཏན་འབེབས་་མཐུན་པའི་ལས་བྱེད་པ་དང་དམག་སྒྱུར་ལས་བྱེད་པ

གཞུང་ཞབས་པའི་བཅའ་ཁྲིམས་དོན་ཚན་བཅུ་གཅིག་པའི་གཏན་འབེབས་་མི་འཚམ་པ་དང་། ཉེ་བའི་ལོ་གཉིས་ཀྱི་ལོ་མཇུག་དཔྱད་འཇོག་ཁྲོད་ཚད་ལོན་ནམ་དེའི་མན་གྱི་སྐར་གྲངས་ཡིན་པ། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་སམ་ཁྲིམས་འཛིན་ལས་ཁུངས་ཀྱིས་གྱོད་དོན་རྩ་གཅོད་བྱེད་བཞིན་པ། བསྐོ་བཞག་བྱ་རྩིས་ཀྱི་ལས་གནས་ཐོབ་ཐང་གི་ཆ་རྐྱེན་་མི་འཚམ་པ་སོགས་གོང་གི་གནས་ཚུལ་གཅིག་ཡོད་ན་ཐོ་འགོད་བྱ་མི་ཆོག

གསུམ༽སྒྲིག་ཁོངས་གསལ་པོ་ཡིན་དགོས། ལས་དོན་ལས་ཁུངས་ཀྱི་སྒྲིག་ཁོངས་དང་དཔེ་ལྟའི་ལས་ཁུངས་ཀྱི་སྒྲིགཁུངགཙོ་བདག་སྡེ་ཁག་གི་སྒྲིག་ཁུངས་གསུམ་མཉམབསྡུ་བྱས་ཡོད་གཙོ་བདག་སྡེ་ཁག་གིས་བྱ་བའི་ལས་གནས་ཀྱི་དགོས་མཁོ་ལྟར་དཔེ་ལྟའི་ལས་ཁུངས༼ལས་གནས༽སམ་ལས་དོན་ལས་ཁུངས༼ལས་གནས༽གཉིས་ཀྱིས་བཟུང་བའི་སྒྲིག་ཁུངས་དབྱེ་སྟེ་གསལ་ཁ་འབྱེད་དགོས་པ་མ་ཟད། རྩ་འཛུགས་མི་འགནདང་སྒྲིག་ཁུངས་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཐོ་འགོད་བྱེད་དུ་འཇུག་དགོས། ལས་གནས་གཏན་ཁེལ་བྱས་རྗེས་ཕན་ཚུན་བརྗེ་སྤོར་བྱ་མི་ཆོགཅིང་ དཔེ་ལྟའི་ལས་ཁུངས་སུ་གཞུང་ཞབས་པའི་ཟླ་ཕོགས་ཕན་བདེའི་སྲིད་ཇུས་ལག་བསྟར་བྱ་དགོས་པ་དང་ལས་དོན་ལས་ཁུངས་སུ་ལས་གནས་གཏན་ཁེལ་བྱས་རྗེས་ལས་གནས་ཀྱི་ལས་ཕྱོད་ཟླ་ཕོགས་ལག་བསྟར་བྱ་དགོས།

གསུམ། གོ་རིམ་ལྟར་གཞུང་ཞབས་པའི་ཐོ་འགོད་བྱ་བ་ལེགས་པོར་སྒྲུབ་དགོས།

གཞུང་ཞབས་པའི་ཐོ་འགོད་བྱ་བ་དེ་གཞུང་ཞབས་པ་སོ་སོའི་སྒེར་གྱི་ཁེ་ཕན་ལ་རག་ལས་ཤིང་། དེ་ནི་གཞུང་ཞབས་པར་སྒྱུར་བའི་དགོས་ངེས་ལས་རིམ་ཞིག་ཀྱང་ཡིན། རྩ་འཛུགས་མི་འགན་སྡེ་ཁག་གིས༼ཀན་ལྷོ་ཁུལ་གྱི་གཞུང་ཞབས་པ་ཐོ་འགོད་ལག་བསྟར་སྲོལ་ཞིབ༽ཀྱི་བླང་བྱ་ནན་མོ་ལྟར་གཞུང་ཞབས་པའི་ཐོ་འགོད་ཀྱི་བྱ་བ་སྒྲུབ་དགོས་པ་མ་ཟད། གཤམ་གྱི་གོ་རིམ་ལྟར་རིམ་པར་སྒྲུབ་དགོས་ཏེ།

༡.ལས་ཁུངས༼སྡེ་ཁག༽སོ་སོསགཏན་འབེབས་ལྟར་རང་ལས་ཁུངས་ཀྱི་ཐོ་འགོད་མི་སྣ་གཏན་ཁེལ་བྱས་ཏེལས་ཁུངས་ཀྱི་ཏང་ཨུ༼ཏང་རྩ་འཛུགས༽གྲོས་ཚོགས་ཞིབ་འཇུག་བྱས་རྗེསརང་ལས་ཁུངས་སམ་རང་ཁོངས་གཏོགས་སུ་ཉིན་བདུན་གྱི་རིང་ལ་སྤྱི་སྒྲོག་བྱ་དགོས།

༢.བླང་བྱ་ལྟར༼གཞུང་ཞབས་པའི་ཐོ་འགོད་རེའུ་མིག༽༼གསུམ་དགོས༽དང༼གཞུང་ཞབས་པའི་ཐོ་བཀོད་ཡིག་ཚགས་རེའུ་མིག༽༼སྒྲིག་ཁུངས་སྡེ་ཁག་གིས་སྒྲིག་ཁུངས་ཞིབ་བཤེར་བྱས་རྗེས་ཐམ་ག་རྒྱག་དགོས༽༼གཞུང་ཞབས་པའི་ཐོ་བཀོད་མིང་ཐོ༽སྐངརྗེཡིག་ཆ་ངོ་མའིཚུལ་གྱིས་ཁུལ་ཨུའི་རྩ་འཛུགས་པུའུ་འམ་མི་འགན་ཅུས་ལ་ཞིབ་བཤེར་དང་ཞིབ་མཆན་འགོད་རྒྱུར་ཡར་ཞུ་བྱ་དགོས།༼སྙན་ཞུའི་སྟེང་ངེས་པར་དུ་ལས་ཁུངས་ཀྱི་འགན་ཁུར་བ་གཙོ་བོ་དང་ཡིག་ཚགས་ཞིབ་བཤེར་བྱ་མཁན་གྱི་མིང་རྟགས་འགོད་དགོས༽

༣.ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་མི་འགན་ཅུས་ཀྱིས་ལས་བྱེད་པའི་དོ་དམ་དབང་ཚད་ལྟར་ཞིབ་བཤེར་དང་ཨང་གྲངས་སྒྲིག་པ། ཞིབ་མཆན་འགོད་པ། ཡིག་ཆ་བཀྲམ་དགོས

༤.ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་མི་འགན་ཅུས་ཀྱིས་གཞུང་ཞབས་པའི་ཐོ་བཀོད་ཡིག་ཆ་ལྟར་ཟླ་ཕོགས་བཅོས་སྒྱུར་བྱ་དགོས

༥.ཞིབ་མཆན་ལས་ཁུངས་ཀྱིས་ཞིང་ཨུའི་རྩ་འཛུགས་པུའུ་འམ་ཞིང་ཆེན་མི་འགན་ཐིན་ལ་ཡར་ཞུ་བྱས་ནས་ཐོ་འགོད་བྱེད་དུ་འཇུག་དགོས།

བརྡ་ཡིག་འདི་བཀྲམ་རྗེས། ལས་ཁུངས་ཚང་མས་མཐོང་ཆེན་བྱས་ཏེ་ཆེད་དུ་མི་ཞིག་ལ་བྱ་བ་འདིར་འགན་ཁུར་དུ་འཇུག་དགོས་ལ། ཡིག་ཆའི་བླང་བྱ་ལྟར་གཙང་བཤེར་དང་ཞིབ་བཤེར། ཡར་ཞུ་བྱ་དགོས་པ་མ་ཟད ༢༠༡༦ལོའི་ཟླ༥བའི་ཚེས༣༠སྔོན་་ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་མི་འགན་ཅུས་ལ་ཡར་ཞུ་བྱ་དགོས། རྒྱུན་ལྡན་གྱི་གཞུང་ཞབས་པའི་ཐོ་འགོད་བྱ་བར་ལོ་རེར་ཐེངས་གཉིས་ལ་ཞིབ་མཆན་འགོད་དགོས་ཏེ། ལོ་རེའི་ཟླ༦པ་དང་ཟླ༡༡པ་ཡིནལས་ཁུངས་ཚང་མས་གནས་ཚུལ་ལྟར་དུས་ཐོག་ཏུ་ཡར་ཞུ་བྱ་དགོས། 

ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ། 

ཀན་ལྷོ་ཁུལ་ལས་ཁུངས་སྒྲིག་ཁུངས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་།

ཀན་ལྷོ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས།

༢༠༡༦ལོའི་ཟླ༣པའི་ཚེས༡༦ལ


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

qq网球比分直播 广东36选7开奖记录 广东时时彩历史 四川麻将(单机版) 淘宝快3开奖查询 推广平台如何赚钱吗 河南快3今日开奖结果查询 福彩3d 全民老友内蒙古麻将 山西快乐10分计划 jj麻将 双色球2017119华仔蓝球 60魔兽打怪赚钱 打三人麻将有技巧吗 浙江快乐彩 浙江快乐12胆拖玩法介绍 腾讯分分彩输死多少人