今天是:

ལས་བྱེད་པའི་བྱ་བ།

ལས་བྱེད་པའི་མི་དོན་ལམ་ལུགས་བསྒྱུར་བཅོས།

མདུན་ཤོག > ལས་བྱེད་པའི་བྱ་བ། > ལས་བྱེད་པའི་མི་དོན་ལམ་ལུགས་བསྒྱུར་བཅོས།

རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་གཏན་འབེབས་བྱེད་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི།3

  གནད་ཆེའི་རྒྱུ་རྐྱེན་རིམ་པར་འཁོར་རྒྱུག་དང་། ཐོན་ཁུངས་ཕན་འབྲས་ཆེན་པོར་བགོ་སྒྲིག ཚོང་ར་མཉམ་འདྲེས་ཟབ་མོ་བཅས་ཡོང་བར་བྱ་དགོས། 
  ཕྱི་ཕྱོགས་སུ་སྒོ་འབྱེད་ཁོངས་ཀྱི་བཀོད་པ་འཐུས་སྒོ་ཚང་དུ་བཏང་ནས། སྐམ་སའི་མཚོ་རྒྱུད་མཐའ་ཁུལ་གྱི་འགག་སྒོ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་མཚམས་ལས་བརྒལ་བའི་རྣམ་པ་མང་བའི་མཉམ་འདྲེན་འགྲིམ་འགྲུལ་མཐུད་འབྲེལ་ས་རྒྱུད་ནར་རིང་གསར་འབྱེད་དང་། ཕྱི་ལ་ཁ་ཕྱོགས་པའི་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་བཏང་སྟེ། སོ་སོར་ཕྱོགས་ཆ་ལྡན་པར་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་རྟེན་གཞི་ཆགས་པར་བྱ་དགོས། མཚོ་རྒྱུད་ཁུལ་གྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ལ་ཁྱོན་ཡོངས་ནས་ཞུགས་པར་རྒྱབ་སྐྱོར་བྱས་ཏེ། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་པའི་བཟོ་སྐྲུན་རྟེན་གཞི་དང་དཔལ་འབྱོར་ཁུལ་སྔོན་ཐོན་སྐྱེད་སྲིང་བྱ་དགོས། མཐའ་མཚམས་ཀྱི་དཔལ་འབྱོར་མཉམ་ལས་ཁུལ་དང་། རྒྱལ་མཚམས་ལས་བརྒལ་བའི་དཔལ་འབྱོར་མཉམ་ལས་ཁུལ་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། 
  ཕྱི་ཕྱོགས་ཉོ་ཚོང་བཟང་སྒྱུར་དང་རིམ་སྤོར་མགྱོགས་སུ་བཏང་སྟེ་ཕྱི་ཕྱོགས་ཉོ་ཚོང་གི་རྒྱལ་ཁབ་ཆེན་པོ་ནས་ཉོ་འཚོང་གི་རྒྱལ་ཁབ་སྟོབས་ལྡན་དུ་བགྲོད་དགོས། ཕྱི་ཕྱོགས་ཉོ་ཚོང་གི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་གཏོང་སྟངས་གསར་གཏོད། ཚོང་སྒྱུར་དང་བཙོངས་རྗེས་ཀྱི་ཞབས་ཞུའི་དྲ་བ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྲོལ་རྒྱུན་གྱི་གནས་བབ་ལེགས་པའི་ཐོན་རྫས་ཀྱི་འགྲན་ཤུགས་ཆེ་རུ་གཏོང་བ། ཕྱིར་གཏོང་ཚོང་རའི་ཟིན་གྲངས་བརྟན་པོར་གཏོང་བ། ཕྱི་ཕྱོགས་ཉོ་ཚོང་སྤུས་ལེགས་གོང་ཆེ་དང་། བཟང་འདྲེན་བཟང་གཏོང་དུ་བསྒྱུར་བ། སྒྲིག་ཆས་བཟོ་སྐྲུན་སོགས་ཕྱིར་གཏོང་གི་གཙོ་ཁྲིད་ཐོན་ལས་གསར་པ་རྒྱ་སྐྱེད་གཏོང་བ་བཅས་བྱ་དགོས། ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་གཏོང་དགོས། དགེ་མཚན་ལྡན་པའི་ནང་འདྲེན་གྱི་སྲིད་ཇུས་ལག་ལེན་བསྟར་ནས། གོ་ལ་ཧྲིལ་པོར་ཚོང་རའི་སྒོ་འབྱེད་ཁྱོན་ཆེ་རུ་གཏོང་དགོས། 
  མ་དངུལ་འཇོག་པའི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒོ་འབྱེད་ཁོངས་ཆེ་རུ་གཏོང་བ། ཞུགས་འཐུས་ཀྱི་ཚད་བཀག་ལྷུག་ཏུ་གཏོང་བ་བཅས་བྱས་ཏེ། ཕྱི་རྒྱལ་གྱི་མ་དངུལ་དང་སྔོན་ཐོན་ལག་རྩལ་དགེ་མཚན་དང་ཕན་འབྲས་ཐོན་པར་ནང་འདྲེན་བྱ་དགོས། ཁེ་ལས་ལ་ཕྱི་ཕྱོགས་སུ་མ་དངུལ་འཇོག་རྒྱ་ཆེ་རུ་གཏོང་རོགས་བྱས་ཏེ། སྒྲིག་ཆས་དང་། ལག་རྩལ། ཚད་གཞི། ཞབས་ཞུ་བཅས་ཕྱི་རུ་སྐྱོད་པར་སྐུལ་སྤེལ་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་མུ་འབྲེལ། རིན་ཐང་མུ་འབྲེལ། དངོས་ཟོག་འགྲེམས་སྐྱེལ་མུ་འབྲེལ་བཅས་སུ་ཟབ་འདྲེས་བྱེད་པ་དང་། ཚོང་ཟོག་ཆེ་གྲས་ཁག་ཅིག་རྒྱལ་ཁོངས་ཕྱི་རུ་ཐོན་སྐྱེད་བྱེད་པའི་རྟེན་གཞི་སྐྲུན་པ། རྒྱལ་ཁོངས་ལས་བརྒལ་བའི་ཁེ་ལས་ཁག་ཅིག་སྐྱེད་སྲིང་བཅས་བྱ་དགོས། རྒྱལ་སྤྱིའི་ཐོན་ནུས་དང་སྒྲིག་ཆས་བཟོ་སྐྲུན་མཉམ་ལས་ཀྱི་དངུལ་རྩའི་ཞབས་འདེགས་ཞུ་གནས་སྐྲུན་གང་ཐུབ་བྱ་དགོས། 
  གཉིས། ཕྱི་ཕྱོགས་སུ་སྒོ་འབྱེད་པའི་སྒྲིག་སྲོལ་གསར་པ་ཆགས་པར་བྱ་དགོས། ཁྲིམས་སྐྱོང་ཅན་དང་། རྒྱལ་སྤྱི་ཅན། སྟབས་བདེ་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་འཐུས་སྒོ་ཚང་དུ་གཏོང་བ་དང་། མཉམ་ལས་གཉིས་ཕན་ཙམ་མ་ཟད་རྒྱལ་སྤྱིའི་ཉོ་ཚོང་གི་མ་དངུལ་འཇོག་པའི་འགྲོ་ལུགས་དང་འཚམ་པའི་སྒྲིག་སྲོལ་དང་ལམ་སྲོལ་ཡང་ཆ་ཚང་གཏོང་དགོས། གློག་རྡུལ་ཚོང་དོན་རྒྱལ་མཚམས་ལས་བརྒལ་བར་སྟབས་བདེ་ཡོང་བ་སོགས་ཉོ་ཚོང་རྒྱག་སྟངས་དཔེ་གསར་ཀྱི་ལམ་སྲོལ་འཛུགས་པ་དང་། ཞབས་ཞུའི་ཉོ་ཚོང་ལ་སྐུལ་སྤེལ་ཐེབས་བྱེད་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། སྟོན་ཡུལ་གཅིག་ཅན་དང་འགག་སྒོ་སྒྲོལ་རིམ་གཅིག་ཅན་དུ་བསྒྱུར་རྒྱུ་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས། ཉོ་ཚོང་རང་མོས་ཚོད་ལྟ་ཁུལ་འཛུགས་པའི་སྤུས་ཚད་མཐོ་རུ་བཏང་ནས། ཁྱབ་ཁོངས་སྔར་བས་ཆེན་པོར་ཁྱབ་སྤེལ་དང་འདྲ་བཟོ་བྱ་དགོས། 
  ཞུགས་འཐུས་མ་ཐོབ་སྔོན་རྒྱལ་དམངས་ཐོབ་ཐང་གི་སྟེང་དུ་ལྡོག་ཕྱོགས་ཞིབ་ཐོ་སྣོན་པའི་དོ་དམ་ལམ་ལུགས་ཁྱོན་ཡོངས་ནས་ལག་ལེན་བསྟར་ནས། རྒྱལ་ཕྱི་རྒྱལ་ནང་གི་མ་དངུལ་འཇོག་པའི་ཁེ་ལས་ལ་ཕྱོགས་རིས་མེད་པ་དང་། འགྲན་རྩོད་དྲང་གཞག་ཡོང་བར་བྱེད་དུ་འཇུག་དགོས། རྒྱལ་ཕྱི་ནས་མ་དངུལ་འཇོག་པར་དོ་དམ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱི་ཕྱོགས་སུ་མ་དངུལ་གཏོང་པར་སྐུལ་སྤེལ་གཏོང་བྱེད་ཀྱི་སྲིད་ཇུས་དང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཞབས་ཞུའི་ལས་རིགས་ཕྱི་ཕྱོགས་སུ་སྒོ་འབྱེད་ཁྱོན་རིམ་བཞིན་ཆེ་རུ་གཏོང་བ་དང་། དངུལ་ཁང་དང་། འགན་བཅོལ། དངུལ་འཛིན། རྒན་གསོ་ལ་སོགས་པའི་ཚོང་རར་ཞུགས་འཐུས་ཆེ་རུ་གཏོང་དགོས། 
  དངུལ་རྩའི་ལས་རིགས་ཕྱོགས་གཉིས་སུ་སྒོ་འབྱེད་ཁྱོན་ཆེ་རུ་གཏོང་དགོས། མི་དམངས་ཤོག་སྒོར་གྱི་མ་རྩའི་རྣམ་གྲངས་གོ་རིམ་ལྡན་པར་བརྗེ་ཆོག་པར་འགྱུར་བ་དང་། མི་དམངས་ཤོག་སྒོར་དམིགས་བསལ་ལེན་དབང་དུ་ཚུད་པ་དང་། བརྗེས་ཆོག་པ་དང་། རང་དགར་སྤྱོད་རུང་བའི་དངུལ་ལོར་དུ་འགྱུར་བར་བྱ་དགོས། ཕྱི་རྒྱལ་གྱི་དངུལ་བརྗེས་དོ་དམ་དང་བེད་སྤྱོད་བྱེད་སྟངས་བསྒྱུར་ནས། དྲང་ཕྱོགས་ཀྱི་ཞིབ་ཐོ་ནས་ལྡོག་ཕྱོགས་ཀྱི་ཞིབ་ཐོར་བསྒྱུར་དགོས། རྒྱལ་ཁོངས་ཕྱིའི་མ་དངུལ་འཇོག་པའི་དངུལ་བརྗེས་ཀྱི་མཚམས་ཚད་ལྷུག་ཏུ་གཏོང་བ་དང་། ཁེ་ལས་དང་སྒེར་གྱི་ཕྱི་རྒྱལ་དངུལ་བརྗེས་དོ་དམ་བླང་བྱ་ལྷུག་ཏུ་གཏོང་བ། རྒྱལ་ཁོངས་ལས་བརྒལ་བའི་ཀུང་སིའི་མ་དངུལ་རྒྱལ་ཁོངས་ཕྱི་རུ་སྤྱོད་པའི་མཚམས་ཚད་ལྷུག་ཏུ་གཏོང་བ་བཅས་བྱ་དགོས། རྒྱལ་སྤྱིའི་གཏོང་ཡོང་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་སྤྱིའི་གཏོང་ཡོང་རྩ་བའི་ཆ་ནས་དོ་མཉམ་རྒྱུན་མཐུད་ཡོང་བར་བྱ་དགོས། མ་རྩའི་ཚོང་ར་ཕྱོགས་གཉིས་སུ་སྒོ་འབྱེད་པའི་སྐུལ་སྤེལ་གཏོང་བ་དང་། མངའ་ཁོངས་ཕྱི་ནང་གི་མ་དངུལ་འཇོག་གྲངས་ཀྱི་མཚམས་ཚད་ལེགས་བཅོས་བྱེད་པ་མ་ཟད་རིམ་བཞིན་མེད་པར་བཟོ་དགོས། 
  རྒྱལ་ཁབ་སྔར་ལས་མང་པོ་དང་ཚད་གཞི་མཐོ་བའི་ཕྱོགས་གཉིས་པོའི་མ་དངུལ་འཇོག་པའི་གྲོས་མཐུན་དང་། ཁྲིམས་འཛིན་རམ་འདེགས་ཀྱི་གྲོས་མཐུན་འཇོག་པར་སྐུལ་སྤེལ་བཏང་སྟེ། རྒྱལ་ཁབ་སྔར་ལས་མང་པོ་ཞིག་དང་ཕྱི་སྐྱོད་ལམ་ཡིག་འགྲོ་ལུགས་འགྲིམ་རེས་མི་དགོས་པའམ་ཡང་ན་འགྲོ་ལུགས་སྟབས་བདེ་ཡོང་བའི་ཆིངས་ཡིག་འཇོག་པའི་བརྩོན་ལེན་བྱ་དགོས། རྒྱལ་ཕྱིའི་ཁེ་ཕན་སྲུང་བའི་མ་ལག་འཛུགས་དགོས། དངུལ་ནག་དཀར་སྒྱུར་ལ་རྒོལ་བ་དང་། འཇིགས་སྐུལ་གྱི་མ་དངུལ་རུབ་སྡུད་ལ་རྒོལ་བ། ཁྲལ་གཡོལ་ལ་རྒོལ་བ་བཅས་ལ་ལྟ་སྐུལ་དོ་དམ་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཉམས་ཉེན་སྔོན་འགོག་གི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། 
  གསུམ། “རྒྱུད་གཅིག་ལམ་གཅིག་”སྐྲུན་པར་སྐུལ་འདེད་གཏོང་དགོས། ཉེ་དྲང་ཕན་བཟོད་བཞིའི་བསམ་པ་ལྡན་པ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྩ་དོན་མཐའ་འཁྱོངས། ཕྱོགས་གཉིས་དང་ཕྱོགས་མང་གི་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁེ་ལས་བྱེད་པོར་འཛིན་པ། ཚོང་ར་ཅན་དུ་གཉེར་སྐྱོང་། འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་གྱི་ཁྱབ་ཁོངས་མང་པོ་ལ་གཉིས་ཕན་མཉམ་རྒྱལ་གྱི་དངོས་དོན་མཉམ་ལས། སྐམ་མཚོ་དང་ཕྱི་ནང་མཉམ་སྒུལ། ཤར་ནུབ་ཕྱོགས་གཉིས་སྒོ་འབྱེད་བཅས་ཁྱོན་ཡོངས་ནས་སྒོ་འབྱེད་པའི་རྣམ་པ་གསར་པ་བསྐྲུན་དགོས། 
  རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་བ་དང་ཕན་ཚུན་ཤར་གཏོང་བྱེད་པ་དང་། རྒྱལ་སྤྱིའི་བཤར་བགྲོད་ལམ་ཆེན་སྐྲུན་པར་སྐུལ་མ་བཏང་ནས། ཐུན་མོང་ཐོག་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་ཁྱམས་རིང་བསྐྲུན་དགོས། ནུས་ཁུངས་ཀྱི་ཐོན་ཁུངས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་རང་སར་ཞིབ་ལས་དངོས་སྒྱུར་བྱེད་ཚད་ཆེ་རུ་གཏོང་དགོས། མངའ་ཁོངས་ཕྱིའི་ཐོན་ལས་ཚོགས་པ་འདུས་ཁུལ་ལྷན་འཛུགས་ཐོག་ནས་ས་གནས་དེ་གའི་ཐོན་ལས་མ་ལག་འཛུགས་པར་སྐུལ་སྤེལ་གཏོང་བ་དང་། སློབ་གསོ་དང་། ཚན་རྩལ། རིག་གནས། ཡུལ་སྐོར། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོང་ལ་སོགས་པའི་ཁྱབ་ཁོངས་སུ་མཉམ་ལས་ཁྱབ་ཆེན་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས། 
  རྒྱལ་སྤྱིའི་དངུལ་རྩའི་ལས་ཁུངས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཨེ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་པའི་དངུལ་ཁང་དང་། འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་འཛུགས་སྐྲུན་བྱེད་པར་ཞུགས་པ་དང་། དར་གོས་འགྲུལ་ལམ་གྱི་དངུལ་རྩའི་ནུས་པ་འདོན་སྤེལ་བྱེད་པ་དང་། རྒྱལ་སྤྱིའི་མ་དངུལ་བཀུག་ནས་སྒོ་འབྱེད་དང་སྣ་མང་དང་མཉམ་རྒྱལ་བཅས་ཀྱི་དངུལ་རྩའི་མཉམ་ལས་བྱེད་གནས་མཉམ་སྐྲུན་བྱ་དགོས། 
  བཞི། ནང་ས་དང་ཀང་ཨའོ་བར་དང་། སྐམ་ས་ཆེན་མོ་དང་ཐའེ་ཝན་ས་ཁུལ་བར་མཉམ་ལས་ཟབ་སྤེལ་གྱིས་འཕེལ་རྒྱས་གཏོང་དགོས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”དང་། “ཞང་ཀང་པས་ཞང་ཀང་སྐྱོང་བ་”དང་། “ཨའོ་མོན་པས་ཨའོ་མོན་སྐྱོང་བ།” ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་དང་། ཀང་ཨའོ་ཡི་དམིགས་བསལ་བཟང་ཆ་འདོན་སྤེལ་བྱས་ཏེ་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་ཁྲོད་ཀྱི་ཀང་ཨའོ་ཡི་གོ་གནས་དང་ནུས་པ་ཇེ་ཆེར་གཏོང་བ་དང་། ཀང་ཨའོ་ལ་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་བཅོས། དམངས་གཙོར་སྐུལ་སྤེལ། ཞི་མཐུན་ལ་སྐུལ་སྤེལ་བཅས་གཏོང་བར་རྒྱབ་སྐྱོར་བྱ་དགོས། 
  ཞང་ཀང་རྒྱལ་སྤྱིའི་དངུལ་རྩ་དང་། མཁའ་ཐོག་དང་ཆུ་ཐོག་སྐྱེལ་འདྲེན། ཉོ་ཚོང་བཅས་ལྟེ་གནས་ཆེན་པོ་གསུམ་ཡིན་པའི་གོ་གནས་བརྟན་དུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་ཀྱི་ཕྱོགས་གཉིས་པོར་སྒོ་འབྱེད་པ་དང་། “རྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་བྱེད་པར་ཞུགས་དགོས། ཞང་ཀང་འཛམ་གླིང་གི་འགག་སྒོ་ལས་བརྒལ་བའི་མི་དམངས་ཤོག་སྒོར་གྱི་ལས་སྒོའི་འགག་རྩ་ཡིན་པའི་གོ་གནས་ཤུགས་ཆེར་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། མ་དངུལ་སྡུད་པ་དང་། ཉོ་ཚོང་། དངོས་ཟོག་འགྲེམས་སྐྱེལ། ཆེད་ལས་ཞབས་ཞུ་སོགས་གནས་རིམ་དང་གནས་ཐང་མཐོ་བའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས། ཨའོ་མོན་གྱིས་འཛམ་གླིང་གི་ཡུལ་སྐོར་སྤྲོ་གསེང་ལྟེ་གནས་སྐྲུན་པ་དང་། ཀྲུང་གོ་དང་ཕོར་ཐུ་ཀལ་སྐད་རིགས་རྒྱལ་ཁབ་བར་གྱི་ཚོང་དོན་མཉམ་ལས་ཞབས་འདེགས་ཞུ་གནས་སྐྲུན་པར་རྒྱབ་སྐྱོར་བྱེད་པ་དང་། ཨའོ་མོན་གྱི་དཔལ་འབྱོར་འོས་འཚམ་གྱིས་སྣ་མང་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། 
  ནང་སས་ཀང་ཨའོ་ལ་སྒོ་འབྱེད་ཤུགས་ཆེ་རུ་བཏང་ནས་ཆན་ཧའེ་རྒྱ་མཚོ་དང་། ནན་ཧྲ། ཧེང་ཆིན་སོགས་ཀོང་ཏུང་དང་ཞང་ཀང་ཨའོ་མོན་བཅས་ཀྱི་མཉམ་ལས་བྱེད་གནས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། ནང་ས་དང་ཀང་ཨའོ་གཉིས་སྤྱི་ཚོགས་དང་། དམངས་འཚོ། ཚན་རྩལ། རིག་གནས། སློབ་གསོ། ཁོར་ཡུག་སྲུང་སྐྱོང་སོགས་པའི་ཁྱབ་ཁོངས་ནས་སྤེལ་རེས་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་འགག་ཁྱོན་ཆེ་ལ་སོགས་པའི་ས་ཁོངས་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས། 
  “དགུ་གཉིས་ཐུན་མོང་ལྟ་བ་”དང་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་དང་། “ངོགས་གཉིས་མཛའ་མཐུན་ཁྱིམ་གཅིག་”ལ་བརྩིས་ཏེ། གཉིས་ཕན་མཉམ་རྒྱལ་གྱི་ཐབས་ལ་བརྟེན་ནས་ངོགས་གཉིས་པོའི་དཔལ་འབྱོར་མཉམ་ལས་ཟབ་ཏུ་གཏོང་དགོས། ངོགས་གཉིས་པོའི་ཐོན་ལས་མཉམ་ལས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་། དངུལ་རྩའི་མཉམ་ལས་དང་ཉོ་ཚོང་དང་མ་དངུལ་འཇོག་པ་སོགས་ཕྱོགས་གཉིས་སྒོ་འབྱེད་ཀྱི་མཉམ་ལས་ལ་སྐུལ་སྤེལ་གཏོང་དགོས། མཚོ་འགག་གི་ནུབ་ངོགས་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་སྟེ། ཕིན་ཐན་སོགས་ཐའེ་ཝན་ལ་མཉམ་ལས་བྱེད་གནས་བསྐྲུན་དགོས། ངོགས་གཉིས་པོའི་མི་སྣའི་འགྲོ་འོང་བྱེད་རྒྱ་ཆེ་རུ་བཏང་སྟེ། ངོགས་གཉིས་པོའི་ཞིང་ལས་དང་། རིག་གནས། སློབ་གསོ། ཚན་རྩལ། སྤྱི་ཚོགས་ལ་སོགས་པའི་ཁྱབ་ཁོངས་སུ་སྤེལ་རེས་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ངོགས་གཉིས་པོའི་སྤུན་ཟླའི་བདེ་སྐྱིད་ཆེ་རུ་བཏང་སྟེ་ཐའེ་ཝན་གྱི་མང་ཚོགས་དཀྱུས་མ་དང་། གཞོན་ནུ་ལོ་ཆུང་། ཁེ་ལས་ཆུང་འབྲིང་བཅས་སྔར་ལས་མང་བར་ཕན་ཁེ་རག་ཏུ་འཇུག་དགོས། 
  ལྔ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ལ་ཞུགས་གང་ཐུབ་བྱ་དགོས། རྒྱལ་སྤྱིའི་དཔལ་འབྱོར་བཅོས་སྐྱོང་གི་མ་ལག་སྒྱུར་བཅོས་འཐུས་ཚང་ཡོང་བར་བྱེད་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་གྲོས་རིམ་ལ་ཁྲིད་སྟོན་ཧུར་ཐག་བྱས་ཏེ་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་ལམ་འདྲ་མཉམ་དྲང་གཞག་དང་། མཉམ་ལས་མཉམ་རྒྱལ་གྱི་ཕྱོགས་སུ་འཕེལ་རྒྱས་ཡོང་བར་བྱ་དགོས། སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་རྒྱལ་སྤྱིའི་ཐོག་ནས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་དོ་མཉམ་དང་། དངུལ་རྩ་ཉེན་མེད། དཔལ་འབྱོར་བརྟན་པོར་འཕར་བ་བཅས་ཡོང་བར་བྱ་དགོས། དྲ་སྦྲེལ་དང་། མཚོ་གཏིང་། གླིང་སྣེའི་ས་ཁུལ། བར་སྣང་མཐོངས་ལ་སོགས་པའི་ཁྱབ་ཁོངས་གསར་པའི་རྒྱལ་སྤྱིའི་ལམ་སྲོལ་གཏན་ལ་འབེབས་པར་ཧུར་ཐག་ངང་ཞུགས་དགོས། ཕྱོགས་ཁག་མང་འབྲེལ་གྱི་ཉོ་འཚོང་གྲོས་མོལ་བྱེད་རིམ་ལ་སྐུལ་སྤེལ་བཏང་ནས། ཕྱོགས་ཁག་མང་འབྲེལ་གྱི་ཉོ་འཚོང་སྒྲིག་སྲོལ་དོ་མཉམ་དང་། མཉམ་རྒྱལ། བཟོད་འཕེལ་བཅས་ཡོང་བར་བྱས་ཏེ་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་ལམ་སྲོལ་མ་ལག་དྲང་གཞག་དང་། ཚུལ་མཐུན། དྭངས་གསལ་བཅས་ཆགས་པར་བྱ་དགོས། དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་འདྲ་མཉམ་གྱི་ཐོག་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ལ་ཞུགས་པར་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་སྤྱིའི་དངུལ་ལོར་མ་ལག་དང་རྒྱལ་སྤྱིའི་དངུལ་རྩའི་ལྟ་སྐུལ་དོ་དམ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། རང་མོས་ཉོ་ཚོང་ཁུལ་གྱི་འཐབ་ཇུས་དོན་འཁྱོལ་གང་མགྱོགས་བྱས་ནས། ས་ཁོངས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བ་མཐུན་སྦྱོར་གྲོས་མོལ་ལ་སྐུལ་སྤེལ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་རང་མོས་ཚོང་གཉེར་ཁུལ་འཛུགས་པར་སྐུལ་སྤེལ་བཏང་སྟེ་གོ་ལ་ཧྲིལ་པོར་ཕྱོགས་ཤིང་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་སྦྲེལ་ཆགས་པར་འབད་དགོས། 
  དྲུག རྒྱལ་སྤྱིའི་འགན་འཁྲི་དང་འོས་འགན་འཁུར་གང་ཐུབ་བྱ་དགོས། འགན་འཁྲིའི་རྩ་དོན་དང་། དྲང་གཞག་གི་རྩ་དོན། རང་རང་གི་ནུས་པའི་རྩ་དོན་བཅས་མཉམ་དུ་འཁུར་དགོས་ཀྱང་དབྱེ་བ་ཡོད་པ་མཐའ་འཁྱོངས་བྱེད་པ་དང་། གོ་ལ་ཧྲིལ་པོའི་གནམ་གཤིས་ཀྱི་འགྱུར་བར་ཁ་གཏད་འཇལ་བའི་གྲོས་མོལ་ལ་ཧུར་ཐག་ངང་ཞུགས་པ་དང་། བཙོག་འབུད་ཇེ་ཉུང་གི་ཁས་ལེན་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། 
  ཕྱི་ཕྱོགས་སུ་རོགས་རམ་བྱེད་ཁྱོན་ཆེ་རུ་གཏོང་བ་དང་། རོགས་རམ་བྱེད་སྟངས་འཐུས་སྒོ་ཚང་དུ་བཏང་སྟེ། དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིན་མེད་མི་ཤུགས་ཐོན་ཁུངས་དང་། འཕེལ་རྒྱས་ཀྱི་འཆར་འགོད། དཔལ་འབྱོར་གྱི་སྲིད་ཇུས་ལ་སོགས་པའི་ཆ་ནས་འདྲི་རྩད་ཀྱི་གསོ་སྐྱོང་སྦྱོང་བརྡར་མཁོ་འདོན་དང་། ཚན་རྩལ་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། གནོད་འགོག་གེགས་སེལ། ཁོར་ཡུག་བཅོས་སྐྱོང་། རི་སྐྱེས་རི་དྭགས་དང་རྩི་ཤིང་སྲུང་སྐྱོང་། དབུལ་ཕོངས་ཉུང་དུ་གཏོང་བ་ལ་སོགས་པའི་ཁྱབ་ཁོངས་སུ་ཕྱི་ཕྱོགས་སུ་མཉམ་ལས་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། 2030ལོའི་རྒྱུན་མཐུད་གོང་སྤེལ་གྱི་གྲོས་རིམ་དུ་རང་འགུལ་གྱིས་ཞུགས་དགོས། 
  རྒྱལ་སྤྱིའི་སྤྱི་པའི་བདེ་འཇགས་བསྲུང་བ་དང་། རྣམ་པ་ཅི་རིགས་པའི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་བའི་བྱ་སྤྱོད་ལ་རོགས་སྐྱོར་ཧུར་ཐག་བྱེད་པ་དང་དེའི་ནང་ཞུགས་དགོས། ཁ་འཐོར་ཟློག་པའི་རྒྱལ་སྤྱིའི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གླེང་གནད་ཚོར་སྣང་སྐྱེན་པའི་གནད་དོན་དོ་དམ་དང་ཚོད་འཛིན་བྱེད་པར་ཞུགས་པ་དང་། རྒྱལ་སྤྱིའི་བརྒྱུད་ལམ་ཐུན་མོང་ཐོག་ཉེན་མེད་དུ་སྲུང་བ་བཅས་བྱ་དགོས། ཕྱོགས་མང་དང་ཕྱོགས་གཉིས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། གོ་ལ་ཧྲིལ་པོའི་དྲ་བའི་བདེ་འཇགས་ལ་སྲུང་བར་ཞུགས་དགོས། རུལ་སུངས་ལ་རྒོལ་བའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་སྤེལ་གཏོང་དགོས། 
  བདུན། མཉམ་སྤྱོད་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ། མི་དམངས་སྔར་ལས་བདེ་སྐྱིད་ཡོང་གང་ཐུབ་བྱ་དགོས། 
  མི་ཚང་མ་ཐེ་ཞུགས་དང་། མི་ཚང་མས་གང་ལྕོགས། མི་ཚང་མས་ལོངས་སྤྱོད་པ་བཅས་ཀྱི་བླང་བྱ་ལྟར། མ་མཐའི་ཚད་ཐིག་མཐའ་གཅིག་ཏུ་སྲུང་བ་དང་། གཙོ་གནད་འབུར་ཐོན། ལམ་ལུགས་འཐུས་ཚང་། སྔོན་དཔག་སློབ་སྟོན་བཅས་དང་། གོ་སྐབས་འདྲ་མཉམ་ལ་མཐོང་ཆེན། གཞི་རྩའི་དམངས་འཚོར་འགན་སྲུང་བཅས་བྱས་ཏེ། མི་དམངས་ཡོངས་ཐུན་མོང་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་སྤྱི་ཚོགས་སུ་བསྐྱོད་ཐུབ་པར་བྱ་དགོས། 
  གཅིག སྤྱི་པའི་ཞབས་ཞུ་མཁོ་འདོན་ཇེ་མང་དུ་གཏོང་དགོས། ཡོངས་ཕན་གྱི་རང་བཞིན་དང་། གཞི་རྩ་སྲུང་བ། འདྲ་མཉམ་ཅན། རྒྱུན་མཐུད་རུང་བ་བཅས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། མི་དམངས་ཀྱིས་སེམས་ཁུར་བྱེད་ཡུལ་ཆེ་ཤོས་དང་ཐད་ཀའི་ཁེ་ཕན་དངོས་དང་འབྲེལ་བ་ཡོད་པའི་དཀའ་ངལ་སེལ་རྒྱུ་ནས་འགོ་རྩོམ་པ་དང་། སྲིད་གཞུང་གི་འགན་འཁྲི་ཆེ་རུ་གཏོང་བ། སྤྱི་པའི་ཞབས་ཞུའི་མཉམ་སྐྲུན་གྱི་ནུས་པ་དང་མཉམ་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས། 
  འོས་འགན་སློབ་གསོ་དང་། ལས་ཞུགས་སློབ་གསོ། སྤྱི་ཚོགས་འགན་སྲུང་། གཞི་རྩའི་སྨན་བཅོས། སྤྱི་པའི་འཕྲོད་བསྟེན། སྤྱི་པའི་རིག་གནས། ཁོར་ཡུག་སྲུང་སྐྱོང་ལ་སོགས་པའི་གཞི་རྩའི་སྤྱི་པའི་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་སྟེ། ཁྱོན་ཡོངས་ལ་ཁྱབ་གང་ཐུབ་བྱ་དགོས། གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ཀྱི་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཆེད་དམིགས་མི་ཚོགས་ཀྱི་དམིགས་བསལ་དཀའ་ངལ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། 
  སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་སྟངས་གསར་གཏོད་བྱས་ཏེ། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱས་ནས་མཁོ་འདོན་བྱེད་ཐུབ་རིགས། སྲིད་གཞུང་གིས་སྔར་བཞིན་སྒྲུབ་འགན་འཁུར་ལེན་མི་བྱེད་པ་དང་། སྲིད་གཞུང་དང་སྤྱི་ཚོགས་ཀྱིས་མ་རྩ་མཉམ་གཉེར་བྱས་ནས་མཁོ་འདོན་ཐུབ་རིགས་སུ་སྤྱི་ཚོགས་ཀྱི་མ་རྩ་རྒྱ་ཁྱབ་ཏུ་འགུག་འདྲེན་བྱས་ནས་ཞུགས་སུ་འཇུག་དགོས། སྤྱི་ཚོགས་ཀྱི་བྱ་གཞག་སྒྱུར་བཅོས་ཇེ་མགྱོགས་སུ་གཏོང་དགོས། 
  གཉིས། དབུལ་ཐར་འགག་སྒྲོལ་གྱི་ལས་གཞི་དོན་འཁྱོལ་བྱ་དགོས། གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་དབུལ་ཕོངས་ལས་ཐར་བར་བྱ་རྒྱུ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ལེགས་གྲུབ་བྱེད་པའི་ལས་འགན་དཀའ་ཚེགས་ཆེ་ཤོས་ཤིག་ཡིན་པས། ཆབ་སྲིད་དང་ལམ་ལུགས་ཀྱི་བཟང་ཆ་ངེས་པར་དུ་འདོན་སྤེལ་གང་ཐུབ་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱ་དགོས། 
  དབུལ་སྐྱོར་གནད་འཁེལ་དང་། དབུལ་ཐར་གནད་འཁེལ་ལག་བསྟར་བྱེད་པ་དང་། མི་དང་ཡུལ་ལ་བསྟུན་ནས་སྲིད་ཇུས་དོན་འཁྱོལ་བྱ་དགོས་པ་དང་། དབུལ་སྐྱོར་གྱི་ཕན་འབྲས་དངོས་ཐོན་པར་བྱ་དགོས། དབུལ་ཕོངས་ཁྱིམ་ཚང་ལ་རིགས་དབྱེ་ནས་རོགས་སྐྱོར་བྱས་ཏེ་ངལ་རྩོལ་ནུས་ཤུགས་ཡོད་མཁན་ལ་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་དང་གནས་སྤོ་ལས་ཞུགས་ཀྱི་རོགས་སྐྱོར་བྱེད་པ་དང་། “ཡུལ་གནས་གཅིག་གིས་ཡུལ་གནས་དེ་གའི་མི་གསོ་མི་ཐུབ་པ་”ལ་དབུལ་སྐྱོར་གནས་སྤོར་གྱི་བྱེད་ཐབས་སྤྱོད་དགོས། སྐྱེ་ཁམས་ལྷག་པར་གལ་ཆེན་ཡིན་པ་དང་ཤིན་ཏུ་ཞན་ཁུལ་དུ་སྐྱེ་ཁམས་སྲུང་སྐྱོང་གི་དབུལ་སྐྱོར་བྱེད་པ། ངལ་རྩོལ་ནུས་ཤུགས་ཤོར་རིགས་ལ་རྩ་བ་ནས་སྐྱོར་བ་ཅན་གྱི་འགན་སྲུང་སྲིད་ཇུས་དོན་འཁྱོལ་བྱེད་པ། ནད་ཀྱི་དབང་གིས་དབུལ་པོར་གྱུར་རིགས་ལ་སྨན་བཅོས་སྐྱོབ་རོགས་ཀྱི་འགན་སྲུང་བྱེད་པ་བཅས་བྱ་དགོས། མ་མཐའི་འགན་སྲུང་གི་སྲིད་ཇུས་དང་དབུལ་སྐྱོར་སྲིད་ཇུས་ལག་ལེན་བསྟར་རྒྱུ་འབྲེལ་མཐུད་བྱས་ཏེ། དབུལ་ཕོངས་མི་འབོར་ལས་མ་མཐའི་འཚོ་རྟེན་འགན་སྲུང་དགོས་རིགས་ལ་འགན་སྲུང་གང་ཐུབ་བྱ་དགོས། 
  དབུལ་ཕོངས་ས་ཁུལ་དུ་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁྱོན་ཆེ་རུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་བགྲོད་ལམ་ཤར་བགྲོད་དང་། ཆུ་ཤར་འདྲེན། གློག་ཤར་གཏོང་། དྲ་བ་ཤར་འདྲེན་སོགས་པའི་དཀའ་ངལ་སེལ་དགོས། དབུལ་ཕོངས་ས་ཁུལ་དུ་ཆུ་གློག་དང་། གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱས་ཏེ་ཐུན་མོང་གི་ས་ཆ་འཛིན་རིགས་ཀྱིས་སྔར་གནས་ཡུལ་མིར་ཐུན་མོང་གི་རྐང་དབང་སྤྲོད་སྟངས་ལ་བརྟེན་ནས་གྱོ ང་གུན་གསབ་ཐབས་སྤྱོད་དགོས་པ་དང་། དབུལ་ཕོངས་མི་འབོར་ལ་ཐོན་ལས་ཀྱི་ཡོང་སྒོའི་རོགས་སྐྱོར་ལམ་ལུགས་ལག་བསྟར་བྱེད་པའི་འཚོལ་ཞིབ་བྱ་དགོས། 
  དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སློབ་གསོའི་སྤུས་ཚད་དང་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། དབུལ་ཕོངས་ས་ཁུལ་གྱི་མ་མཐའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཅན་དུ་སྐུལ་སྤེལ་གཏོང་དགོས། གྲོང་གསེབ་ཀྱི་གཞིས་སྡོད་བྱིས་པ་དང་བུད་མེད། རྒན་རྒོན་བཅས་བྱམས་སྐྱོང་བྱེད་པའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། 
  དབུལ་བྲལ་གྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་དགོས། ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་དང་། ཞིང་ཆེན་རང་སྐྱོང་ལྗོངས་དང་། ཐད་སྐྱོང་གྲོང་ཁྱེར་གྱིས་སྤྱིའི་འགན་འཁུར་བ་དང་། གྲོང་ཁྱེར་ས་ཁུལ་དང་རྫོང་གིས་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་སྔར་ལས་འཐུས་སྒོ་ཚང་དུ་གཏོང་དགོས། དབུལ་ཐར་གྱི་ལས་ཀའི་འགན་འཁྲིར་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དབུལ་ཕོངས་རྫོང་དུ་དབུལ་བྲལ་གྱི་གྲུབ་འབྲས་གཙོ་གནད་དུ་བཟུང་ནས་དཔྱད་ཞིབ་བྱ་དགོས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་དབུལ་བྲལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་སྲིད་ཇུས་ཀྱི་རང་བཞིན་ལྡན་པའི་དངུལ་རྩ་དང་ཚོང་ལས་ཀྱི་རང་བཞིན་ལྡན་པའི་དངུལ་རྩ་ཕན་ཚུན་གསབ་རེས་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། དབུལ་སྐྱོར་གྱི་མ་དངུལ་རིགས་སྡེབ་སྒྲིག་བྱས་ནས་དབུལ་སྐྱོར་གསར་སྤེལ་མ་དངུལ་འབྱུང་ཐབས་གསར་པ་གཏོད་དགོས། ཤར་ནུབ་རོགས་ལས་དང་ཏང་སྲིད་ལས་ཁུངས་དང་། དམག་དཔུང་། མི་དམངས་ཀྱི་ཚོགས་པ། གཞུང་དབང་ཁེ་ལས་བཅས་ཀྱིས་གནས་ཡུལ་གཏན་འཁེལ་ཐོག་ནས་དབུལ་སྐྱོར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁེ་ལས་རིགས་ཁག་དང་། སྤྱི་ཚོགས་ཀྱི་རྩ་འཛུགས། སྒེར་པ་བཅས་ཀྱིས་རང་མོས་ཐོག་ནས་འགན་གཙང་ལེན་ཐབས་ལ་བརྟེན་ནས་དབུལ་སྐྱོར་ལ་ཞུགས་པར་བསྔགས་སྐུལ་བྱ་དགོས། གསར་བརྗེའི་གནས་གཞི་རྙིང་པའི་ཁུལ་དང་། མི་རིགས་ཀྱི་ས་ཁུལ། མཐའ་མཚམས་ས་ཁུལ། གཅིག་བསྡུས་ཡུག་སྦྲེལ་གྱི་དབུལ་ཕོངས་ས་ཁུལ་བཅས་དབུལ་སྐྱོར་འགག་སྒྲོལ་གྱི་ལྟེ་གནད་དུ་འཛིན་དགོས། 
  གསུམ། སློབ་གསོའི་སྤུས་ཀ་མཐོ་རུ་གཏོང་དགོས། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། སྤྱོད་སྐྱོང་མི་གསོའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ། སྤྱོད་ཤེས་ལུས་མཛེས་བཞི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཅན་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་རྗེས་སྐྱོང་མཁན་སྐྱེད་སྲིང་བཅས་བྱ་དགོས། སློབ་གསོ་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ་སློབ་མའི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་དང་། གསར་གཏོད་བྱེད་སེམས། ལག་ལེན་གྱི་ནུས་པ་བཅས་ཆེ་རུ་གཏོང་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩིས་ཏེ་རྒྱལ་དམངས་སློབ་གསོའི་རྒྱུད་རིམ་ཡོངས་རྫོགས་སུ་ལག་བསྟར་བྱ་དགོས། 
  འོས་འགན་སློབ་གསོ་དོ་མཉམ་ངང་ནས་འཕེལ་རྒྱས་ཡོང་བར་བྱས་ཏེ་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་དུ་གཏོང་བ་དང་། འབྲིང་རིམ་ལས་རིགས་སློབ་གསོར་སློབ་ཡོན་རྩག་རྩིག་མེད་པར་བཟོ་བ་རིགས་དབྱེ་ནས་རིམ་པར་ཁྱབ་སྤེལ་བྱེད་པ་དང་། སྔོན་ལ་དཔལ་འབྱོར་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་ཡིག་ཚགས་ཀྱི་གྭ་བཟོས་རིགས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཡོན་རྩག་རྩིག་མེད་པར་བཟོ་དགོས། སློབ་ཞུགས་སྔོན་གྱི་སློབ་གསོ་འཕེལ་རྒྱས་གཏོང་བ་དང་། ཡོངས་ཁྱབ་ཏུ་ཕན་པའི་རང་བཞིན་གྱི་བུ་བཅོལ་ཁང་འཕེལ་རྒྱས་གཏོང་བར་སྐུལ་ལྕག་གཏོང་དགོས། རོགས་དངུལ་སྤྲོད་སྟངས་འཐུས་སྒོ་ཚང་དུ་བཏང་ནས། ཁྱིམ་ཚང་ལ་དཔལ་འབྱོར་དཀའ་ངལ་ཡོད་པའི་སློབ་མར་རོགས་དངུལ་སྤྲོད་པ་ཡོངས་སུ་ཁེབས་པར་བྱ་དགོས། 
  སློབ་གསོ་འདྲ་མཉམ་ཡོང་བར་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་གཞུང་བཙུགས་སློབ་གྲྭ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་རྒྱུ་མགྱོགས་སུ་གཏོང་བ་དང་། དགེ་རྒན་གྱི་དཔུང་ཁག་དང་ལྷག་པར་དུ་གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་འཛུགས་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དགེ་རྒན་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས་པ་དང་། དམིགས་བསལ་སློབ་གསོ་ཡག་པོར་གཉེར་དགོས། 
  མཐོ་རིམ་སློབ་གྲྭའི་སློབ་གསོའི་ཆུ་ཚད་དང་གསར་གཏོད་ཀྱི་ནུས་པ་ཆེ་རུ་བཏང་ནས་མཐོ་རིམ་སློབ་གྲྭ་འགའ་ཞིག་དང་རིག་གཞུང་ཚན་ཁག་ཁག་ཅིག་འཛམ་གླིང་གི་རྩེར་སོན་ཆུ་ཚད་དུ་སླེབས་པའམ་དེར་ཉེ་བར་བྱ་དགོས། དེང་རབས་ཀྱི་ལས་རིགས་སློབ་གསོའི་མ་ལག་འཛུགས་པ་དང་། ཐོན་ལས་དང་སློབ་གསོ་ལྷན་འདྲེས་དང་། སློབ་གྲྭ་དང་ཁེ་ལས་ཟུང་འབྲེལ་ལ་སྐུལ་སྤེལ་གཏོང་དགོས། རིག་གཞུང་ཚན་ཁག་གི་ཆེད་ལས་བཀོད་པ་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ལམ་སྲོལ་བཟང་པོར་བསྒྱུར་བ་དང་། ཆ་རྐྱེན་ཡོད་པའི་དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གྲྭ་དཀྱུས་མ་དངོས་སྤྱོད་ཅན་དུ་སྒྱུར་བར་སྐུལ་ལྕག་གཏོང་དགོས། 
  རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་དང་སློབ་གསོ་དང་སློབ་ཁྲིད་སྒྱུར་བཅོས་དོན་འཁྱོལ་བྱེད་པ་མ་ཟད་ཟབ་སྤེལ་ཡང་གཏོང་དགོས། སྒེར་གྱི་སློབ་སྦྱོང་རྩིས་ཐོ་དང་སློབ་སྐར་རིམ་བསགས་ལམ་ལུགས་འཛུགས་པ་དང་། རྒྱུན་མཐུད་སློབ་གསོ་དང་། ཚེ་གང་སློབ་སྦྱོང་བྱེད་པའི་བགྲོད་ལམ་ཡངས་པོར་ཕྱེ་དགོས། སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བའི་སྐུལ་སྤེལ་དང་། རྒྱང་སྦྲེལ་སློབ་གསོ་འཕེལ་རྒྱས། སྤུས་དག་སློབ་གསོའི་ཐོན་ཁུངས་ཀྱི་ཁེབས་རྒྱ་ཇེ་ཆེར་གཏོང་བ་བཅས་བྱ་དགོས། སློབ་གསོའི་ལྟ་སྐུལ་སློབ་སྟོན་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། དམངས་གཉེར་སློབ་གསོ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་ཚད་ལྡན་བཟོ་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་དམངས་ཁྲོད་ཀྱི་མ་རྩའི་ཐོག་ནས་སྣ་མང་ཅན་གྱི་སློབ་གསོའི་ཞབས་ཞུ་མཁོ་འདོན་བྱེད་པར་བསྔགས་སྐུལ་བྱ་དགོས། 
  བཞི། ལས་ཞུགས་དང་ལས་གཏོད་ལ་སྐུལ་སྤེལ་གཏོང་དགོས། ལས་ཞུགས་དམིགས་བཀར་གྱི་འཐབ་ཇུས་མཐའ་འཁྱོངས་བྱས་ནས། སྔར་བས་ཕན་ནུས་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱེད་པ་དང་། ལས་ཞུགས་ལས་གནས་སྔར་ལས་མང་པོ་གསར་གཏོད་བྱེད་པ་དང་། གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་འགལ་བ་ཤུགས་ཆེན་པོས་ཐག་གཅོད་བྱ་དགོས། ལས་གཏོད་རོགས་སྐྱོར་སྲིད་ཇུས་འཐུས་ཚང་བཟོ་བ་དང་། ལས་གཏོད་ཀྱིས་ལས་ཞུགས་སྐུལ་ཁྲིད་བྱེད་པར་སྐུལ་སློང་བྱས་ནས། མི་ཚང་མར་ཁ་ཕྱོགས་པའི་ལས་གཏོད་ཀྱི་ཞབས་ཞུའི་སྟེགས་བུ་སྐྲུན་ཐབས་བྱ་དགོས། 
  མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་ར་གཅིག་གྱུར་འཆར་འགོད་བཟོ་བ་དང་། གྲོང་ཁྱེར་དང་གྲོང་གསེབ། ས་ཁུལ། ལས་རིགས་ཁ་ཕྲལ་བྱེད་པའམ་ཐོབ་ཐང་དང་ཕོ་མོའི་ཁྱད་ཀྱིས་མཐོང་ཆུང་བྱེད་རིགས་མེད་པར་བཟོས་ནས། ངལ་རྩོལ་བ་འདྲ་མཉམ་ཐོག་ལས་ཞུགས་བྱེད་པའི་ཁེ་དབང་སྲུང་སྐྱོང་བྱ་དགོས། སྐབས་བསྟུན་ལས་ཞུགས་དང་ལས་ཞུགས་ཀྱི་རྣམ་པ་གསར་བར་རྒྱབ་སྐྱོར་བྱེད་རྒྱུར་ཤུགས་བསྣན་ནས། ངལ་རྩོལ་པ་རང་སྟོབས་ཀྱིས་ལས་ཞུགས་བྱེད་པར་སྐུལ་སློང་བྱ་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་སྤེལ་དང་ལས་གཏོད་ལ་སྣེ་ཁྲིད་བྱེད་པའི་འཆར་གཞི་དོན་འཁྱོལ་བྱས་ཏེ། ན་གཞོན་རྣམས་ལ་ལས་ཞུགས་ལས་གཏོད་ཐད་ནས་སྣེ་ཁྲིད་བྱ་དགོས། ལས་ཞུགས་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་ལ་དཀའ་ཁག་ཡོད་མཁན་རྣམས་ལས་ཞུགས་ཐུབ་པར་རོགས་རམ་བྱ་དགོས། 
  ཚེ་གང་ལས་རིགས་ནུས་རྩལ་གསོ་སྦྱོང་ལམ་ལུགས་ཁྱབ་སྤེལ་གཏོང་དགོས། གསར་ཐོན་གླ་རྒྱག་ཞིང་པའི་ལས་རིགས་ནུས་རྩལ་ཡར་འདེགས་ཀྱི་འཆར་གཞི་ལག་བསྟར་བྱ་དགོས། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་དང་། སློབ་འཕར་མ་བྱས་པའི་དམའ་འབྲིང་དང་མཐོ་འབྲིང་སློབ་ཐོན་སློབ་མ། གླ་རྒྱག་ཞིང་པ། ལས་ཤོར་མི་སྣ། ལས་བརྗེའི་ལས་བཟོ་བ། དམག་ཁོངས་ནས་ཐོན་པའི་དམག་མི་རྣམས་ཀྱིས་རིན་མེད་རྩ་ཆག་བཏང་བའི་ལས་རིགས་གསོ་སྦྱོང་གི་བྱེད་སྒོའི་ནང་ཞུགས་རྒྱུ་དང་ལེན་བྱ་དགོས། བཟོ་སློབ་ཟུང་འབྲེལ་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱེད་པའི་ལག་རྩལ་མི་སྣ་གསོ་སྦྱོང་གི་དཔེ་རྣམ་ཁྱབ་གདལ་གཏོང་བ་དང་། ཁེ་ལས་ཀྱིས་རྣམ་པ་གསར་པའི་སློབ་ཕྲུག་བསྡུ་བའི་ལམ་ལུགས་ཁྱབ་སྤེལ་གཏོང་དགོས། ལག་རྩལ་མི་སྣའི་གླ་ཕོགས་མཐོར་འདེགས་དང་གོ་མིང་དཔྱད་འཇོག་གི་ལམ་ལུགས་འཐུས་ཚང་བཟོས་ཏེ། ཆེད་ལས་ལག་རྩལ་གྱི་གོ་མིང་དང་ནུས་རྩལ་ཨང་རིམ་སོགས་ནི་གྲོང་ཁྱེར་ཆེན་པོར་ཁྱིམ་གཞིས་འཛུགས་པ་དང་ཞོར་འབྲེལ་བྱེད་པའི་སྒྲུབ་ཐབས་ཁྱབ་སྤེལ་གཏོང་དགོས། 
  ངལ་རྩོལ་པའི་བྱང་ཚད་དང་། ངལ་རྩོལ་ནང་ཞུགས་ཚད། ངལ་རྩོལ་ཐོན་སྐྱེད་བྱེད་ཚད་བཅས་ཇེ་མཐོར་གཏོང་བ་དང་། ངལ་རྩོལ་པའི་ཁྲོམ་རའི་བབ་བསྟུན་རང་བཞིན་ཇེ་ཆེར་བཏང་སྟེ། ངལ་རྩོལ་པ་ས་ཁུལ་དང་། ལས་རིགས། ཁེ་ལས་བཅས་ཀྱི་བར་རང་མོས་འགྲོ་སྐྱོད་ཐུབ་པར་སྐུལ་འདེད་གཏོང་དགོས། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པ་དང་། ལས་བཟོ་པ་དང་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས། 
  ལས་ཞུགས་ཞབས་ཞུའི་མ་ལག་འཐུས་ཚང་བཟོ་བ་དང་། ལས་ཞུགས་ཞབས་ཞུའི་ནུས་པ་ཇེ་མཐོར་གཏོང་དགོས། ལས་ཞུགས་ལས་ཤོར་སྡོམ་རྩིས་ཀྱི་དམིགས་ཚད་མ་ལག་འཐུས་ཚང་བཟོ་དགོས། 
ལྔ། ཡོང་འབབ་ཀྱི་ཧེ་བག་ཆུང་དུ་གཏོང་དགོས། གྲོང་མིའི་ཡོང་འབབ་འཕར་བ་དེ་དཔལ་འབྱོར་འཕར་བ་དང་དུས་མཉམ་དང་། ངལ་རྩོལ་ཐོབ་ཆ་མཐོ་རུ་གཏོང་བ་དེ་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་མང་དུ་གཏོང་བ་དང་དུས་མཉམ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་བྱ་དགོས། རྒྱལ་དམངས་ཡོང་འབབ་ཀྱི་བགོ་བཤའ་རྒྱག་སྟངས་སྙོམ་སྒྲིག་བྱེད་པ་དང་། ཐོག་མའི་བགོ་བཤའ་རྒྱག་སྟངས་ཚད་ལྡན་བཟོས་ནས། སླར་ཡང་བགོ་བཤའ་རྒྱག་པའི་མཐུན་སྦྱོར་ནུས་ཤུགས་ཆེར་བསྐྱེད་དགོས། 
  ཚན་རིག་དང་མཐུན་པའི་གླ་ཕོགས་ཚད་གཞི་གཏན་འཁེལ་གྱི་ལམ་སྲོལ་དང་། རྒྱུན་ལྡན་འཕར་སྣོན་གྱི་ལམ་སྲོལ། གཏོང་སྤྲོད་འགན་ལེན་གྱི་ལམ་སྲོལ་བཅས་འཐུས་ཚང་བཟོ་བ་དང་། ཁེ་ལས་ཀྱི་གླ་ཕོགས་ཐུན་མོང་གིས་གྲོས་མོལ་བྱེད་པའི་ལམ་ལུགས་ཁྱབ་སྤེལ་གཏོང་དགོས། མ་མཐའི་གླ་ཕོགས་འཕར་བའི་ལམ་སྲོལ་འཐུས་ཚང་བཟོ་བ་དང་། ཁྲོམ་རའི་གདེང་འཇོག་གི་རྒྱུ་རྐྱེན་ལྟར་སྐྱེས་སུ་འབུལ་བ་དང་སྐྱེས་སུ་ཕུལ་བ་ཚད་གཞིར་བཟུང་ནས་བགོ་བཤའ་རྒྱག་པའི་ལམ་སྲོལ་འཐུས་ཚང་བཟོ་བ་དང་། ལས་ཁུངས་ལས་དོན་སྡེ་ཁག་གི་ཁྱད་ཆོས་དང་མཐུན་པའི་གླ་ཕོགས་ལམ་ལུགས་འཐུས་ཚང་བཟོ་བ་བཅས་བྱ་དགོས། 
  ཡོང་འབབ་ཀྱི་ཧེ་བག་ཆུང་དུ་གཏོང་བར་ཕན་པའི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཡོང་འབབ་དམའ་བའི་ངལ་རྩོལ་བའི་ཡོང་འབབ་མངོན་གསལ་མཐོར་འདེགས་གཏོང་བ་དང་། ཡོང་འབབ་འབྲིང་བའི་བསྡུར་ཚད་ཆེར་བསྐྱེད་དགོས། ཕྱོགས་བསྡུས་དང་རིགས་དབྱེ་ཟུང་འབྲེལ་གྱི་ལམ་ནས་མི་སྒེར་གྱི་ཐོབ་ཁྲལ་ལམ་ལུགས་གང་མགྱོགས་གསར་འཛུགས་བྱ་དགོས། ཐབས་ལམ་སྣ་མང་གི་སྒོ་ནས་སྡོད་དམངས་ཀྱི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་འཕར་སྣོན་བྱ་དགོས། ཡོང་འབབ་བགོ་བཤའ་རྒྱག་པའི་སྒྲིག་ལམ་ཚད་ལྡན་བཟོ་བ་དང་། ཁྲིམས་མཐུན་གྱི་ཡོང་འབབ་སྲུང་སྐྱོབ་དང་མི་མངོན་པའི་ཡོང་འབབ་ཚད་ལྡན་བཟོ་བ་དང་། དབང་ཆ་དང་སྲིད་འཛིན་སྒེར་སྡེམ་སོགས་ཚོང་རའི་རྒྱུ་རྐྱེན་མ་ཡིན་པའི་ཡོང་འབབ་ལེན་པ་བཀག་སྡོམ་བྱེད་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཡོང་འབབ་གཏན་འགོག་བྱ་དགོས། 
  གཞན་ཕན་གྱི་བྱ་གཞག་གོང་འཕེལ་ཡོང་བར་རྒྱབ་སྐྱོར་བྱེད་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་རྒྱ་ཆེར་བྱས་ནས་སྤྱི་ཚོགས་རྒུད་སྐྱོབ་དང་། སྤྱི་ཚོགས་སྐུལ་སྤེལ། དང་བླངས་ཞབས་ཞུ་བཅས་ཀྱི་བྱེད་སྒོ་སྤེལ་དགོས། སྤྱི་ཚོགས་ལ་ཕྱིར་འབུལ་བ་དང་དབུལ་སྐྱོར་རོགས་རམ་བྱེད་པར་སྐུལ་ལྕག་གཏོང་བའི་ཁྲལ་བསྡུའི་སྲིད་ཇུས་འཐུས་ཚང་བཟོ་དགོས། 
  དྲུག སྔར་བས་དྲང་བདེན་དང་སྔར་བས་རྒྱུན་མཐུད་ཐུབ་པའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་གསར་འཛུགས་བྱ་དགོས། དམངས་ཡོངས་འགན་སྲུང་ནང་ཞུགས་པའི་འཆར་གཞི་ལག་བསྟར་བྱེད་པ་དང་། གཞི་རྩའི་ཆ་ནས་ཁྲིམས་བཀོད་མི་སྣ་ཕྱོགས་ཡོངས་ལ་ཁྱབ་པར་བྱ་དགོས། རྩིས་ཞིབ་དོ་མཉམ་མཐའ་འཁྱོངས་དང་མ་དངུལ་གྲབས་གསོག་གི་ལམ་སྲོལ་འཐུས་ཚང་བཟོ་བ་དང་། སྲིད་གཞུང་དང་། ཁེ་ལས། མི་སྒེར་སོགས་ཀྱི་འགན་འཁྲི་གསལ་པོར་འབྱེད་དགོས། སྤྱི་ཚོགས་ཀྱི་འགན་བཅོལ་གྲོན་དངུལ་གྱི་ཚད་འོས་འཚམ་གྱིས་དམའ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་འགན་བཅོལ་མ་ལག་འཐུས་ཚང་བཟོ་དགོས། 
  ལས་བཟོ་བའི་རྒན་གསོ་འགན་ལེན་ཐད་མི་སྒེར་གྱི་རྩིས་ཁྲ་ལམ་ལུགས་འཐུས་ཚང་བཟོ་བ་དང་། མང་སྤྲོད་མང་ཐོབ་ཀྱི་སྐུལ་སློང་ལམ་སྲོལ་ཆ་ཚང་བཟོ་དགོས། ལས་བཟོ་བའི་རྨང་གཞིའི་རྒན་གསོའི་འཚོ་དངུལ་རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་བྱེད་པ་དང་། གཞི་རྩའི་རྒན་གསོའི་འཚོ་དངུལ་བབ་བསྟུན་སྙོམ་སྒྲིག་གྱི་ལམ་སྲོལ་གསར་འཛུགས་བྱ་དགོས། སྤྱི་ཚོགས་ཀྱི་འགན་བཅོལ་ཐེབས་རྩར་མ་འཇོག་བྱེད་སྟངས་རྒྱ་སྐྱེད་གཏོང་བ་དང་། ཉེན་ཟོན་དོ་དམ་ཤུགས་སྣོན་བརྒྱབ་ནས་མ་དངུལ་བཞག་པའི་ཕན་འབྲས་ཐོབ་ཚད་ཇེ་མཐོར་གཏོང་དགོས། གཞུང་དབང་མ་རྩའི་ཁེ་བཟང་དེ་སྤྱི་པའི་ནོར་སྲིད་ནང་སྤྲོད་པའི་བསྡུར་ཚད་རིམ་བཞིན་ཇེ་མཐོར་གཏོང་བ་དང་། གཞུང་དབང་མ་རྩ་ཁག་ཅིག་སྤྱི་ཚོགས་འགན་ལེན་གྱི་ཐེབས་རྩའི་ནང་དུ་སྒྱུར་སྤྲོད་བྱ་དགོས། ལས་འཁྱུར་ངལ་གསོའི་ལོ་ཚད་རིམ་བཞིན་ཕྱིར་འགྱང་བྱེད་པའི་སྲིད་ཇུས་འདོན་དགོས། ལས་རིགས་ཀྱི་ལོ་ཕོགས་དང་། ཁེ་ལས་ཀྱི་ལོ་ཕོགས། ཚོང་ལས་ཀྱི་རྒན་གསོའི་འགན་བཅོལ་སོགས་གོང་འཕེལ་གཏོང་དགོས། 
  སྨན་བཅོས་འགན་བཅོལ་གཏན་འཇགས་རྒྱུན་མཐུད་ཀྱིས་མ་དངུལ་གྲབས་གསོག་བྱེད་པ་དང་འགྲོ་སོང་རྩིས་ཞུའི་བསྡུར་ཚད་སྙོམ་སྒྲིག་བྱེད་པའི་ལམ་སྲོལ་ཆ་ཚང་བཟོ་རྒྱུ་དང་། ལས་བཟོ་པའི་ལས་འཁྱུར་མི་སྣས་སྨན་བཅོས་འགན་བཅོལ་རིན་དངུལ་སྤྲད་དེ་འགན་བཅོལ་ནང་ཞུགས་པའི་སྲིད་ཇུས་ལ་ཞིབ་འཇུག་དང་ལག་ལེན་བསྟར་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་ཆེན་འགན་བཅོལ་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་དགོས། སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་སྤྲོད་སྟངས་བསྒྱུར་བཅོས་བྱེད་པ་དང་། སྨན་བཅོས་འགན་བཅོལ་ཐད་ལ་འགྲོ་གྲོན་ཚོད་འཛིན་ནུས་པ་འདོན་སྤེལ་བྱ་དགོས། མི་སྒེར་གྱི་རྩིས་ཁྲ་ལེགས་བཅོས་བྱེད་པ་དང་སྒོ་བསྟེན་གྲོན་དངུལ་གཅིག་གྱུར་འཆར་འགོད་བྱ་དགོས། ཞིང་ཆེན་དང་ས་ཁུལ་བརྒལ་ནས་བདེ་འགོད་བྱས་པའི་ལས་འཁྱུར་མི་སྣ་སྨན་ཁང་ནང་བསྡད་པའི་སྨན་རིན་ཐད་ཀར་རྩིས་རྒྱག་ཐུབ་པ་མངོན་འགྱུར་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་དང་གཉེར་སྐྱོང་དོ་དམ་སྡེབ་འདྲེས་བྱ་དགོས། ཁ་གསབ་སྨན་བཅོས་ཀྱི་འགན་བཅོལ་དང་ཚོང་ལས་བདེ་ཐང་གི་འགན་བཅོལ་གོང་འཕེལ་ཡོང་བར་སྐུལ་མ་གཏོང་དགོས། ཚོང་ལས་འགན་བཅོལ་གྱི་ལས་ཁུངས་དེ་སྨན་བཅོས་འགན་བཅོལ་གཉེར་སྐྱོང་ནང་ཞུགས་པར་སྐུལ་མ་གཏོང་དགོས། ཕྲུ་གུ་བཙའ་བའི་འགན་བཅོལ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ཟླ་སྒྲིལ་བཏང་ནས་ལག་ལེན་བསྟར་དགོས། རོགས་སྐྱོར་མ་ལག་གཅིག་གྱུར་འཆར་འགོད་དང་། སྲིད་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། ལམ་ལུགས་ཟླ་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཁག་ཐེག་བྱ་དགོས། 
  བདུན། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་བྱེད་པ་སྟེ། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་དང་སྨན་བཅོས་བཅས་མཉམ་འགུལ་བྱེད་པ་ལག་ལེན་བསྟར་ནས། སྨན་རྫས་དང་སྨན་བཅོས་སོ་སོར་འབྱེད་པ་དང་། རིམ་པ་དབྱེ་སྟེ་སྨན་བཅོས་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཏུ་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་དང་དེང་རབས་སྨན་ཁང་གི་དོ་ལམ་ལམ་ལུགས་ཡོངས་སུ་ཁྱབ་བརྡལ་གཏོང་དགོས། 
  ཕྱོགས་ཡོངས་ནས་གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་བསྒྱུར་བཅོས་ལ་སྐུལ་འདེད་བྱེད་པ་དང་། སྤྱི་ཕན་རང་བཞིན་མཐའ་འཁྱོངས་དང་། ཁེ་བཟང་ཧམ་གཉེར་གྱི་ལམ་སྲོལ་མེད་པར་བཟོས་ནས། སྨན་བཅོས་ལས་རིགས་ཀྱི་ཁྱད་ཆོས་དང་འཚམ་པའི་མི་དོན་གླ་ཕོགས་ལམ་ལུགས་འཛུགས་དགོས། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་བཀོད་སྒྲིག་བྱེད་ཚུལ་ལེགས་སྒྱུར་དང་། གོང་འོག་མཉམ་འགུལ་དང་སྦྲེལ་མཐུད་གསབ་རེས་ཀྱི་སྨན་བཅོས་ཞབས་ཞུའི་མ་ལག་ཆ་ཚང་བཟོས་ཏེ། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་དཔེ་རྣམ་འཐུས་ཚང་བཟོ་བ་དང་། རྒྱང་སྦྲེལ་སྨན་བཅོས་གོང་འཕེལ་གཏོང་དགོས། སྨན་བཅོས་ཐོན་ཁུངས་དེ་གཞི་རིམ་དང་གྲོང་གསེབ་ཏུ་འགྲོ་སྐྱོད་བྱེད་པར་སྐུལ་སྤེལ་གཏོང་བ་དང་། སྤྱི་ཚན་སྨན་པ་དང་། ཁྱིམ་ཚང་གི་སྨན་པ། མྱུར་མཁོའི་ཁྱབ་ཁོངས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་དང་། གློག་རྡུལ་བདེ་ཐང་ཡིག་ཚགས་སོགས་ཀྱི་ལས་དོན་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བདེ་ཐང་ཞབས་ཞུའི་ལས་རིགས་སྐྲུན་པར་སྐུལ་མ་གཏོང་བ་དང་། ཁེ་གཉེར་མིན་པའི་དམངས་གཉེར་སྨན་ཁང་དང་གཞུང་བཙུགས་སྨན་ཁང་ལ་ཐོབ་ཐང་འདྲ་མཚུངས་སྤྲོད་པར་སྐུལ་འདེད་གཏོང་དགོས། སྨན་བཅོས་ཀྱི་རྒྱུ་སྤུས་ཐད་ལྟ་སྐྱོང་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། རྩོད་གཞི་འདུམ་འགྲིག་གི་ལམ་སྲོལ་འཐུས་ཚང་བཟོས་ཏེ་སྨན་པ་དང་ནད་པའི་འབྲེལ་བ་འཆམ་མཐུན་བཟོ་དགོས། 
  ནུབ་ལུགས་གསོ་རིག་དང་རྒྱ་ལུགས་གསོ་རིག་མཉམ་དུ་གལ་ཆེན་དུ་འཛིན་པ་མཐའ་འཁྱོངས་བྱེད་པ་དང་། རྒྱ་ལུགས་གསོ་རིག་དང་མི་རིགས་གསོ་རིག་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་དགོས། གཞི་རྩའི་སྨན་རྫས་ལམ་ལུགས་འཐུས་ཚང་བཟོ་བ་དང་། སྨན་རྫས་མཁོ་འདོན་འགན་སྲུང་གི་ལམ་སྲོལ་ཆ་ཚང་བཟོ་བ། སྨན་རྫས་ཀྱི་རིན་གོང་ལེགས་འགོད་བྱེད་པ། ཨེ་ཙི་ནད་འགོག་བྱེད་པ་སོགས་དམིགས་བསལ་སྨན་རྫས་རིན་གོང་རྩ་ཆག་བཏང་ནས་མཁོ་སྤྲོད་བྱེད་ཚད་ཇེ་མང་དུ་གཏོང་བ་བཅས་བྱ་དགོས། སྨན་རྫས་ཀྱི་རྒྱུ་སྤུས་མཐོར་འདེགས་བྱེད་པ་དང་། སྨན་སྤྱོད་སྟངས་ཀྱི་བདེ་འཇགས་ཁག་ཐེག་བྱ་དགོས། འགོས་ནད་དང་རྒྱུན་ནད། ས་གནས་ནད་སོགས་ནད་ཡམས་ཚབས་ཆེན་རིགས་ཕྱོགས་བསྡུས་བཅོས་སྐྱོང་དང་ལས་རིགས་ནད་ཀྱི་གནོད་འཚེ་སྔོན་འགོག་བཅོས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ་དང་། བྱེད་ཐབས་སྣ་མང་ལ་བརྟེན་ནས་ནད་གཞི་ལྕི་མོ་དང་རྒྱུན་ནད་སྨན་བཅོས་བྱེད་པའི་འགྲོ་སོང་དམའ་རུ་གཏོང་དགོས། བདེ་ཐང་གི་འཚོ་ཐབས་དར་སྤེལ་བྱེད་པ་དང་། སེམས་ཁམས་བདེ་ཐང་གི་ཞབས་ཞུར་ཤུགས་སྣོན་རྒྱག་དགོས། 
  ཟས་རིགས་བདེ་འཇགས་ཀྱི་འཐབ་ཇུས་ལག་ལེན་བསྟར་ནས། དམ་ནན་ནུས་མཐོ་དང་སྤྱི་ཚོགས་ཐུན་མོང་གིས་བཅོས་སྐྱོང་བྱེད་པའི་ཟས་རིགས་བདེ་འཇགས་བཅོས་སྐྱོང་མ་ལག་ཆགས་པར་བྱས་ནས། མི་དམངས་ཟས་རིགས་ལ་བློ་བདེ་པོ་ཡོང་བར་བྱ་དགོས། 
  བརྒྱད། མི་འབོར་དོ་མཉམ་གྱིས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བྱ་དགོས། འཆར་ལྡན་བུ་བཙའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱེད་པ་དང་། མི་འབོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་འཐུས་ཚང་བཟོ་དགོས། བཟའ་ཟླ་གཉིས་ལ་ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་དགོས། སྐྱེ་འཕེལ་བདེ་ཐང་དང་མ་བུ་བདེ་འཚམ། བུ་བཅོལ་སོགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས། དམིགས་བསལ་དཀའ་ཁག་ཡོད་པའི་འཆར་ལྡན་བུ་བཙའི་ཁྱིམ་ཚང་ལ་རོགས་སྐྱོར་བྱ་དགོས། ཁྱིམ་ཚང་གི་འཕེལ་རྒྱས་ལ་མཐོང་ཆེན་བྱ་དགོས། 
  མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་འཇལ་བའི་བྱ་སྤྱོད་ཧུར་ཐག་གིས་སྤེལ་རྒྱུ་སྟེ། རྒན་བཀུར་དང་། རྒན་གསོ། རྒན་རོགས་བཅས་བྱེད་པའི་སྤྱི་ཚོགས་ཀྱི་སྲོལ་བཟང་དར་སྤེལ་དང་། ཁྱིམ་ནང་སྡོད་པ་གཞིར་བཞག་ཐོག་སྡེ་ཁུལ་ལ་བརྟེན་པ་དང་ལས་ཁུངས་ནས་ཁ་གསབ་བྱེད་པ་བཅས་ཀྱི་རིམ་པ་མང་བའི་རྒན་གསོའི་ཞབས་ཞུའི་མ་ལག་སྐྲུན་ཐབས་བྱེད་རྒྱུ་དང་། སྨན་བཅོས་འཕྲོད་བསྟེན་དང་རྒན་གསོའི་ཞབས་ཞུ་ཕན་ཚུན་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་ནས། རྒྱུན་རིང་གི་ནད་སྐྱོང་འགན་སྲུང་ལམ་ལུགས་གསར་འཛུགས་བྱེད་པར་འཚོལ་ཞིབ་བྱ་དགོས། རྒན་གསོའི་ཞབས་ཞུའི་ཁྲོམ་ར་ཕྱོགས་ཡོངས་ནས་གློད་པ་དང་། ཞབས་ཞུ་ཉོ་སྒྲུབ་དང་། རྐང་དབང་མཉམ་ལས་སོགས་བྱེད་ཐབས་སྤྱད་ནས་ཚོང་རའི་གྲུབ་ཆ་གཙོ་བོར་རྒན་གསོའི་ཞབས་ཞུ་དང་ཐོན་རྫས་མཁོ་འདོན་བྱེད་ཚད་ཇེ་མང་དུ་གཏོང་བར་རྒྱབ་སྐྱོར་བྱ་དགོས། 
  ཕོ་མོ་འདྲ་མཉམ་ཡིན་པའི་རྩ་བའི་རྒྱལ་ཇུས་མཐའ་འཁྱོངས་བྱེད་པ་དང་། བུད་མེད་དང་ལོ་ན་མ་སོན་པའི་སྐྱེ་བོའི་ཁེ་དབང་འགན་སྲུང་བྱ་དགོས། དབང་པོ་སྐྱོན་ཅན་གྱི་བྱ་གཞག་གོང་འཕེལ་གཏོང་བར་རྒྱབ་སྐྱོར་དང་། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་དང་རོགས་རམ་བྱེད་པའི་ཞབས་ཞུའི་མ་ལག་ཆ་ཚང་བཟོ་དགོས། 
  བརྒྱད། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱས་ཏེ།“ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་མངོན་འགྱུར་བྱེད་པར་འགན་ལེན་སྲ་བརྟན་འདོན་སྤྲོད་བྱ་དགོས། 
  འཕེལ་རྒྱས་ནི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་འགན་འཁྲི་ཨང་དང་པོ་ཡིན། རིམ་པ་ཁག་གི་ཏང་ཨུས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངེས་པར་དུ་ངོས་འཛིན་གཏིང་ཟབ་དང་། འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་ནུས་དང་ཆུ་ཚད་མཐོར་འདེགས། རྒྱལ་ཁབ་ཀྱི་བདག་སྐྱོང་མ་ལག་དང་བདག་སྐྱོང་བྱེད་ནུས་དེང་རབས་ཅན་དུ་ཕྱོགས་པར་སྐུལ་སྤེལ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྔར་ལས་ལྷག་པར་གོང་དུ་སྤེལ་བར་སྐུལ་འདེད་གཏོང་དགོས། 
  གཅིག ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་བྱེད་པ་དང་། ཕྱོགས་སོ་སོ་མཐུན་སྦྱོར་ཡོང་བར་བྱེད་པ་རྒྱུན་འཁྱོངས་དང་། རིམ་པ་ཁག་གི་ཏང་ཨུ་(ཏང་ཙུའུ་)འགོ་ཁྲིད་སྲོག་ཤིང་ཡིན་པའི་ནུས་པ་འདོན་སྤེལ་བྱེད་པ། ལམ་ལུགས་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་སྒྲིག་སྲོལ་ལམ་སྲོལ་དང་བྱེད་ཐབས་རྣམ་པ་ལེགས་བཅོས་བྱེད་པ། ཚང་འཛོམས་ཨུ་ཡོན་ལྷན་ཁང་གི་ཇུས་གཅོད་དང་ལྟ་སྐུལ་བྱེད་ནུས་ལ་ཤུགས་སྣོན་རྒྱག་དགོས། ཇུས་གཅོད་ཀྱི་ཚན་རིག་རང་བཞིན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཏང་ཨུས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་ཞིབ་འཇུག་དང་། དུས་བཀག་ལྟར་དཔལ་འབྱོར་གྱི་གནས་བབ་ལ་དབྱེ་ཞིབ། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་ཞིབ་འཇུག་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཇུས་གཅོད་ཀྱི་འདྲི་རྩད་ལམ་སྲོལ་འཐུས་སྒོ་ཚང་བར་བཟོ་བ་བཅས་བྱ་དགོས། ཆ་འཕྲིན་ཁྱབ་བསྒྲགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། 
  འགོ་ཁྲིད་ཚན་པའི་ཤེས་བྱའི་གྲུབ་ཚུལ་དང་ཆེད་ལས་གྲུབ་ཚུལ་ལེགས་སྒྲིག་དང་། ཆབ་སྲིད་ཀྱི་བློ་རྩ་བརྟན་ཞིང་། ཆེད་ལས་རྟོགས་པ། བདག་སྐྱོང་མཁས་པ། ཁག་འཁུར་ཕོད་པ། སྤྱོད་ཚུལ་བཟང་པའི་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་དང་འདེམས་བསྐོ་བྱེད་པ་གཙིགས་ཆེར་འཛིན་པ། ཆེད་ལས་རང་བཞིན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས། ལས་བྱེད་པའི་མི་དོན་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་དང་། སྲིད་དོན་བྱས་རྗེས་དཔྱད་ཞིབ་དང་གདེང་འཇོག་གི་མ་ལག་དང་བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་འཐུས་ཚང་གཏོང་བ། རིམ་པ་ཁག་གི་ལས་བྱེད་མི་སྣའི་ལས་ཀའི་བརྩོན་སེམས་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་བྱ་དགོས། 
  ཏང་གི་རིམ་པ་ཁག་གི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། གཞི་རིམ་གྱི་ཏང་གི་རྩ་འཛུགས་ཀྱི་སྤྱི་ཡོངས་ཀྱི་མཐུ་ནུས་ཤུགས་ཆེ་རུ་གཏོང་བ། འཐབ་འཛིང་གི་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་པ། རྒྱ་ཆེའི་ལས་བྱེད་པ་ཚོའི་གསར་གཏོད་ཡར་བརྩོན་དང་། འགག་གནད་ལས་སྒྲོལ་བའི་སྤོབས་སེམས་སྐུལ་སློང་བཅས་བྱས་ཐོག སྔར་ལས་ལེགས་པར་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་ལེགས་གྲུབ་བྱ་དགོས། 
  རུལ་རྒོལ་གཙང་སྤེལ་གྱི་འཛུགས་སྐྱོང་དེ་ནམ་ཡང་སྤེལ་བཞིན་པའི་སྒང་ཡིན། རུལ་རྒོལ་གྱི་གོམ་མཚམས་འཇོག་མི་རུང་ལ་ལྷོད་གཡེང་ཡང་བྱེད་མི་རུང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་རྒྱུན་འཁྱོངས་དང་། “ནན་གསུམ་དྲང་གསུམ་”གྱི་བླང་བྱ་དོན་འཁྱོལ། ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་དམ་པོ་བཟོ་བ། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ། སྤྱོད་ཚུལ་ལེགས་སྒྱུར་གྱི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དབང་ཆ་བེད་སྤྱོད་བྱེད་པར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། རུལ་སུངས་ཀྱི་གྲུབ་འབྲས་བརྟན་པོ་བཟོ་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་བསམ་པ་བཅས་ཀྱི་ནུས་ལྡན་ལམ་སྲོལ་འཛུགས་པ། ལས་བྱེད་པའི་ཀུན་སྤྱོད་ལེགས་པ་དང་། སྲིད་གཞུང་སྤྱོད་གཙང་ཡིན་པ། ཆབ་སྲིད་དྭངས་གསལ་ཡིན་པ་བཅས་མངོན་འགྱུར་བྱེད་པར་ཧུར་བརྩོན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བར་ཆབ་སྲིད་ཀྱི་ཁོར་ཡུག་གཙང་མ་ཞིག་བསྐྲུན་དགོས། 
  གཉིས། མི་དམངས་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འབུངས་བྱེད་པར་སྐུལ་སློང་བྱ་དགོས། དམངས་གཙོ་དར་སྤེལ་གང་ལེགས་དང་། ཏང་གི་མང་ཚོགས་ལམ་ཕྱོགས་དོན་འཁྱོལ། མང་ཚོགས་ལ་དྲིལ་སྒྲོག་དང་མང་ཚོགས་རྩ་འཛུགས་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གནད་དོན་འགངས་ཆེན་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བའི་གནད་དོན་གྲོས་མོལ་བྱེད་པར་ཤུགས་སྣོན་པ། ཁྲིམས་ལྟར་མི་དམངས་ཀྱི་ཁེ་དབང་ཐམས་ཅད་འགན་སྲུང་། རིགས་སོ་སོའི་མི་དམངས་ཀྱི་མེས་རྒྱལ་འཛུགས་སྐྲུན་བྱེད་པའི་བདག་པོའི་འདུ་ཤེས་སྐུལ་སློང་བཅས་བྱ་དགོས། 
  བསམ་བློའི་ཆབ་སྲིད་བྱ་བར་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་ཀྱི་བྱ་བའི་སྒྲིག་སྲོལ་ལམ་སྲོལ་དང་བྱེད་ཐབས་རྣམ་པ་གསར་གཏོད། བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་ལྷན་ཚོགས་སོགས་ཚོགས་པའི་རྩ་འཛུགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ། མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡང་དག་དང་། རང་ནུས་ཅི་ལྕོགས་ཀྱིས་སྤྱི་ཚོགས་ཧྲིལ་པོའི་སྟོབས་ཤུགས་གཅིག་བསྡུས་བྱས་ནས་བསྒྱུར་བཅོས་གོང་སྤེལ་ལ་སྐུལ་འདེད་དང་། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཐད་ཀྱི་ངོས་འཛིན་གཅིག་མཐུན་ཅན་དང་སྟོབས་ཤུགས་ལ་སྲུང་སྐྱོང་བྱ་དགོས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་ཀ་ལེགས་པོ་སྒྲུབ་པར་མཐོང་ཆེན་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ཐད་ཀྱི་བདེ་འཇགས་འགན་སྲུང་ཏན་ཏིག་བྱ་དགོས། 
  གཞི་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་དུ་སྤེལ་བ་དང་། ཏང་གི་ཤེས་ལྡན་མི་སྣ་དང་། མི་རིགས། ཆོས་ལུགས། ཕྱིར་སྡོད་རང་མིའི་ལས་དོན་སོགས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ཚོགས་པ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་ཁྲིད། སྲིད་ཏང་གི་འབྲེལ་བ་དང་། མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། རིམ་གྲས་ཀྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླ་བར་གྱི་འབྲེལ་བ་བཅས་འཆམ་མཐུན་ཡོང་བར་སྐུལ་སྤེལ་གཏོང་བ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བར་གྱི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚོའི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་དགོས། 
  གསུམ། ཤེས་ལྡན་རྒྱལ་དྲག་འཛུགས་སྐྱོང་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། ཤེས་ལྡན་པ་དམིགས་སུ་བཀར་ནས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་། ཤེས་ལྡན་པ་གོང་སྤེལ་གྱི་སྒྲིག་སྲོལ་བསྒྱུར་བཅོས་དང་སྲིད་ཇུས་གསར་གཏོད་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་ཐོག་འགྲན་རྩོད་བྱེད་ནུས་ལྡན་པའི་ཤེས་ལྡན་པའི་ལམ་ལུགས་ལེགས་པོ་ཆགས་པར་བྱ་དགོས། 
  ཤེས་ལྡན་པའི་གྲུབ་ཚུལ་ལ་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་བྱེད་པར་སྐུལ་འདེད་དང་། “སྤུས་ལེགས་ཞིབ་ཚགས་རྩེ་གྲ་དཀོན་པ་”བཅས་ཀྱི་སྟོན་ཕྱོགས་འབུར་ཐོན་ཡོང་བ། ཤེས་ལྡན་པའི་ལས་གཞི་གལ་ཆེན་ལག་བསྟར་བཅས་བྱེད་པ་དང་། འཐབ་ཇུས་རང་བཞིན་ལྡན་པའི་ཚན་རིག་པ་དང་། ཚན་རྩལ་གྱི་སྣེ་ཁྲིད་མི་སྣ། ཁེ་ལས་འཇོན་མི། མཐོ་རིམ་ནུས་པ་ཡོད་མཁན་བཅས་ཀྱི་ཤེས་ལྡན་པའི་དཔུང་ཁག་གསར་རྙེད་དང་། གསོ་སྦྱོང་། འཚོལ་སྡུད་བཅས་བྱ་དགོས། གསར་གཏོད་ལ་མཁས་པའི་ཤེས་ལྡན་པ་ནང་འདྲེན་བྱེད་པའི་སྲིད་ཇུས་སྔར་ལས་ལྷོད་པོ་ལག་བསྟར་དང་། ནུས་ཤུགས་ཡོད་རྒུས་དཀོན་ཞིང་མྱུར་མཁོའི་ཤེས་ལྡན་པ་ནང་འདྲེན་བྱེད་པ་དང་། གནམ་འོག་གི་ཤེས་ལྡན་པ་ཀུན་གྱི་བློ་གྲོས་བསྡུས་ནས་བྱེད་སྤྱོད་གཏོང་དགོས། སྲིད་གཞུང་གི་མ་དངུལ་གཏོང་བའི་ཁྲིད་སྟོན་བྱེད་ནུས་འདོན་སྤེལ་བྱེད་པ་དང་། ཁེ་ལས་དང་། མཐོ་རིམ་སློབ་ཆེན། ཚན་ཞིབ་སློབ་གླིང་། སྤྱི་ཚོགས་ཀྱི་རྩ་འཛུགས། མི་སྒེར་སོགས་སྒྲིག་རིམ་ཡོད་པའི་སྒོ་ནས་ཤེས་ལྡན་པའི་ཐོན་ཁུངས་གསར་འབྱེད་དང་ཤེས་ལྡན་པ་ནང་འདྲེན་གྱི་ལས་ཀའི་ནང་དུ་ཞུགས་པར་སྐུལ་ལྕག་གཏོང་དགོས། 
  མི་ཤུགས་མ་རྩའི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། ཤེས་ལྡན་མི་སྣ་འཁོར་རྒྱུག་གི་བཀག་རྐྱེན་སེལ་ཐབས་བྱེད་ཅིང་། སྤྱི་ཚོགས་སྟེང་གི་འཕྲེད་ཕྱོགས་དང་གཞུང་ཕྱོགས་ཀྱི་འཁོར་རྒྱུག་གི་རང་བཞིན་ཇེ་ཆེར་གཏོང་དགོས། ཤེས་ལྡན་མི་སྣ་གདེང་འཇོག་གི་བརྩོན་སྐུལ་ལམ་སྲོལ་དང་ཞབས་ཞུའི་འགན་ལེན་མ་ལག་འཐུས་ཚང་གཏོང་བ་དང་། མི་སོ་སོ་འཇོན་ཐང་ཅན་དུ་འགྱུར་ཐུབ་པ་དང་ན་གཞོན་ཤེས་ཡོན་པས་ནུས་རྩལ་ཀུན་འདོན་ཐུབ་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་དགོས། ཤེས་ལྡན་མི་སྣ་གཞི་རིམ་དང་། དབུས་རྒྱུད་དང་ནུབ་རྒྱུད་དུ་འགྲོ་བར་ཕན་པའི་སྲིད་ཇུས་ཀྱི་མ་ལག་ཆ་ཚང་གཏོང་དགོས། 
  བཞི། ཁྲིམས་སྐྱོང་གི་འདུ་ཤེས་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་ལག་ལེན་ནན་ཏན་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གོང་འཕེལ་གཏོང་བའི་ནང་གནས་རེ་འདུན་ཡིན། ཁྲིམས་ལྟར་སྲིད་དོན་སྐྱོང་བ་ངེས་པར་དུ་མཐའ་འཁྱོངས་དང་། ཏང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་སྟེ་རྒྱལ་སྲིད་སྐྱོང་བ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལྟར་ཏང་བདག་སྐྱོང་དང་དོ་དམ་བྱེད་ནུས་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། 
  ཏང་གིས་ཁྲིམས་འཛུགས་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་དགོས། ཁྱབ་ཁོངས་གཙོ་ཆེའི་ཁྲིམས་འཛུགས་ཇེ་མགྱོགས་སུ་གཏོང་བ་དང་། ཁྲིམས་ལུགས་འཛུགས་སྐྱོང་དང་། ལེགས་བཅོས་བྱེད་པ། རྩིས་མེད་གཏོང་བ། གསལ་འགྲེལ་བྱེད་པ་བཅས་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱེད་པ། ཚན་རིག་དང་མཐུན་ཞིང་དམངས་གཙོའི་སྒོ་ནས་ཁྲིམས་འཛུགས་པར་སྐུལ་སྤེལ་གཏིང་ཟབ་བྱས་ཏེ་འཐུས་སྒོ་ཚང་བའི་ཁྲིམས་སྲོལ་ལམ་ལུགས་ཀྱི་མ་ལག་ཅིག་ཆགས་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། 
  ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཁྲིམས་ལྟར་དབང་ཆ་སྒྲིག་བཟོ་དང་། དབང་ཆ་བེད་སྤྱོད། དབང་ཆར་ཚོད་འཛིན། དབང་ཆར་ལྟ་སྐུལ་བཅས་བྱེད་པ་དང་། ཁྲིམས་ལྟར་དཔལ་འབྱོར་སྙོམས་སྒྲིག་དང་བདག་སྐྱོང་བྱེད་པ། ཕྱོགས་བསྡུས་ཀྱིས་ཁྲིམས་འཛིན་བྱེད་པ་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ། སྲིད་གཞུང་གི་བྱེད་སྒོ་ཡོད་ཚད་ཁྱོན་ཡོངས་ནས་ཁྲིམས་སྐྱོང་གི་ལམ་བུར་ཞུགས་པ་མངོན་འགྱུར་བྱ་དགོས། ཁྲིམས་འཛིན་སྒྲིག་སྲོལ་གྱི་བསྒྱུར་བཅོས་ཟབ་སྤེལ་དང་། ཁྲིམས་འཛིན་གྱི་ཆོས་ཉིད་བརྩི་སྲུང་། ཁྲིམས་འཛིན་དྲང་གཞག་ལ་སྐུལ་སྤེལ། ཁེ་དབང་གི་ཁྲིམས་འཛིན་འགན་སྲུང་དང་དབང་ཆའི་ཁྲིམས་འཛིན་ལྟ་སྐུལ་འཐུས་ཚང་དུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་དང་། སྤྱི་ཚོགས་ཡོངས་དང་ནང་སྒོས་སུ་གཞུང་ལས་གཉེར་མཁན་གྱི་ཁྲིམས་སྲུང་དང་། ཁྲིམས་སློབ། ཁྲིམས་བཀུར། ཁྲིམས་སྤྱོད་བཅས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། སྤྱི་ཚོགས་ཡོངས་སུ་ཁྲིམས་སྐྱོང་གི་ཁ་དབུགས་དང་ཁྲིམས་སྐྱོང་གི་གོམས་སྲོལ་ལེགས་པོ་ཞིག་ཆགས་པར་བརྩོན་དགོས། 
  ལྔ། སྤྱི་ཚོགས་བདག་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱ་དགོས། ཞི་བདེའི་ཀྲུང་གོ་འཛུགས་སྐྱོང་དང་། ཏང་ཨུའི་འགོ་ཁྲིད་དང་། སྲིད་གཞུང་གི་གཙོ་ཁྲིད། སྤྱི་ཚོགས་ཀྱི་མཉམ་ལས། མང་ཚོགས་ཐེ་ཞུགས། ཁྲིམས་སྐྱོང་འགན་སྲུང་བཅས་ཀྱི་སྤྱི་ཚོགས་བདག་སྐྱོང་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་བདག་སྐྱོང་ཞིབ་ཕྲ་ཅན་དུ་ཕྱོགས་པར་སྐུལ་འདེད་དང་། དམངས་ཡོངས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་སྤྱི་ཚོགས་བདག་སྐྱོང་གི་གནས་སྟངས་འཛུགས་སྐྱོང་བྱ་དགོས། ཁེ་ཕན་མཚོན་པ་དང་། ཁེ་མཉམ་མཐུན་སྦྱོར། ཁེ་ཕན་སྲུང་སྐྱོང་བཅས་བྱེད་པའི་ལམ་སྲོལ་འཐུས་ཚང་གཏོང་བ་དང་། མང་ཚོགས་ཀྱིས་ཁྲིམས་ལྟར་དབང་ཆ་བེད་སྤྱོད་དང་། འདོད་གསོལ་ཞུ་བ། རྩོད་གླེང་ཐག་གཅོད་བཅས་བྱེད་པར་ཁྲིད་སྟོན་བྱ་དགོས། སྡེ་ཁུལ་གྱི་ཞབས་ཞུའི་བྱེད་ནུས་ཇེ་ལེགས་སུ་བཏང་སྟེ། སྲིད་གཞུང་གིས་བདག་སྐྱོང་དང་སྤྱི་ཚོགས་ཀྱིས་འདུམ་འགྲིག སྡོད་དམངས་ཀྱིས་རང་སྐྱོང་བཅས་ཡིན་པའི་དགེ་མཚན་ལྡན་པའི་མཉམ་འགུལ་ཡོང་བར་བྱ་དགོས། 
  སྤྱི་ཚོགས་བདག་སྐྱོང་གི་རྨང་གཞིའི་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་རྨང་གཞིའི་མི་གྲངས་ཀྱི་ཆ་འཕྲིན་མཛོད་འཛུགས་སྐྲུན་དང་། སྤྱི་ཚོགས་ཀྱི་ཡིད་རྟོན་ཚབ་ཨང་ལམ་ལུགས་དང་འབྲེལ་ཡོད་དངོས་མིང་ཐོ་འགོད་ལམ་ལུགས་གཅིག་གྱུར་བྱེད་པ། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཐུས་ཚང་གཏོང་བ། སྤྱི་ཚོགས་ཀྱི་སེམས་ཁམས་ཞབས་ཞུའི་མ་ལག་དང་གསེད་བཀྲོལ་གྱི་ལམ་སྲོལ། ཉམས་ཉེན་ཐེ་གཏོགས་ཀྱི་ལམ་སྲོལ་བཅས་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། 
  སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། བརྡ་འཕྲིན་ཅན་གྱི་འདེགས་སྐྱོར་འོག་སྤྱི་ཚོགས་ཀྱི་བདེ་འཇགས་བཅོས་སྐྱོང་གི་ལངས་གཟུགས་སྔོན་འགོག་མ་ལག་འཛུགས་སྐྲུན་གང་མགྱོགས་གཏོང་བ་དང་། རྨང་གཞིའི་ཕྱོགས་བསྡུས་ཞབས་ཞུའི་དོ་དམ་སྟེགས་བུ་འཛུགས་སྐྲུན་བྱ་དགོས། ཇུས་གཅོད་འགངས་ཆེན་གྱི་སྤྱི་ཚོགས་བརྟན་འཇགས་དང་ཉེན་ཁའི་དཔྱད་དཔོག་ལམ་ལུགས་ལག་བསྟར་དང་། སྤྱི་ཚོགས་ཀྱི་འགལ་བ་རྩད་ཞིབ་ཀྱི་ཉེན་ཟོན་ཉེན་བརྡ་དང་འདུམ་སེལ་གྱི་ཕྱོགས་བསྡུས་ལམ་སྲོལ་འཐུས་ཚང་བཟོ་བ། ཡིག་སྐུར་ངོ་བཅར་དང་འདུམ་འགྲིག་གི་ལས་ཀ་ཇེ་ལེགས་སུ་འགྲོ་བར་ཤུགས་སྣོན་རྒྱག་པ། འགལ་བ་དང་རྩོད་གླེང་སྔོན་འགོག་དང་འདུམ་སེལ་ནུས་ལྡན་བཅས་བྱ་དགོས། ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

qq网球比分直播 mg游戏娱乐场 韩国二分彩开奖结果 58彩票平台澳门五分彩 工程老板是不是很难赚钱 球探比分直播捷报 雪缘园比分直播yuan 彩票中奖广西 卖大东赚钱吗 60彩票充值 湖北快三 广西快3开奖结果查询结果 南粤风釆36选7最新开奖结果 人人巴士司机赚钱么 湖北十一选五复式计算器 手游麻将作弊器下载安装 皇冠即时比分