ǣ

ལས་བྱེད་པའི་བྱ་བ།

ལས་བྱེད་པའི་མི་དོན་ལམ་ལུགས་བསྒྱུར་བཅོས།

མདུན་ཤོག > ལས་བྱེད་པའི་བྱ་བ། > ལས་བྱེད་པའི་མི་དོན་ལམ་ལུགས་བསྒྱུར་བཅོས།

རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་གཏན་འབེབས་བྱེད་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི།

སྒྲིག་བཅས་བྱ་དགོས། ཐོན་ལས་ཀྱི་རྩ་འཛུགས། ཚོང་ལས་ཀྱི་རྣམ་པ། མཁོ་སྤྲོད་ཕྲེང་འབྲེལ། ཟོག་འགྲེམས་ཕྲེང་འབྲེལ་བཅས་གསར་གཏོད་བྱེད་པ་དང་། འཕྲིན་སྦྲེལ་དྲ་བར་བརྟེན་པའི་གསར་སྐྲུན་སྣ་ཚོགས་ལ་རྒྱབ་སྐྱོར་བྱ་དགོས། 
སྔོ་མདོག་དཔལ་འབྱོར་གྱི་བར་སྟོང་རྒྱ་ཆེ་རུ་གཏོང་དགོས། སྐམ་མཚོ་གཉིས་གཅིག་གྱུར་འཆར་འགོད་རྒྱུན་འཁྱོངས་དང་། རྒྱ་མཚོའི་དཔལ་འབྱོར་སྟོབས་ཆེར་གཏོང་བ། རྒྱ་མཚོའི་ཐོན་ཁུངས་ཚན་རིག་དང་མཐུན་པའི་གསར་སྤེལ། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་། རང་རྒྱལ་གྱི་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་བཅས་བྱས་ནས། རྒྱ་མཚོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་དགོས། 
གསུམ། གསར་གཏོད་ཀྱིས་གོང་སྤེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་དགོས། 
ཕྱོགས་ཡོངས་ནས་གསར་གཏོད་བྱེད་པའི་ཁྲོད་ཀྱི་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་དང་། གདོད་མའི་གསར་གཏོད་དང་། འདུས་གྲུབ་གསར་གཏོད། ནང་འདྲེན་འཇུ་ལེན་བྱས་ཏེ་ཡང་བསྐྱར་གསར་གཏོད་བཅས་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཁྱད་ཆོས་ལྡན་ཞིང་ཆུ་ཚད་མཐོ་བའི་སློབ་གྲྭ་ཆེན་མོ་དང་ཚན་རིག་ཞིབ་འཇུག་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱིས་རྨང་གཞིའི་རང་བཞིན་དང་མདུན་རྩེ་རང་བཞིན་ལྡན་པའི་གསར་སྐྲུན་བྱེད་པར་ཞིབ་འཇུག་བྱ་རྒྱུར་སྐུལ་ལྕག་གཏོང་བ། རྩ་སློག་རང་བཞིན་གྱི་ལག་རྩལ་གསར་གཏོད་བྱེད་པར་མཐོང་ཆེན་བཅས་བྱ་དགོས། རྒྱལ་ཁབ་ཀྱི་ཚན་རྩལ་རྣམ་གྲངས་གལ་ཆེན་ཁག་གཅིག་ལག་བསྟར་བྱེད་པ་དང་། གསར་གཏོད་ཀྱི་ཁྱབ་ཁོངས་གལ་གནད་ཅན་དུ་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་ཁག་གཅིག་སྒྲིག་འཛུགས་བྱ་དགོས། རྒྱལ་སྤྱིའི་ཚན་རིག་ཆེན་པོའི་འཆར་གཞི་དང་ཚན་རིག་ཆེན་པོའི་ལས་གྲྭ་ཧུར་ཐག་གིས་འདོན་པ་དང་སྣེ་ཁྲིད་དེ་སྒྲིག་འཛུགས་བྱ་དགོས། 
སྲིད་གཞུང་གི་འགན་ནུས་དེ་ཞིབ་འཇུག་གསར་སྤེལ་དོ་དམ་ནས་གསར་གཏོད་ཞབས་འདེགས་ཀྱི་ཕྱོགས་སུ་བསྒྱུར་དགོས། རྒྱལ་ཁབ་ཀྱི་ཚན་རྩལ་ཐབས་ཇུས་བློ་འདྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། འཐབ་ཇུས་དང་མདུན་གྲལ་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་རྨང་གཞིའི་ཞིབ་འཇུག་དང་ཐུན་མོང་རང་བཞིན་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག་ལ་གཅིག་སྡུད་ཐོག་རྒྱབ་སྐྱོར་བྱེད་པ། ཐོན་རབས་གསར་པའི་བརྡ་འཕྲིན་འཕྲིན་གཏོང་དང་། ནུས་ཁུངས་གསཪ་པ། རྒྱུ་ཆ་གསར་པ། མཁའ་འགྲུལ་མཁའ་སྐྱོད། སྐྱེ་དངོས་སྨན་རྫས་སྨན་བཅོས། རིག་ནུས་བཟོ་སྐྲུན་སོགས་ཁྱབ་ཁོངས་ཀྱི་སྲོག་སྙིང་ལག་རྩལ་གང་མགྱོགས་སུ་འགག་སྒྲོལ་གཏོང་རྒྱུ། འཇུན་འགག་གི་ཚོད་འཛིན་ཐེབས་པའི་གནད་དོན་ལ་དམིགས་ནས་མ་ལག་རང་བཞིན་གྱི་ལག་རྩལ་གྱི་ཐག་གཅོད་ཇུས་གཞི་བཟོ་དགོས། 
ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབས་དང་གཙོ་ཁྲིད་ཀྱི་ནུས་པ་འདོན་ཤུགས་ཆེ་རུ་བཏང་ནས། རྒྱལ་སྤྱིའི་འགྲན་རྩོད་ཀྱི་ནུས་ཤུགས་ལྡན་པའི་གསར་སྐྲུན་ཅན་གྱི་སྣེ་ཁྲིད་ཁེ་ལས་ཁག་ཅིག་ཆགས་པར་བྱེད་པ་དང་། ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱ་དགོས། ཁེ་ལས་དང་། མཐོ་རིམ་སློབ་གྲྭ ཚན་རིག་ཞིབ་འཇུག་ཁང་བཅས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ལྟེ་གནས་ཁག་ཅིག་འཛུགས་སྐྲུན་བྱས་ཏེ། སྐུལ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་པའི་གསར་སྐྲུན་ཅན་གྱི་གྲོང་ཁྱེར་དང་ས་ཁོངས་ཀྱི་གསར་གཏོད་ལྟེ་གནས་ཁག་ཅིག་ཆགས་པར་བྱ་དགོས། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་གྱི་རྩིས་འཐེན་བྱེད་རྒྱུའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། གཏན་འཇགས་རྒྱུ་ནོར་རྙིང་འགྱུར་ཚབ་ལེན་མགྱོགས་སུ་གཏོང་བའི་ལག་བསྟར་ཁྱབ་ཁོངས་རྒྱ་ཆེ་རུ་སྤེལ་བ། སྒྲིག་ཆས་གསར་བརྗེས་དང་ལག་རྩལ་གསར་པ་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། 
ཚན་རྩལ་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་དང་། ཐོན་ལས་ལག་རྩལ་གསར་གཏོད་མནའ་འབྲེལ་ཚོགས་པ་འཛུགས་སྐྱོང་ཁྲིད་སྟོན་བྱེད་པ། ཁྱབ་ཁོངས་དང་ལས་རིགས་བརྒལ་ཏེ་གསར་གཏོད་མཉམ་སྒྲུབ་བྱེད་པར་སྐུལ་འདེད་བཏང་ནས། ཚན་རྩལ་དང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱ་དགོས། ལག་རྩལ་དང་ཤེས་བྱའི་ཐོན་དབང་ཉོ་ཚོང་ལས་སྟེགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚོད་ལྟ་ཞིབ་འཇུག་དང་དུས་སྐེད་ཚོད་ལྟ་ནས་ཐོན་སྐྱེད་བྱེད་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོའི་ཚན་རྩལ་གསར་གཏོད་དང་མ་དངུལ་མཉམ་སྡུད་བྱེད་སྟངས་བཙུགས་ནས་ཚན་རྩལ་གྱི་གྲུབ་འབྲས་མ་རྩ་ཅན་དང་ཐོན་ལས་ཅན་དུ་འགྱུར་བར་སྐུལ་འདེད་བྱ་དགོས། ཀུན་ཕན་རང་བཞིན་གྱི་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཛུགས་པ་དང་། དངུལ་རྩའི་ཐད་ནས་རྒྱབ་སྐྱོར་དང་ཁྲལ་བསྡུའི་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཤེས་བྱའི་ཐོན་དབང་ཁྱབ་ཁོངས་ལ་བསྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། ཤེས་བྱའི་ཐོན་དབང་སྲུང་སྐྱོང་ལ་ཤུགས་སྣོན་བྱ་དགོས། 
མཐོ་སློབ་དང་ཚན་ཞིབ་ཁང་གི་རང་བདག་དབང་ཆ་ཆེ་རུ་བསྐྱེད་ནས་གསར་གཏོད་སྣེ་འཁྲིད་ཤེས་ལྡན་མི་སྣའི་མི་རྒྱུ་དངོས་གསུམ་གྱི་བཀོལ་སྤྱོད་བྱེད་དབང་དང་། ལག་རྩལ་གྱི་ལམ་ཕྱོགས་ཇུས་ཐག་གཅོད་དབང་སྔར་བས་ཆེན་པོ་སྤྲོད་དགོས། ཤེས་བྱའི་རིན་ཐང་འཕར་སྣོན་དེ་ཁྲིད་སྟོན་དུ་བྱེད་པའི་བགོ་བཤའི་སྲིད་ཇུས་ལག་བསྟར་བྱས་ཏེ། ཚན་ཞིབ་མི་སྣའི་གྲུབ་འབྲས་གཞན་སྒྱུར་གྱི་ཁེ་བཟང་མཉམ་སྤྱོད་བསྡུར་ཚད་མཐོར་འདེགས་དང་། ཤེས་ལྡན་པའི་བློས་གཏོང་གི་སྙིང་སྟོབས་དར་སྤེལ་གཏོང་བར་བསྔགས་སྐུལ་བྱ་དགོས། 
བཞི། ཞིང་ལས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། 
ཞིང་ལས་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་ལེགས་གྲུབ་བྱེད་པ་དང་དེང་རབས་ཅན་མངོན་འགྱུར་བྱེད་པའི་རྨང་གཞི་ཡིན། ཞིང་ལས་འཕེལ་རྒྱས་གཏོང་སྟངས་གང་མགྱོགས་བསྒྱུར་རྒྱུ་དང་། རྣམ་པ་མང་བའི་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་གོང་དུ་སྤེལ་ནས། དེང་རབས་ཀྱི་ཞིང་ལས་འཛུགས་སྐྲུན་ཁྲོད་དུ་དེའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱ་དགོས། དེང་རབས་ཞིང་ལས་ཐོན་ལས་ཀྱི་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས། འགྲན་རྩོད་ནུས་ཤུགས་བཅས་མཐོ་རུ་གཏོང་རྒྱུ། འབྲུ་འབྱོར་གཟན་གསུམ་གཅིག་གྱུར་གྱིས་འཆར་འགོད་དང་། ཞིང་ནགས་འབྲོག་ཉ་བཅས་ཀྱི་ལས་རིགས་ཟུང་འབྲེལ། འདེབས་གསོ་ལས་སྣོན་གསུམ་གཞི་གཅིག་ཏུ་འགྱུར་བར་བྱེད་པ། ཐོན་ལས་དང་པོ་གཉིས་པ་གསུམ་པ་བཅས་གཅིག་འདྲེས་ཀྱིས་འཕེལ་རྒྱས་གཏོང་བ་བཅས་ལ་སྐུལ་འདེད་བཏང་སྟེ། ཐོན་སྐྱེད་ནུས་ལྡན་དང་། ཐོན་རྫས་ཉེན་མེད། ཐོན་ཁུངས་གྲོན་ཆུང་། ཁོར་ཡུག་མཛའ་མཐུན་བཅས་ཀྱི་ཞིང་ལས་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་དགོས། 
གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་གྱི་འབྲེལ་བ་གཏན་འཇགས་སུ་བཏང་སྟེ། ས་ཆ་བདག་འཛིན་བྱེད་དབང་དང་། འགན་གཙང་ལེན་དབང་། གཉེར་སྐྱོང་བྱེད་དབང་བཅས་ཀྱི་དབྱེ་གཅོད་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་ལྟར་ས་ཞིང་གཉེར་སྐྱོང་བྱེད་དབང་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་ཡོང་བར་སྐུལ་འདེད་བྱེད་པ། ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་གྲས་སྐྱེད་སྲིང་བྱེད་པའི་སྲིད་ཇུས་ཀྱི་མ་ལག་འཛུགས་དགོས། ལས་རིགས་ཅན་གྱི་ཞིང་པ་དཔེ་གསར་གསོ་སྐྱོང་བྱ་དགོས། གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་བསྒྱུར་བཅོས་ཟབ་ཏུ་གཏོང་དགོས། གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་འགན་ནུས་འཐུས་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་དངུལ་རྩའི་བསྒྱུར་བཅོས་ཟབ་སྤེལ་བྱས་ནས་ཞིང་ལས་ཀྱི་ཉེན་འགོག་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། 
རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་མཐའ་འཁྱོངས་བྱེད་པ་སྟེ། རྨོ་ཞིང་གི་དམར་ཐིག་བརྟན་སྲུང་བྱེད་པ། འབྲུ་རིགས་ས་ཞིང་དང་ལག་རྩལ་ལ་བརྟེན་པའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། འབྲུ་རིགས་ཀྱི་ཐོན་ནུས་འགན་སྲུང་བྱས་ཐོག་གཞི་རྩའི་ཆ་ནས་འབྲུ་རིགས་རང་སྒྲུབ་ཐུབ་པ་དང་ཁ་ཟས་རྦད་དེ་ཉེན་མེད་ཡིན་པ་ཁག་ཐེག་བྱ་དགོས། ཡུན་རིང་གི་གཞི་རྩའི་རྨོ་ཞིང་ཁྱོན་ཡོངས་ནས་གཏན་འཁེལ་བྱས་ཏེ། ཞིང་ཁའི་ཆུ་བེད་དང་། ས་ཞིང་བཅོས་སྒྲིག ཐོན་ཚད་དམའ་འབྲིང་གི་ཞིང་ཁ་སྒྱུར་བཀོད་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བཅས་ལ་ཁྱབ་ཆེན་པོས་སྐུལ་འདེད་གཏོང་རྒྱུ་དང་། འབྲུ་རིགས་སོགས་ཐོན་འབོར་ཆེ་བའི་ཞིང་ལས་ཐོན་རྫས་གཙོ་ཐོན་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་བྱེད་སའི་སྲུང་སྐྱོང་ཁུལ་འཛུགས་པར་འཚོལ་ཞིབ་བྱ་དགོས། ཞིང་ལས་ཐོན་སྐྱེད་ཀྱི་གྲུབ་ཆ་དང་ས་ཁོངས་ཀྱི་བཀོད་པ་ལེགས་སྒྱུར་བྱས་ཏེ། ཐོན་ལས་ཀྱི་སྦྲེལ་ཐག་དང་རིན་ཐང་སྦྲེལ་ཐག་འཛུགས་སྐྲུན་ལ་སྐུལ་འདེད་དང་། ཞིང་ལས་ཀྱི་བྱེད་ནུས་སྣ་མང་འདོན་སྤེལ་བྱས་ཐོག ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་དགོས། 
ཞིང་ལས་ཚད་ལྡན་ཅན་དང་ཆ་འཕྲིན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཞིང་ཁ་ནས་གསོལ་ཅོག་བར་གྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་མ་ལག་དང་། དེང་རབས་ཞིང་ལས་ཀྱི་ཚན་རྩལ་གསར་གཏོད་དང་ཁྱབ་གདལ་མ་ལག ཞིང་ལས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུའི་མ་ལག་བཅས་འཐུས་ཚང་དུ་གཏོང་དགོས། དེང་རབས་ཀྱི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་སུ་བཏང་ནས་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས། རྒྱུན་མཐུད་ངང་ཞིང་ལས་ཐད་དུ་མ་དངུལ་ཇེ་མང་དུ་གཏོང་བ་དང་། ཞིང་ལས་ལ་གསབ་དངུལ་སྤྲོད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ཞིང་ལས་ཐོན་རྫས་ཀྱི་རིན་གོང་འགྲུབ་པའི་ལམ་སྲོལ་བསྒྱུར་བཅོས་དང་། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གསོག་འཇོག་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཞིང་ལས་ཐོན་རྫས་འགྲོ་རྒྱུག་སྒྲིག་བཀོད་དང་ཁྲོམ་རའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། 
ལྔ། ཐོན་ལས་ཀྱི་མ་ལག་གསར་པ་འཛུགས་དགོས། 
བཟོ་སྐྲུན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཀྲུང་གོས་བཟོ་སྐྲུན། 2025 ལག་བསྟར་བྱ་དགོས། བཟོ་སྐྲུན་ལས་རིགས་དེ་ལས་བགོས་ཕྲ་ཞིབ་དང་མཉམ་ལས་དམ་ཟབ་ཕྱོགས་སུ་འཕེལ་བར་ཁྲིད་སྟོན་བྱས་ཏེ། ཆ་འཕྲིན་ལག་རྩལ་ཁྲོམ་ར་དང་། ཇུས་འགོད། ཐོན་སྐྱེད་སོགས་ཀྱི་ལས་རིམ་དག་ལ་ཁྱབ་པར་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་བྱེད་སྟངས་དེ་མཉེན་གཤིས་དང་། རིག་ནུས། ཕྲ་ཞིབ་བཅས་ཀྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། 
བཟོ་ལས་ལ་བརྟེན་ནས་རྨང་གཞི་བརྟན་པོ་གཏོང་བའི་ལས་གྲྭ་ལག་བསྟར་བྱས་ཏེ། སྤུས་རྟགས་ཀྱི་སྤུས་ཚད་མཐོར་གཏོང་བྱ་སྤྱོད་སྤེལ་བ་དང་། ཁེ་ལས་ཀྱིས་རྒྱལ་སྤྱིའི་ལས་རིགས་གཅིག་པའི་ཚད་ཤིང་ལ་དམིགས་ཏེ་ལག་རྩལ་བསྒྱུར་བཀོད་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་པ། ཐོན་རྫས་ཀྱི་ལག་རྩལ་དང་། བཟོ་རྩལ་སྒྲིག་ཆས། ནུས་ཁུངས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། ཚོང་རའི་ལམ་སྲོལ་དང་། དཔལ་འབྱོར་གྱི་བྱེད་ཐབས། ཁྲིམས་སྐྱོང་གི་བྱེད་ཐབས་བཅས་ལ་བརྟེན་ནས་ཐོན་ནུས་ལྷག་ཐལ་ཤོར་བའི་གནད་དོན་སེལ་ཐབས་བྱེད་པར་སྔར་བས་དོ་སྣང་བྱེད་པ་དང་། སྲིད་ཇུས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། ཁེ་ལས་ཀྱི་ཕྱིར་འབུད་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། 
འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། ཐོན་ལས་སྲིད་ཇུས་ཀྱི་ཁྲིད་ཕྱོགས་དང་འགྲན་རྩོད་སྐུལ་འདེད་ཀྱི་བྱེད་ནུས་འདོན་སྤེལ་བྱེད་པ་དང་། རྒྱལ་ཁབ་ཀྱི་ཐོན་ལས་མ་དངུལ་གཏོང་འཇོག་སྣེ་འདྲེན་ཐེབས་རྩའི་ནུས་ཤུགས་སྔར་བས་འདོན་སྤེལ་གང་ལེགས་བྱས་ཐོག འཐབ་ཇུས་རང་བཞིན་ལྡན་པའི་གསར་དར་ཐོན་ལས་ཁག་ཅིག་སྐྱེད་སྲིང་བྱ་དགོས། 
རིག་ནུས་བཟོ་སྐྲུན་ལས་གྲྭ་ལག་བསྟར་བྱས་ཏེ། བཟོ་སྐྲུན་མ་ལག་གསར་གྲས་འཛུགས་རྒྱུ། ཆ་འཕྲིན་འཕྲིན་གཏོང་ལག་རྩལ་རབས་གསར་པ་དང་། རིམ་པ་མཐོ་བའི་གྲངས་འཛིན་འཁོར་སྟེགས་དང་འཕྲུལ་མི། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སྒྲིག་ཆས། རྒྱ་མཚོའི་ལས་གྲྭའི་སྒྲིག་ཆས་དང་ལག་རྩལ་མཐོ་གྲས་ཀྱི་གྲུ་གཟིངས། སྔོན་ཐོན་གྱི་ལྕགས་ལམ་འགྲིམ་འགྲུལ་སྒྲིག་ཆས། ནུས་ཁུངས་གྲོན་ཆུང་དང་ནུས་རྒྱུ་གསར་པའི་རླངས་འཁོར། གློག་ཤུགས་སྒྲིག་ཆས། ཞིང་འཕྲུལ་སྒྲིག་ཆས། རྒྱུ་ཆ་གསར་པ། སྐྱེ་དངོས་གསོ་རིག་དང་སྨན་རྫས་དང་གཤིས་ནུས་མཐོ་བའི་སྨན་བཅོས་ཡོ་བྱད་སོགས་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་དགོས། 
དེང་རབས་ཀྱི་ཞབས་ཞུའི་ལས་རིགས་གོང་འཕེལ་ཇེ་མགྱོགས་སུ་གཏོང་བའི་བྱ་འགུལ་སྤེལ་བ་དང་། ཚོང་རར་ཞུགས་འཐུས་གུ་ཡངས་སུ་གཏོང་བ་དང་། སྤུས་ལེགས་དང་ལས་ཕྱོད་ཆེ་བའི་སྒོ་ནས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དེ་ཆེད་ལས་ཅན་དང་རིན་ཐང་སྦྲེལ་ཐག་གི་རྩེ་རིམ་ཕྱོགས་སུ་ཁྱབ་པ་དང་། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དེ་ཕྲ་ཞིབ་དང་རྒྱུ་སྤུས་ལེགས་པར་འགྱུར་བར་སྐུལ་འདེད་གཏོང་བ་དང་། བཟོ་སྐྲུན་ལས་རིགས་དེ་ཐོན་སྐྱེད་ཅན་ནས་ཐོན་སྐྱེད་ཞབས་འདེགས་ཅན་གྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་ཤིང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། 
(དྲུག)གོང་སྤེལ་གྱི་སྒྲིག་སྲོལ་གསར་པ་འཛུགས་དགོས། གསར་གཏོད་གོང་སྤེལ་ལ་ཕན་པ་ཡོད་པའི་ཁྲོམ་རའི་ཁོར་ཡུག་དང་། རྒྱུ་ནོར་བདག་དབང་ལམ་ལུགས། མ་དངུལ་འདུ་གཏོང་སྒྲིག་སྲོལ། བགོ་བཤའི་ལམ་ལུགས། ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན་བེད་སྤྱོད་ལམ་སྲོལ་བཅས་གང་མགྱོགས་སུ་ཆགས་ཐབས་བྱ་དགོས། 
སྲིད་འཛིན་དོ་དམ་གྱི་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱས་ཏེ། སྲིད་གཞུང་གི་འགན་ནུས་སྔར་བས་བསྒྱུར་ནས་ལས་ཁུངས་ཁུ་བསྡུ་དང་། འཛིན་ལྷོད་ཟུང་སྦྲེལ། ཞབས་ཞུ་ལེགས་སྒྱུར་བཅས་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་བ། སྲིད་གཞུང་གི་ཕྱོད་ནུས་མཐོར་འདེགས་གཏོང་བ། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་ཤུགས་སྐུལ་སྤེལ་གཏོང་དགོས། 
སྤྱི་ལ་དབང་བའི་ལམ་ལུགས་གྲུབ་ཆ་གཙོ་བོར་བྱེད་ཅིང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་ཐུན་མོང་དུ་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་བྱ་དགོས། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་འགྱུར་བ་སྤུ་ཙམ་མེད་པའི་སྒོ་ནས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་བསྔགས་སྐུལ་དང་། རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱ་དགོས། རྒྱུ་ནོར་བདག་དབང་སྲུང་སྐྱོབ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱ་དགོས། 
རྒྱལ་ཁབ་ལ་དབང་བའི་ཁེ་ལས་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་གྱི་གསོན་ཤུགས་དང་། ཁ་ལོ་སྒྱུར་ཤུགས། བག་ཆགས་འཇོག་ནུས། ཉེན་ཁ་འགོག་ནུས་བཅས་ཇེ་ཆེར་གཏོང་དགོས། གཞུང་དབང་ཁེ་ལས་བསྒྱུར་བཅོས་རིགས་འབྱེད་ལ་སྐུལ་འདེད་དང་། དེང་རབས་ཁེ་ལས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དོ་དམ་སྒྲིག་སྲོལ་ཁག་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། མ་རྩ་དོ་དམ་གཙོར་བྱས་ནས་གཞུང་དབང་རྒྱུ་ནོར་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། གཞུང་དབང་རྒྱུ་ནོར་ཤོར་བ་སྔོན་འགོག་བྱ་དགོས། རྒྱལ་ཁབ་ལ་དབང་བའི་མ་རྩ་ལུགས་མཐུན་ངང་འཁོར་རྒྱུག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ལ་དབང་བའི་མ་རྩ་བཀོད་སྒྲིག་ལ་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ལ་དབང་བའི་མ་རྩ་སྔར་ལས་མང་པོ་ཞིག་རྒྱལ་ཁབ་ཀྱི་བདེ་འཇགས་དང་། རྒྱལ་དམངས་དཔལ་འབྱོར་གྱི་སྲོག་རྩར་འབྲེལ་བ་ཡོད་པའི་ལས་རིགས་གལ་ཆེན་དང་འགག་རྩའི་ཁྱབ་ཁོངས་སུ་གཏོང་བར་ཁྲིད་སྟོན་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་གཞུང་དབང་ཁེ་ལས་སྟོབས་ཆེན་དང་ཕུལ་བྱུང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དམིགས་འབེན་ལ་སྔར་ལས་ལེགས་པར་ཞབས་འདེགས་ཞུ་རུ་འཇུག་དགོས། 
དམངས་གཉེར་ཁེ་ལས་ཁྲིམས་ལྟར་ཁྱབ་ཁོངས་སྔར་ལས་མང་བར་ཞུགས་པར་བསྔགས་སྐུལ་བྱས་ཏེ། གཞུང་དབང་ཁེ་ལས་བསྒྱུར་བཅོས་ཁྲོད་དུ་རྒྱལ་ཁབ་ལ་དབང་བ་མིན་པའི་མ་རྩ་ནང་འདྲེན་བྱས་ནས་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གྱི་གསོན་ཤུགས་དང་གསར་གཏོད་ནུས་ཤུགས་འདོན་སྤེལ་གང་ལེགས་བྱ་དགོས། 
ཁེ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སྒྱུར་གཏོང་དགོས། དངོས་གཞིའི་དཔལ་འབྱོར་ཁེ་ལས་ཀྱི་མ་གནས་ཉུང་འཕྲི་བྱ་སྤྱོད་སྤེལ་བ་དང་། གཉེར་སྐྱོང་བྱེད་སྟངས་ལེགས་སུ་བཏང་ནས་ཁེ་སྤོགས་བྱེད་ནུས་ཇེ་ཆེར་གཏོང་བ། ཁེ་ལས་གཉེར་སྐྱོང་ཇུས་ཐག་གཅོད་པར་སྲིད་གཞུང་གི་ཐེ་གཏོགས་ལ་ཚོད་འཛིན་བྱས་ནས་སྲིད་འཛིན་གྱི་ཞིབ་མཆན་འགོད་རྒྱུའི་དོན་གནད་ཉུང་དུ་གཏོང་དགོས། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་དངུལ་བསྡུ་ལེན་གཙང་བཤེར་དང་ཚད་ལྡན་དུ་བཏང་སྟེ། ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ། དྲང་གཞག་འགྲན་རྩོད་དང་ཁེ་ལས་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཁེ་ལས་པའི་སྙིང་སྟོབས་སྐུལ་སྤེལ་དང་། ཁྲིམས་ལྟར་ཁེ་ལས་པའི་རྒྱུ་ནོར་བདག་དབང་དང་གསར་གཏོད་ཁེ་བཟང་སྲུང་སྐྱོང་བྱ་དགོས། 
གཅིག་གྱུར་སྒོ་འབྱེད་དང་འགྲན་རྩོད་གོ་རིམ་ལྡན་པའི་ཁྲོམ་རའི་མ་ལག་གང་མགྱོགས་ཆགས་པར་བྱས་ནས། འགྲན་རྩོད་དྲང་གཞག་འགན་ལེན་ལམ་སྲོལ་འཛུགས་པ་དང་། ས་ཁོངས་ཀྱི་བགོ་གཅོད་དང་ལས་རིགས་ཀྱི་སྒེར་སྡེམ་མེད་པར་བཟོ་དགོས། ཚོང་རའི་སྡེབ་སྒྲིག་རྒྱུ་རྐྱེན་བསྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ཤེས་ལྡན་མི་སྣ་དང་། མ་དངུལ། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་སོགས་གྲོང་ཁྱེར་དང་གྲོང་གསེབ་དང་། ཁེ་ལས། མཐོ་རིམ་སློབ་གྲྭ ཚན་རིག་ཞིབ་འཇུག་ལས་ཁུངས་བཅས་ཀྱི་བར་ལ་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཡོང་བར་སྐུལ་འདེད་གཏོང་དགོས། 
ནོར་ཁྲལ་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྤོ་སྒྱུར་བྱེད་པ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆགས་པ། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པའི་དེང་རབས་ཀྱི་ནོར་སྲིད་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ཁྲལ་རིགས་ཚན་རིག་དང་མཐུན་ཞིང་གྲུབ་ཚུལ་ལེགས་སྒྱུར་དང་། བཅའ་ཁྲིམས་འཐུས་ཚང་། ཚད་ལྡན་དྲང་སྙོམས། བསྡུ་ལེན་དོ་དམ་ལས་ཕྱོད་ཆེ་བ་བཅས་ཀྱི་ཁྲལ་བསྡུའི་ལམ་ལུགས་འཛུགས་དགོས། དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་ཕན་ཚུན་མཐུན་པའི་ལམ་ལུགས་འཛུགས་པ་དང་། ཀྲུང་དབྱང་གི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་ཆེ་རུ་འོས་འཚམ་གཏོང་དགོས། ཕྱོགས་སོ་སོའི་བརྩོན་སེམས་སྐུལ་སྤེལ་བྱེད་པ་དང་། ཁྲལ་རིགས་ཀྱི་ངོ་བོར་བསམ་གཞིགས་བྱས་ནས་ཀྲུང་དབྱང་དང་ས་གནས་ཀྱི་ཡོང་འབབ་བགོ་བཤའ་རིམ་གྱིས་མཐུན་སྒྲིག་བྱ་དགོས། ཁྱོན་ཡོངས་ཚད་ལྡན་དང་ཕྱི་གསལ་ནང་གསལ་གྱི་སྔོན་རྩིས་ལམ་ལུགས་བཙུགས་ནས་སྲིད་གཞུང་གི་སྔོན་རྩིས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལོ་འཁོར་བརྒལ་བའི་སྔོན་རྩིས་དོ་མཉམ་ལམ་སྲོལ་དང་དུས་འབྲིང་གི་ནོར་སྲིད་འཆར་འགོད་དོ་དམ་ལག་བསྟར་བྱ་དགོས། ས་གནས་སྲིད་གཞུང་གིས་བུ་ལོན་ལེན་པ་དང་མ་རྩ་སྡུད་པའི་སྒྲིག་སྲོལ་ཚད་ལྡན་ཅན་འཛུགས་པ། གསར་གཏོད་ཐོན་རྫས་དང་ལྗང་མདོག་ཐོན་རྫས་དམིགས་བསལ་གྱིས་སྔོན་ལ་བེད་སྤྱོད་པའི་སྲིད་གཞུང་གི་ཉོ་སྒྲུབ་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། 
དངུལ་རྩའི་སྒྲིག་སྲོལ་བསྒྱུར་བཅོས་གང་མགྱོགས་བྱས་ཏེ། དངུལ་རྩའི་ཞབས་ཞུའི་དངོས་གཞིའི་དཔལ་འབྱོར་ལས་ཕྱོད་ཆེ་རུ་གཏོང་དགོས། ཚོང་ལས་རང་བཞིན་གྱི་དངུལ་རྩ་དང་། གསར་སྤེལ་རང་བཞིན་གྱི་དངུལ་རྩ། སྲིད་ཇུས་རང་བཞིན་གྱི་དངུལ་རྩ། མཉམ་ལས་རང་བཞིན་གྱི་དངུལ་རྩ་བཅས་ལས་བགོས་ལུགས་མཐུན་དང་ཕན་ཚུན་ཁ་གསབ་ཀྱི་དངུལ་རྩའི་སྒྲིག་གཞིའི་མ་ལག་འཐུས་ཚང་དུ་གཏོང་དགོས། རིམ་པ་མང་ཞིང་ཁེབས་རྒྱ་ཆེ་བ་དང་། ཁྱད་པར་ཡོད་པའི་དངུལ་ཁང་སྒྲིག་གཞིའི་མ་ལག་འཛུགས་པ་དང་། དམངས་ཁྲོད་ཀྱི་མ་རྩ་དངུལ་ཁང་ལས་རིགས་སུ་ཞུགས་རྒྱ་ཆེ་རུ་སྐྱེད་པ། སྤྱི་ཕན་དངུལ་རྩ་དར་སྤེལ་གཏོང་བ། ཁེ་ལས་འབྲིང་ཆུང་དང་ཕྲ་ཆུང་དང་། གྲོང་གསེབ་དང་ལྷག་པར་དུ་དབུལ་ཕོངས་ས་ཁུལ་གྱི་དངུལ་རྩའི་ཞབས་འདེགས་བྱེད་ཤུགས་གཙོར་བྱས་ནས་ཤུགས་ཆེ་རུ་གཏོང་དགོས། ཕྱི་གསལ་ནང་གསལ་ཡིན་ཞིང་སྐྱོན་བྲལ་གོང་འཕེལ་འགྲོ་བའི་མ་རྩའི་ཁྲོམ་ར་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་། མ་རྐང་འཛིན་ཤོག་དང་བུན་འཛིན་འགྲེམས་སྤེལ་ཉོ་ཚོང་ལམ་ལུགས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཐད་ཀར་མ་དངུལ་བསྡུ་བའི་བསྡུར་ཚད་མཐོར་འདེགས་དང་། འཇའ་ཤིང་གི་ཚད་གཞི་ཇེ་དམའ་རུ་གཏོང་དགོས། གསར་གཏོད་ཀྱི་དགོས་མཁོ་དང་མཐུན་པའི་དངུལ་རྩའི་ཞབས་ཞུ་གསར་སྤེལ་དང་། ཁེ་སྤོགས་ཆེན་པོའི་བུན་འཛིན་དང་དེ་བཞིན་མ་རྐང་འཛིན་ཤོག་དང་བུ་ལོན་ཟུང་འབྲེལ་བྱེད་པའི་མ་དངུལ་བསྡུ་སྟངས་ལ་སྐུལ་འདེད་གཏོང་བ། དངུལ་ལོར་གྱི་འཛའ་ཐང་དང་སྐྱེད་ཚད་ཁྲོམ་ར་ཅན་དུ་འགྱུར་བར་སྐུལ་འདེད་དང་། དངུལ་རྩའི་ལས་ཁུངས་ཀྱིས་དོ་དམ་ཆུ་ཚད་དང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་བཏང་ནས་ཁེ་ལས་ཀྱི་མ་དངུལ་བསྡུ་བའི་མ་གནས་དམའ་རུ་གཏོང་དགོས། འཕྲིན་སྦྲེལ་དྲ་བའི་དངུལ་རྩ་ཚད་ལྡན་དང་གོང་སྤེལ་གཏོང་བ། གནོད་སྐྱོན་ཚབས་ཆེན་གྱི་ཉེན་འགོག་འགན་བཅོལ་ལམ་ལུགས་གང་མགྱོགས་སུ་འཛུགས་རྒྱུ་དང་། ཉེན་འགོག་འགན་ལེན་གྱི་རྒྱུ་ནོར་ཉོ་ཚོང་ལམ་སྲོལ་འཛུགས་རྒྱུ་འཚོལ་ཞིབ་བྱ་དགོས། 
དངུལ་རྩའི་སྤྱི་ཁོག་ནས་གཟབ་ནན་དོ་དམ་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་རྒྱུ་དང་། དེང་རབས་ཀྱི་དངུལ་རྩའི་ཁྲོམ་ར་འཕེལ་རྒྱས་དང་མཐུན་པའི་དངུལ་རྩའི་ལྟ་སྐུལ་དོ་དམ་གྱི་སྒྲོམ་གཞི་བསྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བ། རང་རྒྱལ་གྱི་གནས་ཚུལ་དང་རྒྱལ་སྤྱིའི་ཚད་གཞི་དང་མཐུན་པའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས་དངུལ་རྩའི་ཉེན་ཁ་སྤྱི་ལ་ལྟ་སྐུལ་དོ་དམ་བྱེད་དུ་འཇུག་དགོས། གཞུང་དབང་དངུལ་རྩའི་མ་རྩ་དང་ཕྱི་དངུལ་གྲབས་གསོག་གི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། བདེ་འཇགས་དང་ལས་ཕྱོད་མཐོ་བའི་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྤེལ་བྱེད་པ། དངུལ་རྩའི་ཉེན་ཁ་འགོག་ཐབས་ནུས་ལྡན་བེད་སྤྱོད་དང་འཕེལ་རྒྱས་སུ་བཏང་ནས་མ་ལག་རང་བཞིན་དང་ས་ཁོངས་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་སྔོན་འགོག་བྱ་དགོས། 
བདུན།སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་བྱེད་སྟངས་གསར་གཏོད་དང་འཐུས་ཚང་དུ་གཏོང་དགོས། སྤྱི་འབོར་སྙོམ་སྒྲིག་དང་ཕྱོགས་ངེས་ཇུས་འགོད་མཉམ་སྤེལ་དང་། དུས་ཐུང་དང་དུས་ཡུན་འབྲིང་རིང་ཟུང་འབྲེལ། རྒྱལ་ནང་དང་རྒྱལ་སྤྱི་གཅིག་གྱུར་འཆར་འགོད། བསྒྱུར་བཅོས་དང་འཕེལ་རྒྱས་མཐུན་སྦྱོར་བཅས་ཀྱི་བླང་བྱ་ལྟར། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་འཐུས་ཚང་དུ་བཏང་ནས། སྐབས་བསྟུན་སྙོམས་སྒྲིག་དང་གནད་འཕིགས་སྙོམས་སྒྲིག་བྱེད་ཐབས་སྤྱོད་པ་དང་། དུས་དང་བསྟུན་ནས་སྔོན་ཚུད་ནས་ལེགས་སྒྲིག་དང་ལེགས་སྒྲིག་ཕྲན་བུ་བྱེད་པ། ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་། ཟོག་གོང་བརྟན་འཇགས། གྲུབ་ཚུལ་ལེགས་སྒྲིག ཕན་འབྲས་ཆེར་སྐྱེད། ཉེན་ཁ་སྔོན་འགོག་དང་ཚོད་འཛིན། ཁོར་ཡུག་སྲུང་སྐྱོང་བཅས་ལ་སྔར་བས་དོ་སྣང་བྱ་དགོས། 
རྒྱལ་ཁབ་ཀྱི་དུས་ཡུན་འབྲིང་རིང་གི་འཕེལ་རྒྱས་འཆར་འགོད་ཀྱི་དམིགས་འབེན་དང་། དགོས་མཁོ་དང་འདོན་སྤྲོད་སྤྱིའི་གནས་བབ་ལྟར་སྤྱི་ཁོག་སྙོམས་སྒྲིག་ལག་བསྟར་བྱ་དགོས། སྲིད་ཇུས་ཀྱི་གཞི་རྩ་བརྟན་ལྷིང་བྱེད་པ་དང་། སྔོན་དཔག་ཐུབ་པའི་རང་བཞིན་དང་གསལ་ཚད་ཇེ་ཆེར་གཏོང་བ། སྙོམས་སྒྲིག་བསམ་ཕྱོགས་དང་སྲིད་ཇུས་ཀྱི་ལག་ཆ་གསར་གཏོད་བྱེད་པ། བར་མཚམས་སྙོམས་སྒྲིག་གི་རྨང་གཞིའི་ཐོག་ཕྱོགས་ངེས་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། དམིགས་གཏད་རང་བཞིན་དང་གནད་འཁེལ་རང་བཞིན་ཇེ་ཆེར་གཏོང་དགོས། ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་གཙོར་བྱས་ཤིང་། ཐོན་ལས་སྲིད་ཇུས་དང་། ས་ཁོངས་སྲིད་ཇུས། མ་དངུལ་འཇོག་པའི་སྲིད་ཇུས། འཛད་སྤྱོད་སྲིད་ཇུས། རིན་གོང་སྲིད་ཇུས་བཅས་མཐུན་སྦྱོར་དང་གཞོགས་འདེགས་བྱེད་པའི་སྲིད་ཇུས་མ་ལག་འཛུགས་པ་དང་། ནོར་སྲིད་དང་དངུལ་ལོར་གྱི་སྲིད་ཇུས་ཀྱི་མཐུན་སྦྱོར་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། གཞི་གྲངས་ཆེན་མོའི་ལག་རྩལ་ལ་བརྟེན་ནས་དཔལ་འབྱོར་འཁོར་རྒྱུག་ཆ་འཕྲིན་གྱི་དུས་ཐོག་རང་བཞིན་དང་གནད་འཁེལ་རང་བཞིན་མཐོར་འདེགས་གཏོང་དགོས། 
སྲིད་གཞུང་གིས་རིན་གོང་འགྲུབ་པར་ཐེ་གཏོགས་ཉུང་དུ་བཏང་ནས་འགྲན་རྩོད་རང་བཞིན་ཁྱབ་ཁོངས་ཀྱི་ཚོང་ཟོག་དང་ཞབས་ཞུའི་རིན་གོང་ཁྱོན་ཡོངས་ནས་གློད་པ་དང་། གློག་ཤུགས་དང་། རྡོ་སྣུམ། རང་བྱུང་སོལ་རླངས། འགྲིམ་འགྲུལ་སྐྱེལ་འདྲེན། གློག་འཕྲིན་སོགས་ཁྱབ་ཁོངས་ཀྱི་འགྲན་རྩོད་རང་བཞིན་ལྷུ་ཚིགས་ཀྱི་རིན་གོང་གློད་དགོས། 
ཉེན་ཁ་ངོས་འཛིན་དང་སྔོན་བརྡའི་ལམ་སྲོལ་བཙུགས་ཏེ་ཚོད་འཛིན་ཐུབ་པའི་བྱེད་སྟངས་དང་མྱུར་ཚད་ཀྱིས་ཉེན་ཁ་རང་འགུལ་ངང་ཞི་བར་བྱེད་པ་དང་། ནོར་སྲིད་དང་། དངུལ་རྩ། ནུས་ཁུངས། གཏེར་ལས་ཐོན་ཁུངས། ཆུའི་ཐོན་ཁུངས། འབྲུ་རིགས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད། དྲ་རྒྱའི་བདེ་འཇགས་སོགས་ཐད་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་ནུས་ཆེ་རུ་གཏོང་དགོས། 
བཞི།མཐུན་སྦྱོར་ངང་གོང་དུ་སྤེལ་བ་མཐའ་འཁྱོངས་བྱས་ཏེ།དོ་མཉམ་འཕེལ་རྒྱས་ཀྱི་སྒྲིག་གཞི་ཆགས་གང་ཐུབ་བྱ་དགོས། 
འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་ཇེ་དྲག་ཏུ་གཏོང་བར་ངེས་པར་དུ་ས་ཁོངས་མཐུན་སྦྱོར་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་འགྱུར་བ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀར་མཐོང་ཆེན། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྱོང་མཉམ་འདྲེས་བཅས་བྱེད་པ་མཐའ་འཁྱོངས་བྱས་ཏེ། མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ཁྲོད་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་པ་དང་། ཞན་ཆའི་ཁྱབ་ཁོངས་ལ་ཤུགས་སྣོན་རྒྱག་རིམ་ཁྲོད་འཕེལ་རྒྱས་ཀྱི་གཏིང་ཤུགས་ཇེ་ཆེར་གཏོང་དགོས། 
གཅིག ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱ་དགོས། 
རྒྱུ་རྐྱེན་གཙོ་བོ་ནི་གོ་རིམ་ལྡན་ལ་རང་མོས་ངང་འཁོར་སྐྱོད་དང་། གཙོ་ནུས་ཐོན་ཁུལ་གྱི་ཚོད་འཛིན་ནུས་ལྡན། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས། ཐོན་ཁུངས་ཁོར་ཡུག་གིས་ཐེག་ནུས་པའི་ས་ཁོངས་མཐུན་སྦྱོར་གོང་འཕེལ་གྱི་རྣམ་པ་གསར་པ་ཆགས་ཐབས་བྱ་དགོས། 
ནུབ་རྒྱུད་གསར་སྤེལ་ཆེན་པོ་ལག་བསྟར་གཏིང་ཟབ་བྱས་ཏེ། ནུབ་རྒྱུད་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་། ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱ་དགོས། བྱང་ཤར་ས་ཁུལ་སོགས་བཟོ་ལས་ཀྱི་རྟེན་གཞི་རྙིང་པ་དར་རྒྱས་སུ་གཏོང་བར་སྐུལ་འདེད་དང་། དབུས་རྒྱུད་ས་ཁུལ་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཚོང་རའི་ཁ་ཕྱོགས་བསྒྱུར་བཅོས་མགྱོགས་སུ་གཏོང་བ་བཅས་བྱ་དགོས། ཤར་རྒྱུད་ས་ཁུལ་སྔོན་ལ་གོང་དུ་འཕེལ་བར་རྒྱབ་སྐྱོར་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་ས་ཁུལ་གཞན་དག་ལ་ཁྱབ་འགྱེད་དང་སྐུལ་ཁྲིད་བྱ་དགོས། གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་འཕེལ་རྒྱས་གང་མགྱོགས་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཐོན་ཁུངས་ཉམས་ཞན་དང་། ཐོན་ལས་ཉམས་རྒུད། སྐྱེ་ཁམས་ཞན་འགྱུར་ཚབས་ཆེན་སོགས་དཀའ་ངལ་ཡོད་པའི་ས་ཁུལ་དུ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། 
ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱེད་པའི་འཕར་གཞི་འགའ་ཞིག་སྐྱེད་སྲིང་བྱ་དགོས། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཉམ་དུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་བར་སྟོང་བཀོད་སྒྲིག་བྱེད་ཚུལ་དང་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སུ་གཏོང་བ། པེ་ཅིང་གི་རྒྱལ་སའི་བྱེད་ནུས་མི་ལྡན་པ་རྣམས་གོ་རིམ་ལྡན་པའི་སྒོ་ནས་དཀྲོལ་བར་བྱེད་རྒྱུ། འགྲིམ་འགྲུལ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཁོར་ཡུག་གི་ཤོང་ཚད་དང་སྐྱེ་ཁམས་ཀྱི་བར་སྟོང་རྒྱ་སྐྱེད་གཏོང་བ། མི་འབོར་དང་དཔལ་འབྱོར་འདུས་ཆ་ཆེ་བའི་ས་ཁུལ་གྱི་གསར་སྤེལ་དཔེ་རྣམ་གསར་པ་འཚོལ་ཞིབ་བཅས་བྱ་དགོས། འབྲི་ཆུའི་དཔལ་འབྱོར་རྒྱུད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ། དམིགས་གཞི་མཐོན་པོའི་སྒོ་ནས་ཕྱོགས་བསྡུས་ལངས་གཟུགས་ཀྱི་འགྲིམ་འགྲུལ་བར་ཁྱམས་འཛུགས་སྐྲུན་བྱས་ནས་ཐོན་ལས་ཀྱི་བཀོད་པ་ལེགས་སྒྱུར་དང་ལས་བགོས་རོགས་རེས་ལ་སྐུལ་ཁྲིད་བྱ་དགོས། 
གཉིས། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། 
བཟོ་ལས་ཀྱིས་ཞིང་ལས་ལ་ཕན་འདོགས་པ་དང་། གྲོང་ཁྱེར་གྱིས་གྲོང་གསེབ་ལ་རྒྱབ་སྐྱོར་བྱེད་པ་མཐའ་འཁྱོངས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཞི་གཅིག་ཅན་དུ་འགྱུར་བའི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་འདྲ་མཉམ་གྱི་སྒོ་ནས་བརྗེ་རེས་དང་། བཀོད་སྒྲིག་ལུགས་མཐུན། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམ་ཅན་དུ་འགྱུར་བ་བཅས་བྱེད་པར་སྐུལ་འདེད་བྱ་དགོས། 
ཁྱད་ལྡན་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ། གྲོང་ཁྱེར་ཆུང་འབྲིང་དང་ཁྱད་ལྡན་གྱི་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་སྐྱེད་སྲིང་གང་མགྱོགས་གཏོང་བ། ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་གྲོང་གསེབ་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་པའི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་སྐྱེད་གཏོང་བ། ཞིང་པའི་ཡོང་འབབ་འཕར་སྣོན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། གྲོང་གསེབ་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་བྱ་དགོས། 
མི་ལྟེ་བ་ཡིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་གྲས་ལ་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་གྱི་འཆར་འགོད་དང་འཛུགས་སྐྲུན། དོ་དམ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཐེམ་ཐོའི་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་བྱས་ནས། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་འཚོ་བ་བརྟན་པོ་རོལ་ཐུབ་པའི་འཇོན་ནུས་ལྡན་མཁན་ཞིང་ལས་སྤོ་སྒྱུར་མི་འབོར་ཁྱིམ་མི་ཡོངས་དང་བཅས་པ་གྲོང་ཁྱེར་དུ་ཁྱིམ་གཞིས་འཛུགས་པར་སྐུལ་འདེད་བྱེད་པ་མ་ཟད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་འདྲ་མཚུངས་ཀྱི་ཁེ་དབང་དང་འོས་འགན་ལྡན་པར་བྱ་དགོས། གནས་སྡོད་ལག་ཁྱེར་གྱི་ལམ་ལུགས་ལག་བསྟར་བྱས་ཏེ་གཞི་རྩའི་སྤྱི་པའི་ཞབས་ཞུ་རྒྱུན་སྡོད་མི་འབོར་ཡོངས་ལ་ཁྱབ་ཐུབ་པར་འབད་བརྩོན་བྱ་དགོས། ནོར་སྲིད་གཞན་སྒྱུར་གཏོང་སྤྲོད་དེ་ཞིང་ལས་གཞན་སྒྱུར་གྱི་མི་འབོར་གྲོང་མིར་འགྱུར་རྒྱུ་དང་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆའི་ཆེར་སྐྱེད་གཞི་ཁྱོན་དང་ཞིང་ལས་གཞན་སྒྱུར་མི་འབོར་གྱི་གཞིས་ཆགས་གྲངས་འབོར་གཉིས་འབྲེལ་མཐུད་བྱེད་པའི་ལམ་སྲོལ་འཛུགས་དགོས། གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་པའི་ས་ཞིང་འགན་གཙང་ལེན་གྱི་དབང་ཆ་དང་། ཁང་ས་བཀོལ་སྤྱོད་བྱེད་དབང་། ཐུན་མོང་གི་ཁེ་ཕན་བགོ་བཤའ་རྒྱག་དབང་བཅས་སྲུང་སྐྱོང་བྱེད་པ་དང་། ཁོང་ཚོས་ཁྲིམས་ལྟར་རང་མོས་དང་རིན་དོད་ཡོད་པའི་སྒོ་ནས་གོང་གསལ་ཁེ་དབང་དག་བཤུག་སྤྲོད་བྱེད་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱ་དགོས། སྡོད་ཁང་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་དགོས། 
གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ཐོན་ཁུངས་ཆ་སྙོམས་སྡེབ་སྒྲིག་ཡོང་བར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་གཏོང་འཇོག་གི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་བྱ་གཞག་གོང་དུ་སྤེལ་བའི་གཙོ་གནད་དེ་གྲོང་གསེབ་དང་ཞིང་ལས་ཀྱི་སྤོ་སྒྱུར་མི་འབོར་ཅུང་མང་པོ་བསྡུ་ལེན་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ལ་འཇོག་དགོས་ཤིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་པའི་ཞབས་ཞུ་དེ་གྲོང་གསེབ་ཏུ་ཁྱབ་པར་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་གཏོང་བ་དང་། གྲོང་གསེབ་ཀྱི་འཚོ་གནས་ཁོར་ཡུག་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ཐོག སྲོལ་རྒྱུན་གྲོང་སྡེའི་ཡུལ་མིའི་སྡོད་ཁང་དང་ལོ་རྒྱུས་རིག་གནས་ཀྱི་གྲོང་ཚོ་གྲགས་ཅན་དང་གྲོང་རྡལ་གྲགས་ཅན་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ། མཛེས་སྡུག་ལྡན་ཞིང་འཚོ་གནས་ལ་འཚམ་པའི་ཞིང་གྲོང་འཛུགས་སྐྲུན་བྱ་དགོས། 
གསུམ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། 
ཕྱོགས་གཉིས་འཛིན་པ་དང་ཕྱོགས་གཉིས་དམ་པོར་འཛིན་པ་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་མཐའ་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་ལས་ཀའི་ཁ་ཕྱོགས་མཐའ་འཁྱོངས། སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་པ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བཅས་བྱས་ཏེ། རིག་གནས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། རིག་གནས་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ། རིག་གནས་ཀྱི་བསྒྱུར་བཅོས་དང་གོང་སྤེལ་ཇེ་མགྱོགས་སུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་དགོས། 
ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་བཅས་སྤྱད་ནས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་བ་རྒྱུན་འཁྱོངས་བྱེད་ཅིང་། ཀྲུང་གོའི་ཕུགས་འདུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྤྱད་ནས་ཐུན་མོང་གི་ངོས་འཛིན་གཅིག་བསྡུས་དང་སྟོབས་ཤུགས་གཅིག་སྒྲིལ་བྱ་དགོས། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བྱེད་པའི་ལས་གྲྭ་ཟབ་སྤེལ་བྱེད་པ་དང་། བསམ་བློ་ཀུན་སྤྱོད་ལེགས་སྐྱོང་དང་སྤྱི་ཚོགས་ཡིད་རྟོན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འདུ་ཤེས་དང་། ཁྲིམས་སྐྱོང་གི་འདུ་ཤེས། སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་བཅས་ཇེ་ཆེར་གཏོང་བ་དང་། ཚན་རིག་གི་སྙིང་སྟོབས་དང་ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་དགོས། བཅའ་ཁྲིམས་དང་སྲིད་ཇུས་བརྒྱུད་ནས་སྤྱི་ཚོགས་ལ་ཡང་དག་པའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་བརྒྱུད་སྤེལ་བྱེད་པར་མཐོང་ཆེན་བྱ་དགོས། 
ཕུལ་བྱུང་གི་རིག་གནས་ཐོན་རྫས་གསར་རྩོམ་དང་ཐོན་སྐྱེད་བྱེད་པར་རོགས་སྐྱོར་བྱེད་པ་དང་། རིག་གནས་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྩོམ་རིག་སྒྱུ་རྩལ་དང་། གསར་འགྱུར་དཔེ་སྐྲུན། རླུང་འཕྲིན་གློག་བརྙན་བརྙན་འཕྲིན་བཅས་ཀྱི་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་བྱ་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གསར་གཏོད་ལས་གྲྭ་ལག་བསྟར་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིག་མཛོད་གསར་པ་འཛུགས་སྐྲུན་བྱ་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་མ་ལག་འཛུགས་སྐྲུན་བྱེད་པ་དང་། རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྲོལ་རྒྱུན་བཟོ་རྩལ་དར་རྒྱས་གཏོང་བ་དང་། ཀྲུང་ཧྭའི་རིག་གཞུང་གལ་ཆེན་ལེགས་སྒྲིག་བྱེད་པའི་ལས་གྲྭ་ལག་བསྟར་བྱ་དགོས། གཞི་རིམ་གྱི་བསམ་བློ་རིག་གནས་དྲིལ་སྒྲོག་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱས་ཏེ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གཏོད་པའི་བྱེད་སྒོ་སྣ་ཚོགས་ཟབ་སྤེལ་བྱ་དགོས། 
རིག་གནས་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱས་ཏེ་རིག་གནས་ལས་གྲྭ་གལ་ཆེན་ལག་བསྟར་བྱེད་ཅིང་། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དང་། རིག་གནས་ཐོན་ལས་མ་ལག རིག་གནས་ཚོང་རའི་མ་ལག་བཅས་འཐུས་ཚང་དུ་གཏོང་དགོས། གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་ཚད་ལྡན་ཅན་དང་ཆ་སྙོམས་ཅན་དུ་འཕེལ་བར་སྐུལ་འདེད་བཏང་སྟེ། རིག་གནས་ཐོན་ཁུངས་ནི་གྲོང་ཁྱེར་དང་གྲོང་གསེབ་གཞི་རིམ་ལ་ཕྱོགས་པར་སྣེ་ཁྲིད་པ་དང་། སྤྱི་པའི་རིག་གནས་ཞབས་ཞུ་སྒྲུབ་སྟངས་གསར་གཏོད། མི་དམངས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་སྲུང་བཅས་བྱ་དགོས། རིག་གནས་ཐོན་ལས་གྲུབ་ཚུལ་ལེགས་སྒྱུར་རིམ་སྤར་ཡོང་བར་སྐུལ་འདེད་གཏོང་བ་དང་། རྐང་འཛིན་རིག་གནས་ཁེ་ལས་དང་གསར་འདོན་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བ། རིག་གནས་རྣམ་པ་གསར་པ་སྐྱེད་སྲིང་དང་རིག་གནས་འཛད་སྤྱོད་རྒྱ་སྐྱེད་དང་སྣེ་ཁྲིད་བཅས་བྱ་དགོས། ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་ཞིང་དམངས་ཡོངས་ཀྱིས་དཔེ་ཆ་ཀློག་པར་སྐུལ་སློང་བྱ་དགོས། ལུས་རྩལ་བྱ་གཞག་གོང་དུ་སྤེལ་ཞིང་དམངས་ཡོངས་ཀྱི་ལུས་སྦྱོང་ཁྱབ་གདལ་དུ་གཏོང་བ་དང་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་ཡོང་བ་བྱ་དགོས། 
ལོའི་པེ་ཅིན་གྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་བསྡུ་བའི་གྲ་སྒྲིག་གི་ལས་ཀ་ཡག་པོར་བསྒྲུབ་དགོས། 
ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་དམ་པོར་བཟུང་སྟེ། སྤྱི་ཚོགས་ཀྱི་གླེང་ཕྱོགས་ཁྲིད་སྟོན་ལམ་སྲོལ་འཐུས་ཚང་བཟོ་བ་དང་དྲང་ཕྱོགས་ཀྱི་ནུས་པ་བརྒྱུད་སྒྲོག་བྱ་དགོས། དྲ་ཐོག་གི་བསམ་བློ་རིག་གནས་ཀྱི་གཡུལ་ས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། དྲ་བའི་ནང་དོན་འཛུགས་སྐྲུན་ལས་གྲྭ་ལག་བསྟར་བྱས་ནས། ཧུར་བརྩོན་ཡར་སྐྱེད་ཀྱི་དྲ་བའི་རིག་གནས་འཕེལ་རྒྱས་གཏོང་བ་དང་དྲ་བའི་ཁོར་ཡུག་གཙང་བཟོ་བྱ་དགོས། སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་། སྨྱན་སྦྱོར་གྲངས་འཛིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་མགྱོགས་སུ་བཏང་ནས་གཙོ་རྒྱུག་སྨྱན་སྦྱོར་གསར་པ་ཁག་ཅིག་གསར་སྐྱོང་བྱ་དགོས། སྨྱན་སྦྱོར་གྱི་གྲུབ་ཚུལ་ལེགས་སྒྱུར་དང་བརྒྱུད་སྒྲོག་གི་སྒྲིག་ལམ་ཚད་ལྡན་དུ་གཏོང་དགོས། རྒྱལ་སྤྱིའི་བརྒྱུད་སྒྲོག་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཕྱི་ཕྱོགས་སུ་བརྒྱུད་སྒྲོག་བྱེད་པ་དང་རིག་གནས་སྤེལ་རེས་བྱེད་པ། རིག་གནས་ཉོ་ཚོང་བྱེད་སྟངས་བཅས་གསར་དུ་བཏོད་དེ། ཀྲུང་ཧྭའི་རིག་གནས་ཕྱིར་སྐྱོད་པར་སྐུལ་འདེད་བྱ་དགོས། 
བཞི། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། 
འཕེལ་རྒྱས་དང་བདེ་འཇགས་མཉམ་འཛིན་དང་། རྒྱལ་ཁབ་འབྱོར་ལྡན་དང་དམག་དཔུང་སྟོབས་ལྡན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། དམག་དམངས་གཅིག་འདྲེས་ཀྱིས་གོང་འཕེལ་ཡོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ། རྒྱུ་རྐྱེན་གཙོ་བོ་དང་ཁྱབ་ཁོངས་མང་བ་དང་ཕན་འབྲས་ཆེ་བ་བཅས་ཀྱི་དམག་དམངས་གཅིག་འདྲེས་ཟབ་པའི་འཕེལ་རྒྱས་ཀྱི་རྣམ་པ་ཆགས་པར་བྱ་དགོས། 
ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་གྲུབ་བྱེད་པའི་འཕེལ་རིམ་དང་ཆབས་ཅིག་ཏུ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཏང་གི་གནས་བབ་གསར་པའི་འོག་གི་དམག་དཔུང་སྟོབས་ལྡན་དུ་འགྱུར་བའི་དམིགས་འབེན་ཁྲིད་སྟོན་དུ་བཟུང་སྟེ། གནས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། དམག་ནང་གི་ཏང་འཛུགས་སྐྲུན་དང་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། ཕྱོགས་སོ་སོ་དང་ཁྱབ་ཁོངས་ཁག་གི་དམག་དོན་འཐབ་རྩོད་གྲ་སྒྲིག་ལ་ཤུགས་སྣོན་པ་དང་། དམག་འཐབ་སྟོབས་ཤུགས་གསར་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ཁྲིམས་ལྟར་དམག་སྐྱོང་དང་དམག་དཔུང་ནན་སྐྱོང་ལ་སྐུལ་འདེད་ཟབ་མོ་གཏོང་དགོས། 2020ལོར་སླེབས་སྐབས། རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་ཀྱི་དམིགས་འབེན་དང་ལས་འགན་ཕལ་ཆེར་ཡོངས་འགྲུབ་བྱེད་པ་དང་། འཕྲུལ་ཆས་ཅན་ཕལ་ཆེར་མངོན་འགྱུར་བྱ་དགོས་ལ། ཆ་འཕྲིན་ཅན་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་བྱས་ཏེ། ཆ་འཕྲིན་ཅན་གྱི་དམག་འཁྲུག་ལ་རྒྱལ་ཁ་ལེན་ཐུབ་པ་དང་ལས་འགན་ལེགས་པར་བསྒྲུབ་ནུས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་དམག་དོན་སྟོབས་ཤུགས་མ་ལག་འཛུགས་དགོས། 
དམག་དམངས་གཅིག་འདྲེས་ཀྱིས་འཕེལ་རྒྱས་གཏོང་བའི་རྩ་འཛུགས་དོ་དམ་མ་ལག་དང་། ལས་ཀའི་འཁོར་སྐྱོད་མ་ལག སྲིད་ཇུས་དང་ལམ་ལུགས་མ་ལག་བཅས་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་དང་ཞིང་ཆེན་ཁག་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)གི་དམག་དམངས་གཅིག་འདྲེས་ཀྱི་འགོ་ཁྲིད་ལས་ཁུངས་འཛུགས་དགོས། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་གཅིག་གྱུར་འཆར་འགོད་བྱེད་པའི་ཆེད་དམིགས་འཆར་འགོད་གཏན་འབེབས་བྱ་དགོས། རྒྱལ་སྲུང་ཚན་རྩལ་བཟོ་ལས་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱས་ནས་རྒྱལ་སྲུང་ཚན་རྩལ་མཉམ་སྒྲུབ་གསར་གཏོད་ལམ་སྲོལ་འཛུགས་དགོས། དམག་དམངས་གཅིག་འདྲེས་ཀྱིས་འཕེལ་རྒྱས་འགྲོ་བའི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་དགོས། རྒྱ་མཚོ་དང་། བར་སྣང་། དྲ་བའི་བར་སྟོང་སོགས་ཁྱབ་ཁོངས་སུ་ལས་གཞི་དང་བྱེད་ཐབས་གལ་ཆེན་ཁག་ཅིག་འདོན་པ་དང་། དམག་དམངས་གཅིག་འདྲེས་གསར་གཏོད་དཔེ་སྟོན་ཁུལ་ཁག་ཅིག་བཏོད་ནས་སྔོན་ཐོན་ལག་རྩལ་དང་། ཐོན་ལས་ཐོན་རྫས། རྨང་གཞིའི་སྒྲིག་བཀོད་སོགས་དམག་དམངས་སྤྱི་སྤྱོད་ཀྱི་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་དགོས། 
དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། དེང་རབས་ཅན་གྱི་དྲག་ཆས་ཉེན་རྟོག་དམག་དཔུང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་དགོས། དམག་སྲིད་དང་དམག་དམངས་ཀྱིས་མཐུན་སྒྲིལ་དམ་ཟབ་བྱེད་ཅིང་། ཏང་སྲིད་དམག་ཉེན་དམངས་ལྔའི་སྡེབ་ཤུགས་ཀྱིས་མཐའ་མཚམས་བརྟན་པོ་སྲུང་དགོས། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་སྲུང་འཛུགས་སྐྲུན་དང་དམག་དཔུང་བསྒྱུར་བཅོས་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་། མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་ལ་རོགས་སྐྱོར་ཧུར་ཐག་བྱ་དགོས། 
ལྔ། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས།སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ཧུར་ཐག་བྱ་དགོས། 
ལྗང་མདོག་གིས་རྒྱལ་ཁབ་ཕྱུག་པོ་དང་ལྗང་མདོག་གིས་དམངས་ཕན་རྒྱུན་འཁྱོངས་བྱས་ནས། མི་དམངས་ལ་སྔར་ལས་མང་བའི་སྐྱེ་ཁམས་ཐོན་རྫས་སྤུས་ལེགས་མཁོ་སྤྲོད་བྱེད་ཅིང་། ལྗང་མདོག་གི་འཕེལ་སྟངས་དང་འཚོ་བ་རོལ་སྟངས་ཆགས་པར་སྐུལ་འདེད་གཏོང་བ་དང་། མི་དམངས་ཕྱུག་པོ་དང་རྒྱལ་ཁབ་སྟོབས་ལྡན་དང་ཀྲུང་གོ་མཛེས་སྡུག་ལྡན་པ་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། 
གཅིག མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་སྤེལ་གཏོང་དགོས། 
རང་བྱུང་ཁམས་ཚད་ཡོད་ཅིང་གོ་རིམ་ལྡན་པའི་ངང་ནས་བེད་སྤྱོད་བྱེད་པ་དང་། བར་སྟོང་གི་གྲུབ་ཚུལ་ལེགས་སྒྲིག་གམ་ལེགས་སྒྱུར་བྱས་ནས། ཞིང་ལས་ཀྱི་བར་སྟོང་དང་སྐྱེ་ཁམས་ཀྱི་བར་སྟོང་སྲུང་སྐྱོང་བྱེད་པའི་དམར་ཐིག་དབྱེ་མཚམས་ཕྱེས་ཤིང་། ཚན་རིག་དང་ལུགས་མཐུན་གྱི་སྒོ་ནས་གྲོང་ཁྱེར་ཅན་གྱི་ཆགས་སྟངས་དང་། ཞིང་ལས་འཕེལ་རྒྱས་ཀྱི་ཆགས་སྟངས། སྐྱེ་ཁམས་བདེ་འཇགས་ཀྱི་ཆགས་སྟངས། རང་བྱུང་མཚོ་ངོགས་ཀྱི་ཆགས་སྟངས་བཅས་འཛུགས་དགོས། གཅིག་གྱུར་དང་ཚད་ལྡན་ཡིན་པའི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་ཚོད་ལྟ་ཁུལ་འཛུགས་དགོས། 
ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ལ་གཞིགས་ནས་གྲོང་ཁྱེར་གྱི་གཞི་ཁྱོན་སྙོམས་སྒྲིག་བྱེད་པ་དང་། རི་ཆུ་དང་ས་དབྱིབས་ལ་གཞིགས་ནས་གྲོང་ཁྱེར་གྱི་རྣམ་པ་དང་ནུས་པ་ལེགས་སྒྱུར་བྱས་ནས། ལྗང་མདོག་གི་འཆར་འགོད། ཇུས་འགོད། ཨར་ལས་བཅས་ཀྱི་ཚད་གཞི་ལག་བསྟར་བྱ་དགོས། 
ལྗང་མདོག་སྦགས་མེད་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པ་དང་། སྲོལ་རྒྱུན་བཟོ་སྐྲུན་ལས་རིགས་ལྗང་མདོག་ཏུ་སྒྱུར་བཀོད་བྱེད་པར་སྐུལ་མ་གཏོང་དགོས། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཐོན་ལས་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱིས་བཟོ་རྩལ་གྱི་ལག་རྩལ་དང་སྒྲིག་ཆས་གསར་བརྗེ་སྒྱུར་བཀོད་བྱེད་པར་སྐུལ་ལྕག་གཏོང་དགོས། ལྗང་མདོག་དངུལ་རྩ་འཕེལ་རྒྱས་གཏོང་བ་དང་ལྗང་མདོག་འཕེལ་རྒྱས་ཐེབས་རྩ་འཛུགས་དགོས། 
ཐོན་ཁུངས་ཁོར་ཡུག་ཐད་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་སྐྱེ་ཁམས་རིན་ཐང་ལྟ་བའི་སློབ་གསོ་གཏོང་བར་ཤུགས་བསྣན་ཏེ། སྤྱི་དམངས་ཀྱི་ཁོར་ཡུག་འདུ་ཤེས་གསོ་སྐྱོང་བྱེད་པ་དང་། སྤྱི་ཚོགས་ཡོངས་སུ་ལྗང་མདོག་འཛད་སྤྱོད་རང་རྟོགས་ཆགས་པར་སྐུལ་འདེད་གཏོང་དགོས། 
གཉིས། གཙོ་ནུས་ཐོན་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། གཙོ་ནུས་ཐོན་ཁུལ་ནི་རྒྱལ་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོང་བྱེད་པའི་རྨང་གཞི་ཡིན་པའི་ལམ་ལུགས་ཀྱི་ནུས་པ་འདོན་པ་དང་། གཙོ་ནུས་ཐོན་ཁུལ་གྱི་འཆར་འགོད་དོན་འཁྱོལ་བྱེད་ཅིང་སྲིད་ཇུས་འཐུས་ཚང་གཏོང་བ་དང་། རྒྱལ་ཡོངས་ཀྱི་གཙོ་ནུས་ཐོན་ཁུལ་གྱི་འཆར་འགོད་ས་རིས་དང་། ཞིང་ལས་ཐོན་རྫས་ཀྱི་ཐོན་ཁུལ་གཙོ་བོ། སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོ་བཅས་ཀྱི་དཀར་ཆག་ཁྱབ་སྒྲོག་བྱས་ཏེ། ས་ཁུལ་ཁག་གིས་གཙོ་ནུས་ཐོན་ཁུལ་གྱི་གནས་ངེས་ལ་གཞིགས་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱ་དགོས། གཙོ་ནུས་ཐོན་ཁུལ་གྱི་འཆར་འགོད་རྨང་གཞིར་བཟུང་སྟེ་བར་སྟོང་རང་བཞིན་གྱི་འཆར་འགོད་སྣ་ཚོགས་གཅིག་གྱུར་འཆར་འགོད་བྱས་ནས་འཆར་མང་གཅིག་སྡུད་ཡོང་བར་སྐུལ་འདེད་བྱ་དགོས། 
པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་དང་། འབྲི་ཆུའི་ཟུར་གསུམ་ཁུལ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་སོགས་གསར་སྤེལ་ས་ཁོངས་ལེགས་ཁུལ་གྱི་ཐོན་ལས་གྲུབ་ཚུལ་རིམ་པ་མཐོ་ཞིང་ལས་ཕྱོད་ཆེ་བའི་ཕྱོགས་སུ་གོང་འཕེལ་གཏོང་བ་དང་། གྲོང་ཁྱེར་གྱི་ནད་འགོག་བཅོས་དང་འཛུགས་སྐྲུན་དུ་སྤྱོད་པའི་ས་ཆའི་འཕར་ཚད་ལོ་རེ་བཞིན་ཉུང་དུ་གཏོང་དགོས། གསར་སྤེལ་ས་ཁོངས་གཙོ་བོའི་ཐོན་ལས་དང་མི་འབོར་གཅིག་འདུས་བྱེད་ཚད་ཆེ་རུ་གཏོང་བར་སྐུལ་འདེད་བྱེད་པ་དང་། སྐྱེ་ཁམས་ནུས་པ་ཐོན་ཁུལ་གཙོ་བོར་ཐོན་ལས་ཆོག་འཐུས་ཀྱི་ལྡོག་ཕྱོགས་རྩིས་ཁྲ་ལག་བསྟར་བྱ་དགོས། ཞིང་ལས་ཐོན་རྫས་ཀྱི་ཐོན་ཁུལ་གཙོ་བོ་དང་སྐྱེ་ཁམས་ནུས་པ་ཐོན་ཁུལ་གཙོ་བོའི་སྤོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས། བསྔགས་སྐུལ་རང་བཞིན་གྱི་གསབ་དངུལ་སྤྲོད་པར་ཤུགས་སྣོན་པ་དང་། འཕྲེད་ཕྱོགས་དང་འབབ་རྒྱུད་ཀྱི་སྐྱེ་ཁམས་གསབ་དངུལ་སྤྲོད་པའི་ལམ་སྲོལ་འཛུགས་དགོས། རྒྱལ་ཁབ་སྤྱི་གླིང་ཁག་ཅིག་སྡེབ་སྒྲིག་བྱས་ནས་འཛུགས་དགོས། 
སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་བྱས་ཏེ་རྩ་མེད་དུ་འགྲོ་ཉེན་ཡོད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་ལས་གྲྭ་ལག་བསྟར་བྱེད་པ་དང་། སྲོག་སྐྱོབ་གསོ་སྤེལ་ལྟེ་གནས་དང་གཞི་རྒྱུའི་མཛོད་འཛུགས་སྐྲུན་བྱ་དགོས། མི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཕྱིར་གཏོང་ནང་འདྲེན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱི་ནས་ཡོང་བའི་གནོད་ཅན་གྱི་དངོས་རིགས་ཀྱིས་གནོད་འཚེ་བཟོ་བ་གཏན་འགོག་བྱ་དགོས། བ་སོ་ལ་སོགས་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་རྫས་ཁྲིམས་འགལ་གྱིས་ཉོ་འཚོང་བྱེད་པར་རྡུང་རྡེག་ཚ་ནན་གཏོང་དགོས། 
གྲོང་ཁྱེར་དང་རྫོང་རིམ་པའི་སྲིད་འཛིན་ཁུལ་སྡེ་ཚན་དུ་བཟུང་ནས་བར་སྟོང་འཆར་འགོད་དང་། སྤྱོད་སྒོ་གཅུན་སྡོམ། འགོ་ཁྲིད་ལས་བྱེད་པའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་ལས་བྲལ་རྩིས་བཤེར། ཧེ་བག་ཅན་གྱི་གྲུབ་འབྲས་དཔྱད་ཞིབ་བཅས་ལས་གྲུབ་པའི་བར་སྟོང་བཅོས་སྐྱོང་མ་ལག་འཛུགས་དགོས། 
གསུམ། ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ནུས་ཁུངས་གསར་བརྗེ་ལ་སྐུལ་འདེད་བཏང་སྟེ་ནུས་ཁུངས་ལག་རྩལ་གསར་གཏོད་མགྱོགས་སུ་གཏོང་བ་དང་། སྦགས་མེད་ཐཱན་ཉུང་དང་ཉེན་མེད་ལས་ཕྱོད་ཆེ་བའི་དེང་རབས་ནུས་ཁུངས་མ་ལག་འཛུགས་དགོས། འགྱུར་རྡོ་མིན་པའི་ནུས་ཁུངས་ཀྱི་བསྡུར་ཚད་མཐོར་འདེགས་བཏང་ནས། རྡོ་སོལ་སོགས་འགྱུར་རྡོའི་ནུས་ཁུངས་སྦགས་མེད་ལས་ཕྱོད་ཆེ་བའི་སྒོ་ནས་བེད་སྤྱོད་པར་སྐུལ་འདེད་གཏོང་དགོས། རླུང་ནུས་དང་། ཉི་ནུས། སྐྱེ་དངོས་ཀྱི་ནུས་པ། ཆུ་ནུས། ས་འོག་གི་ཚ་ནུས་བཅས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ཉིང་རྡུལ་གློག་ཁང་བདེ་འཇགས་དང་ལས་ཕྱོད་ཆེ་བའི་ངང་འཕེལ་རྒྱས་གཏོང་དགོས། ནུས་གསོག་དང་རིག་ནུས་ཀྱི་གློག་དྲ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཁྱབ་ཚུལ་འཚམ་པའི་ནུས་ཁུངས་འཕེལ་རྒྱས་བཏང་སྟེ་ནུས་བསྲི་ཐཱན་ཉུང་གི་གློག་ཤུགས་བཀོད་གཏོང་བྱེད་པར་སྐུལ་འདེད་གཏོང་དགོས། གོ་རིམ་ལྡན་པའི་སྒོ་ནས་སྔོག་འདོན་བྱེད་དབང་སྤྲོད་ཅིང་། རང་བྱུང་སོལ་རླངས་དང་། རྡོ་སོལ་ཆགས་རིམ་གྱི་སོལ་རླངས། བྲག་རིམ་ལས་ཆགས་པའི་སོལ་རླངས་བཅས་གསར་སྤེལ་ཧུར་ཐག་བྱ་དགོས། ནུས་ཁུངས་སྒྲིག་སྲོལ་བསྒྱུར་བཅོས་བྱས་ནས་འགྲན་རྩོད་ལ་ཕན་པའི་ཚོང་རའི་ལམ་སྲོལ་འཛུགས་དགོས། 
འགྲིམ་འགྲུལ་སྐྱེལ་འདྲེན་ཐཱན་ཉུང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། སྤྱི་སྤྱོད་འགྲིམ་འགྲུལ་ལ་དམིགས་བསལ་སྟེར་བ་ལག་བསྟར་བྱེད་ཅིང་ལྕགས་ལམ་འགྲིམ་འགྲུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། རྐང་འཁོར་བཞོན་པ་སོགས་ལྗང་མདོག་ཕྱིར་སྐྱོད་ལ་སྐུལ་མ་གཏོང་དགོས། ནུས་ཁུངས་གསར་པའི་རླངས་འཁོར་ཁྱབ་གདལ་གཏོང་བའི་འཆར་གཞི་ལག་བསྟར་བྱེད་པ་དང་། གློག་སྒུལ་རླངས་འཁོར་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཨར་སྐྲུན་ནུས་བསྲིའི་ཚད་གཞི་མཐོར་འདེགས་གཏོང་བ་དང་ལྗང་མདོག་གི་ཨར་སྐྲུན་དང་བཟོ་སྐྲུན་རྒྱུ་ཆ་ཁྱབ་སྤེལ་བྱ་དགོས། 
ཐཱན་འབུད་ཚད་རང་འགུལ་གྱིས་ཚོད་འཛིན་བྱས་ཏེ་ནུས་ཁུངས་ཟད་གྲོན་ཆེ་བའི་ལས་རིགས་ཀྱི་ནུས་ཁུངས་ཟད་གྲོན་དོ་དམ་ཚོད་འཛིན་བྱེད་པར་ཤུགས་སྣོན་རྒྱག་དགོས་ཤིང་། གློག་ཤུགས་དང་། ངར་ལྕགས། བཟོ་སྐྲུན་རྒྱུ་ཆ། རྫས་འགྱུར་བཟོ་ལས་སོགས་གཙོ་གནད་ལས་རིགས་ཀྱི་ཐཱན་འབུད་ཚད་ཚོད་འཛིན་ནུས་ལྡན་བྱེད་པ་དང་། གསར་སྤེལ་ས་ཁོངས་ནས་ཐཱན་འབུད་གཏོང་གི་རྩེ་ཐང་དམིགས་ཚད་སྔོན་ལ་མངོན་འགྱུར་ཡོང་བར་རྒྱབ་སྐྱོར་དང་ལེགས་སྒྱུར་བྱེད་ཅིང་། ཐཱན་འབུད་ཚད་ཀླད་ཀོར་ལ་ཉེ་བའི་དཔེ་སྟོན་ལས་གྲྭ་ལག་བསྟར་བྱ་དགོས། 
འཁོར་རྒྱུག་འཕེལ་རྒྱས་ཀྱི་ཁྲིད་སྟོན་འཆར་གཞི་ལག་བསྟར་བྱས་ནས་ཁེ་ལས་འཁོར་རྒྱུག་ཅན་གྱི་ཐོན་སྐྱེད་དང་། ཐོན་ལས་འཁོར་རྒྱུག་ཅན་གྱི་མཉམ་སྡེབ། གླིང་ཁུལ་འཁོར་རྒྱུག་ཅན་གྱི་སྒྱུར་བཀོད་བཅས་ཁྱབ་སྤེལ་གཏོང་བ་དང་། རྩིས་གཞི་རེ་ནས་ཐོན་པའི་དངོས་པོའི་ཟད་གྲོན་ཉུང་དུ་གཏོང་དགོས། འཚོ་བའི་གད་སྙིགས་དབྱེ་གསེས་ཕྱིར་སྡུད་དང་བསྐྱར་སྐྱེ་ཐོན་ཁུངས་ཕྱིར་སྡུད་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཐོན་སྐྱེད་མ་ལག་དང་འཚོ་བའི་མ་ལག་འཁོར་རྒྱུག་སྦྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་དགོས། 
བཞི། ཐོན་ཁུངས་ཕྱོགས་ཡོངས་ནས་གྲོན་ཆུང་དང་ལས་ཕྱོད་ཆེན་པོས་བེད་སྤྱོད་བྱ་དགོས། གྲོན་ཆུང་དམིགས་བསལ་གྱིས་སྔོན་དུ་འཇོག་པ་རྒྱུན་འཁྱོངས་བྱས་ནས། གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱི་འཁོར་རྒྱུག་བེད་སྤྱོད་བྱེད་པའི་ཐོན་ཁུངས་ལྟ་བ་འཛུགས་དགོས། 
ཚོད་འཛིན་རང་བཞིན་གྱི་དམིགས་ཚད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ནུས་ཁུངས་སམ་ཆུའི་ཐོན་ཁུངས་ཀྱི་ཟད་གྲོན་དང་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་སོགས་ཀྱི་སྤྱི་འབོར་དང་དྲག་ཚད་ཟུང་ཚོད་འཛིན་བྱེད་པའི་བྱེད་སྒོ་ལག་ལེན་དུ་བསྟར་དགོས། དམངས་ཡོངས་ཀྱིས་ནུས་བསྲི་བྱེད་སྒོའི་འཆར་གཞི་ལག་བསྟར་བྱས་ནས། ནུས་ཁུངས་དང་། ཆུ། ས་ཆ། རྒྱུ་ཆ། གཏེར་ཁ་བཅས་གྲོན་ཆུང་བྱེད་པའི་ཚད་གཞི་མཐོ་རུ་གཏོང་བ་དང་། ནུས་ཁུངས་ལས་ཕྱོད་དང་ཆུ་ཁུངས་ལས་ཕྱོད་ཀྱི་འགོ་ཁྲིད་མཁན་གྱིས་སྣེ་ཁྲིད་བྱེད་པའི་བྱེད་སྒོ་སྤེལ་དགོས། 
ཆེས་གཟབ་ནན་གྱི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ལག་བསྟར་བྱས་ཏེ། ཆུ་ལ་བརྟེན་ནས་ཐོན་སྐྱེད་གཏན་འཁེལ་བྱེད་ཅིང་ཆུ་ལ་བརྟེན་ནས་གྲོང་ཁྱེར་གཏན་འཁེལ་བྱེད་པ་དང་། ཆུ་གྲོན་ཆུང་བྱེད་པའི་སྤྱི་ཚོགས་འཛུགས་སྐྲུན་བྱ་དགོས། ཆུ་རིན་ལུགས་མཐུན་གྱིས་གཏན་འབེབས་བྱེད་པ་དང་ཆུ་གྲོན་ཆུང་བྱེད་པའི་འཆར་འགོད་བཟོ་དགོས། ཆར་ཆུའི་ཐོན་ཁུངས་བེད་སྤྱོད་དང་། བསྐྱར་བསྒྱུར་ཆུ་བེད་སྤྱོད། མཚོ་ཆུ་ཚྭ་མེད་སྒྱུར་བའི་ལས་གྲྭ་བཅས་ལག་བསྟར་བྱ་དགོས་ཤིང་། རྒྱལ་ཁབ་ཀྱི་ས་འོག་གི་ཆུ་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་བྱེད་པ་དང་། ས་འོག་གི་ཆུ་ཚད་བརྒལ་སྔོག་འདོན་བྱས་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་བྱ་དགོས། ཆེས་གཟབ་ནན་གྱི་ས་ཆ་གྲོན་ཆུང་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ་འཛུགས་སྐྲུན་དུ་སྤྱོད་པའི་ས་ཆའི་གྲུབ་ཆ་ལེགས་སྒྲིག་དང་། བཟོ་ལས་སུ་སྤྱོད་པའི་ས་ཆའི་སྡུར་ཚད་ཇེ་དམའ་རུ་གཏོང་དགོས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱིས་ས་ཆ་སྤྱད་པ་ཕན་ནུས་ཆུང་རིགས་ཡང་བསྐྱར་གསར་སྤེལ་བྱེད་པ་དང་བཟོ་ལས་སམ་གཏེར་ཁུལ་བེད་མེད་དུ་བསྐྱུར་བའི་ས་ཆ་བསྐྱར་སྦོལ་བྱེད་པར་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་ཐུན་མོང་འཛུགས་སྐྲུན་དུ་སྤྱོད་པའི་ས་ཆའི་གཞི་ཁྱོན་ཚོད་འཛིན་ནན་པོ་བྱ་དགོས། རྨོ་ཞིང་ལོ་རེར་བཏབ་ནས་ལོ་རེར་ངལ་གསོ་བའི་ལམ་ལུགས་ཚོད་ལྟ་བྱེད་གནས་འཚོལ་ཞིབ་བྱས་ནས་ལག་བསྟར་བྱ་དགོས། 
ནུས་ཁུངས་སྤྱོད་པའི་དབང་ཆ་དང་། ཆུ་སྤྱོད་པའི་དབང་ཆ། བཙོག་རིགས་འབུད་པའི་དབང་ཆ། ཐཱན་འབུད་པའི་དབང་ཆ་བཅས་ཐོག་མའི་བགོ་བཤའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། རིན་ཡོད་བེད་སྤྱོད་དང་། སྔོན་རྩིས་དོ་དམ། མ་དངུལ་འཇོག་བསྡུའི་ལམ་སྲོལ་བཅས་གསར་གཏོད་བྱེད་པ་དང་། ཉོ་འཚོང་ཚོང་ར་གསོ་སྐྱོང་དང་འཕེལ་རྒྱས་གཏོང་དགོས། གན་རྒྱའི་ནུས་ཁུངས་དོ་དམ་དང་གན་རྒྱའི་ཆུ་གྲོན་དོ་དམ་ཁྱབ་སྤེལ་དུ་གཏོང་དགོས། 
ལུགས་མཐུན་གྱི་འཛད་སྤྱོད་དར་སྤེལ་དང་རྒྱས་སྤྲོས་ཆུད་ཟོས་འགོག་གང་ཐུབ་བྱེད་ཅིང་བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་བཀག་འགོག་བྱ་དགོས། ཐོན་སྐྱེད་དང་། འགྲོ་རྒྱུག གསོག་འཇོག འཛད་སྤྱོད་བཅས་ཀྱི་ལྷུ་ཚིགས་ཁག་ནས་ཁྱོན་ཡོངས་ནས་གྲོན་ཆུང་བྱེད་པ་དོན་འཁྱོལ་ཡོང་བ་བྱ་དགོས། སྤྱི་དངུལ་འཛད་སྤྱོད་བཀག་འགོག་བྱེད་ཅིང་། ཐུམ་སྒྲིལ་བྱེད་ཐལ་ཤོར་བར་ངོ་རྒོལ་དང་། ཟས་རིགས་འཕྲོ་བརླག་གཏོང་བར་ངོ་རྒོལ། འཛད་སྤྱོད་བྱེད་ཐལ་ཤོར་བར་ངོ་རྒོལ་བཅས་བྱེད་པའི་བྱེད་སྒོ་ཟབ་མོ་སྤེལ་ཏེ། གྲོན་ཆུང་བསྲི་ཚགས་ཀྱི་སྤྱི་ཚོགས་དར་སྲོལ་ཆགས་པར་སྐུལ་འདེད་གཏོང་དགོས། 
ལྔ། ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁོར་ཡུག་སྤུས་ཚད་མཐོར་འདེགས་གཏོང་བ་ལྟེ་བར་བཟུང་སྟེ་ཆེས་གཟབ་ནན་གྱི་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ལག་བསྟར་བྱེད་ཅིང་། སྲིད་གཞུང་དང་། ཁེ་ལས། སྤྱི་དམངས་བཅས་ཀྱིས་མཉམ་དུ་བཅོས་སྐྱོང་བྱེད་པའི་ཁོར་ཡུག་བཅོས་སྐྱོང་མ་ལག་ཆགས་པར་བྱ་དགོས། 
བརྫད་དངོས་མང་པོ་ཕྱོགས་བསྡུས་འགོག་བཅོས་དང་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། མཉམ་འགོག་མཉམ་བཅོས་དང་འབབ་རྒྱུད་མཉམ་བཅོས་ལག་བསྟར་བྱས་ཏེ། རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་པའི་བྱེད་སྒོའི་འཆར་གཞི་ལག་བསྟར་ཟབ་མོ་བྱ་དགོས། བཟོ་ལས་ཀྱི་སྦགས་བཙོག་འབྱུང་ཁུངས་ཕྱོགས་ཡོངས་ནས་ཚད་གཞིར་སླེབས་པའི་གཏོང་འབུད་འཆར་གཞི་ལག་བསྟར་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་ཆས་ཕྱོགས་ཡོངས་སུ་ཁེབས་པ་དང་འཁོར་རྒྱུག་བརྟན་པོ་ཡོང་བ་མངོན་འགྱུར་བྱ་དགོས། བརྫད་དངོས་ཀྱི་སྤྱི་འབོར་ཚོད་འཛིན་བྱེད་པའི་ཁྱབ་ཁོངས་རྒྱ་ཆེར་བཏང་སྟེ། རྡུལ་ཕྲ་མོ་སོགས་ཁོར་ཡུག་སྤུས་ཀའི་དམིགས་ཚད་དེ་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་ནང་འཇུག་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་མཉམ་དུ་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཞིང་ལས་ཀྱི་སྦགས་བཙོག་འབྱུང་ཁུངས་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་ཞིང་། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་དང་། ཆུ་རྐ་དང་གསང་སྤྱོད་ལེགས་བཅོས། གད་སྙིགས་གཙང་སེལ་བཅས་གཅིག་གྱུར་འཆར་འགོད་བྱེད་པ་དང་། འདེབས་གསོའི་ལས་རིགས་ཀྱི་སྙིགས་རྫས་དེ་ཐོན་ཁུངས་ཅན་དུ་བེད་སྤྱོད་དང་གནོད་མེད་གཙང་སེལ་བྱེད་པར་སྐུལ་འདེད་གཏོང་དགོས། 
ཁོར་ཡུག་བཅོས་སྐྱོང་གི་རྨང་གཞིའི་ལམ་ལུགས་བསྒྱུར་བཅོས་བྱས་ཏེ། གཏན་འཇགས་སྦགས་བཙོག་འབྱུང་ཁུངས་ཡོངས་སུ་ཁེབས་པའི་ཁེ་ལས་ཀྱི་གཏོང་འབུད་ཆོག་འཐུས་ལམ་ལུགས་འཛུགས་པ་དང་། ཞིང་ཆེན་མན་གྱི་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་གྱི་ཁྲིམས་བསྟར་ཐད་ཀར་དོ་དམ་བྱེད་པའི་ལམ་ལུགས་ལག་བསྟར་བྱ་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་དུས་ཐོག་དྲ་ཐོག་གི་ཁོར་ཡུག་ལྟ་འདོམས་མ་ལག་འཛུགས་དགོས། ཁོར་ཡུག་ཆ་འཕྲིན་སྤྱི་སྒྲོག་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ས་ཁུལ་བརྒལ་བའི་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་འཛུགས་པར་འཚོལ་ཞིབ་བྱ་དགོས། ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་བཤེར་སྐོར་ཞིབ་སྤེལ་བ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་བསྟར་ནན་པོ་བྱ་དགོས། 
དྲུག སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བཟོ་དགོས། སྔོན་ལ་སྲུང་སྐྱོབ་བྱེད་ཅིང་རང་བྱུང་གིས་སླར་གསོ་ཡོང་བ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རི་ཆུ་ནགས་ཞིང་མཚེའུ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་ལས་གྲྭ་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་བར་ཁྱམས་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་དྲ་བ་བཙུགས་ཐོག ནགས་ཚལ་དང་། གཙང་བོ། མཚེའུ། འདམ་ར། རྩྭ་ཐང་། རྒྱ་མཚོ་ལ་སོགས་པའི་རང་བྱུང་སྐྱེ་ཁམས་མ་ལག་གི་གཏན་འཇགས་རང་བཞིན་དང་སྐྱེ་ཁམས་ཞབས་ཞུའི་མཐུ་ནུས་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས། 
རྒྱལ་ཁབ་ཀྱི་མངའ་ཁོངས་སྔོ་ལྗང་ཅན་དུ་སྒྱུར་བའི་བྱེད་སྒོ་རྒྱ་ཆེར་སྤེལ་ཏེ། ནགས་ལས་ཀྱི་ལས་གྲྭ་གཙོ་གནད་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་ཅིང་རང་བྱུང་ནགས་ཚལ་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རང་བྱུང་ནགས་ཚལ་ཚོང་ལས་རང་བཞིན་གྱི་གཅོད་མཚམས་ཕྱོགས་ཡོངས་ནས་འཇོག་པ་དང་ནགས་ཚལ་གྱི་རྒྱ་ཁྱོན་དང་གསོག་ཚད་ཆེ་རུ་གཏོང་དགོས། གཞུང་དབང་ནགས་ཁུལ་དང་ནགས་རས་རྒྱལ་ཁབ་ཀྱི་མངའ་ཁོངས་སྔོ་ལྗང་ཅན་དུ་སྒྱུར་བའི་ཁྲོད་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱ་དགོས། ཞིང་འདོར་ནགས་གསོ་རྩྭ་འདེབས་རྒྱ་སྐྱེད་བཏང་སྟེ་རྩྭ་ཐང་སྲུང་སྐྱོབ་ལ་ཤུགས་སྣོན་དགོས། རང་སྐྱེས་ཤིང་སྡོང་ཆེན་པོ་གྲོང་ཁྱེར་དུ་སྤོར་འཛུགས་བྱེད་པ་གཏན་འགོག་བྱ་དགོས། ཐོན་དབང་གི་རྣམ་པ་གསར་གཏོད་བྱེད་པ་དང་། ཕྱོགས་སོ་སོའི་མ་དངུལ་ཤིང་འཛུགས་ནགས་བཟོའི་ཐད་དུ་གཏོང་པར་སྣེ་ཁྲིད་བྱ་དགོས། 
ཆུའི་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་དང་། གཙང་པོའི་འབབ་རྒྱུད་མ་ལག་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་ཅིང་། གཙང་པོ་དང་མཚེའུ་ཡི་ཆུ་མཛོད་ཀྱི་ཆུ་རྒྱུད་འབྲེལ་མཐུད་བྱ་དགོས། ཞིང་ཁ་དོར་ནས་འདམ་ར་བསྐྱར་གསོ་བྱེད་ཅིང་གསོ་སྤེལ་དོར་ནས་མཚོ་གྲམ་སླར་གསོ་བྱ་དགོས། མྱ་ངམ་ཐང་དུ་འགྱུར་བ་དང་། བྱེ་རྡོ་ཅན་དུ་འགྱུར་བ། ས་ཆུ་ཤོར་བ་བཅས་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། གཙང་པོའི་མགོ་ཁུངས་དང་ཆུ་ཁུངས་གསོ་སྐྱོང་ཁུལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དགོས། སྔོ་བསངས་མཚོ་ཁུག་བཅོས་སྐྱོང་བྱེད་སྒོ་སྤེལ་བ་དང་ས་གཤིས་གནོད་འཚེ་འགོག་བཅོས་ལ་ཤུགས་སྣོན་རྒྱག་དགོས། 
དྲུག སྒོ་འབྱེད་ཀྱིས་གོང་སྤེལ་མཐའ་འཁྱོངས་བྱས་ཏེ། མཉམ་ལས་མཉམ་རྒྱལ་མངོན་འགྱུར་ཡོང་གང་ཐུབ་བྱ་དགོས། 
ཕྱི་ཕྱོགས་སུ་སྒོ་འབྱེད་པའི་རྣམ་པ་གསར་པ་གཏོད་པར། ཕྱི་ཕྱོགས་སུ་སྒོ་འབྱེད་པའི་གོ་དོན་ཕུན་སུམ་ཚོགས་པར་གཏོང་བ་དང་། ཕྱི་ཕྱོགས་སུ་སྒོ་འབྱེད་པའི་ཆུ་ཚད་ཇེ་མཐོར་བཏང་ནས། འཐབ་ཇུས་ཐད་ཡིད་རྟོན་བྱེད་རེས་དང་། དཔལ་འབྱོར་མཉམ་ལས། མི་ཆོས་རིག་གནས་སྤེལ་རེས་བཅས་བྱེད་པར་མཐུན་སྦྱོར་ངང་སྐུལ་སྤེལ་བཏང་སྟེ། མཉམ་འདྲེས་ཟབ་པའི་གཉིས་ཕན་མཉམ་ལས་ཀྱི་རྣམ་པ་ཆགས་གང་ཐུབ་བྱ་དགོས། 
གཅིག ཕྱི་ཕྱོགས་སུ་སྒོ་འབྱེད་པའི་འཐབ་ཇུས་ཀྱི་རྣམ་པ་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱོགས་གཉིས་སུ་སྒོ་མོ་འབྱེད་པར་སྐུལ་སྤེལ་བཏང་ནས། རྒྱལ་ནང་དང་རྒྱལ་སྤྱིའི་

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

ʹW 62300102000044̖

qqȷֱ ʱʱֻ Ӿ̳481淨 3dʱ ˷ptһϻ ½ʮһѡ© ϿԤƼ ͼȫ 重庆快乐十分 pk10λƻ ׬Ǯ Ĵ齫 ֲʚ ӱƵ齫 澳洲幸运10