今天是:

གཞི་རིམ་ཏང་འཛུགས།

ཏང་ཡོན་དཔུང་ཁག་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > ཏང་ཡོན་དཔུང་ཁག་འཛུགས་སྐྲུན།

མཚོ་སྔོན་རྨ་ཆེན་རྫོང་གི་སྡེ་བར་སྡོད་པའི་ལས་བྱེད་ཚན་ཆུང་གིས་བྱེད་ཐབས་སྣ་མང་སྤྱད་དེ་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་བསྣན་པ།

སྔར་ལས་གཞི་གསུམ་འཛུགས་སྐྲུན་གྱི་རྨང་གཞི་ཇེ་བརྟན་དང་ཁྱོན་ཡོངས་ནས་གཞི་རིམ་རྩ་འཛུགས་བྱ་བའི་ཆུ་ཚད་མཐོར་འདེགས་གཏོང་ཆེད། མིན་ཧོ་རྫོང་གིས་སྡེ་བ་རིམ་པའི་ཕྱོགས་བསྡུས་གཞུང་སྒྲུབ་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་རྒྱུན་འཁྱོངས་བྱེད་པ་དེ་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་གྱི་གནད་སར་བཟུང་ནས། སྡེ་བ་རིམ་པའི་ཕྱོགས་བསྡུས་གཞུང་སྒྲུབ་ཞབས་ཞུ་ལྟེ་གནས་ཀྱི་འཕེལ་རིམ་ཧུར་བརྩོན་གྱིས་བསྐྲུན་པས། དོན་དངོས་སྟེང་སྡེ་བ་རིམ་པའི་ཕྱོགས་བསྡུས་གཞུང་སྒྲུབ་ཞབས་ཞུ་ལྟེ་གནས་དེ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་ཚོགས་ཁང་དང་། གཞི་རིམ་ཏང་འཛུགས་བྱ་བའི་འཁྲབ་སྟོན་བྱ་ཡུལ། ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་བཀོད་འདོམས་པུའུ་རུ་གྱུར།

སྒྱུར་བཀོད་གསུམ་འབུར་ཐོན་བྱས་ཏེ་བསམ་བློའི་ངོས་ཟིན་ཇེ་མཐོར་བཏང་། གཅིག་ནི་གཅིག་གྱུར་གྱིས་འཆར་འགོད་དང་ཁང་པ་གཅིག་གིས་ནུས་པ་གང་མང་ཐོན་པའི་རྩ་དོན་ལྟར། རྫོང་ཡོངས་ཀྱི་སྡེ་བའི་ཕྱོགས་བསྡུས་གཞུང་སྒྲུབ་ཞབས་ཞུ་ལྟེ་གནས༣༡༢ལོ་རེའི་བཞིན་འཆར་འགོད་ལྟར་གསར་འཛུགས་དང་གཞི་རྒྱ་བསྐྱེད། གཉིས་ནི་བདག་འཛུགས་སྐྲུན་བྱེད་དགོས་པ་ལས་བདག་གིས་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་བསྒྱུར་བ། ཤང་དང་གྲོང་རྡལ་ཏང་ཨུ་སོ་སོའི་གཞན་ལ་སྒུག་པ་དང་གཞན་ལ་བརྟེན་པའི་བྱ་སྤྱོད་བསྒྱུར་ནས། རྫོང་རིམ་པའི་ནོར་སྲིད་ཁ་གསབ་མ་དངུལ་གྱི་རྨང་གཞིའི་སྟེང་། ཚད་ལྡན་ཅན་གྱི་བྱ་འགུལ་སྤེལ་ཡུལ་སྐོར་ཞིག་གསར་འཛུགས་དང་རྒྱ་བསྐྱེད། གསུམ་ནི་རྫོང་རིམ་པའི་འབྲེལ་གཏུག་ས་ཚིགས་ཀྱི་མགོ་ཁྲིད་དང་ཁ་གཏད་རོགས་སྐྱོར་མཉམ་འཛུགས་ལས་ཁུངས་སོགས་ཕྱོགས་སོ་སོའི་རྒྱབ་སྐྱོར་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྱོན་ཡོངས་ནས་སྡེ་བ་རིམ་པའི་ཕྱོགས་བསྡུས་གཞུང་སྒྲུབ་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས།

འགག་སྒོ་གསུམ་ནན་སྲུང་བྱས་ཏེ་འགན་འཁྲི་དངོས་འབེབས་དམ་འཛིན་བྱས། གཅིག་ནི་གནས་ཡུལ་འདེམས་པ་འཆར་འགོད་བྱེད་པའི་འགག་སྒོ་ནན་སྲུང་བཟང་བོ་བྱ་དགོས། འགྲིམ་འགྲུལ་སྟབས་བདེ་དང་ས་གནས་ཚད་ལྡན། འབྲེལ་གཏུག་བྱེད་སླ་བ། མང་ཚོགས་ཀྱིས་ཁས་ལེན་པའི་རྩ་དོན་ལྟར། བྱེ་བྲག་པའི་གནས་ཡུལ་འདེམས་པའི་ཇུས་གཞི་བཟོ་དགོས། གཉིས་ནི་ཇུས་འགོད་ཚད་ལྡན་ཡོང་བའི་འགག་སྒོ་ནན་སྲུང་བཟང་བོ་བྱ་དགོས། མཐོང་སྣང་མཛེས་ཤིང་སྤྱོད་བདེ་བ་དང་ནུས་པའི་ལྕོགས་ཚོད་ཀྱིས་སྒྲུབ་པའི་རྩ་དོན་ལྟར་གཅིག་གྱུར་གྱིས་ཇུས་འགོད་ཚད་གཞི་གཅིག་གྱུར་བྱ་དགོས། གསུམ་ནི་འཛུགས་སྐྲུན་རྒྱུ་སྤུས་ཀྱི་འགག་སྒོ་ནན་སྲུང་བྱ་དགོས། ཤང་དང་གྲོང་རྡལ་ཏང་ཨུའི་འགན་འཁྲི་མི་སྣ་གཙོ་བོས་ཁྱོན་ཡོངས་ནས་འགན་འཁུར་བ་དང་། སྡེ་བའི་ཏང་རྩ་འཛུགས་ཀྱིས་བྱེ་བྲག་པའི་འགན་འཁུར་བ། ཨར་ལས་སྡེ་ཚན་གྱིས་འཆར་འགོད་དང་ཇུས་གཞིའི་བླང་བྱ་ལྟར་ཨར་ལས་ཀྱི་བྱ་བའི་འགན་འཁྲི་ནན་སྲུང་བྱ་དགོས།

ནུས་པ་གསུམ་འདོན་སྤེལ་བྱས་ཏེ་བྱ་བའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས། གཅིག་ནི་ཏང་ཡོན་བྱ་འགུལ་གྱི་གཡུལ་སའི་ནུས་པ་འདོན་སྤེལ་བྱས་ནས། ཏང་ཡོན་རྩ་འཛུགས་བྱས་ཏེ་བྱ་འགུལ་སྣ་ཚོགས་སྤེལ་དགོས། གཉིས་ནི་དམངས་གཙོའི་སྒོ་ནས་དོན་དག་ལ་གྲོས་མོལ་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ་སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱིས་རང་ཉིད་ཀྱིས་རང་ལ་སློབ་གསོ་དང་དོ་དམ། སྲུང་སྐྱོང་བྱེད་པའི་ནུས་པ་ཇེ་མཐོར་གཏོང་དགོས། གསུམ་ནི་སློབ་སྦྱོང་དང་གསོ་སྦྱོང་གི་སློབ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། ཞིང་སྡེའི་ཉེར་སྤྱོད་ལག་རྩལ་གསོ་སྦྱོང་སོགས་ཀྱི་བྱ་འགུལ་བརྒྱུད་དེ་ཏང་ཡོན་མང་ཚོགས་ཀྱི་རིག་གནས་བྱང་ཚད་ཇེ་མཐོར་གཏོང་དགོས།

དྲག་པོའི་ཉེན་རྟོག་པའི་རུ་ཁག་དང་པོས་དྲ་བའི་སྟེགས་བུ་ལ་བརྟེན་ནས་ཁྲིམས་ལུགས་སློབ་གསོའི་རྣམ་པ་གསར་འབྱེད་བྱས།

དེང་སྐབས་ཁྱེད་ཉིད་དྲག་པོའི་ཉེན་རྟོག་པ་མཚོ་སྔོན་སྤྱི་ཁྱབ་རུ་ཁག་སྟེ་རུ་ཁག་དང་པོའི་རུ་ཁག་འབྲིང་བའི་དྲ་བའི་སློབ་ཁང་དུ་སོང་ཚེ། རུ་ཁག་འབྲིང་བའི་དཔོན་དམག་དག་གིས་ལས་ཁུངས་ཀྱིས་དྲ་བ་བརྒྱུད་དེ་གཅིག་གྱུར་གྱིས་བཏང་བའི་ཁྲིམས་ལུགས་སློབ་གསོ་དྲིལ་བསྒྲགས་ལེ་ཚན་ལ་ལྟ་བཞིན་པ་མཐོང་། འདི་ནི་རུ་ཁག་འདིའི་དྲ་བའི་སྟེགས་བུ་ལ་བརྟེན་ནས་གཞི་རིམ་ལ་ཞབས་ཞུ་དང་དྲ་བའི་སྟེང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་སྤེལ་བ་གསར་འབྱེད་བྱས་པའི་རྣམ་པ་ཡིན།

དྲག་པོའི་ཉེན་རྟོག་པ་རུ་ཁག་དང་པོས་སྔ་གཞུག་ཏུ་གློག་འཕྲིན་དང་རྒྱང་སྒྲོག་བརྙན་འཕྲིན། རྩིས་འཁོར་བརྡ་འཕྲིན་བཅས་གཅིག་ཏུ་སྦྲེལ་བའི་མཐོ་མྱུར་དྲ་བ་འཐེན་ནས། གནས་སོ་སོར་ཁེབས་པའི་སྨྱན་བྱེད་ཆ་འཕྲིན་དྲ་བའི་མ་ལག་བཙུགས་པས། དཔོན་དམག་དག་ཕྱི་ལ་མ་སོང་ནའང་དེང་རབས་ཆ་འཕྲིན་ཐོན་ཁུངས་ལོངས་སྤྱོད་བྱ་ཐུབ་པར་གྱུར། དུས་ད་ལྟ། ཁྲིམས་ལུགས་སློབ་གསོ་དྲིལ་བསྒྲགས་ཉིན་མོར་ཐོན་དུས་དཔོན་དམག་རྣམས་གློག་ཀླད་མདུན་དུ་བསྡད་ནས་དྲ་བའི་སྟེང་གཅིག་བསྡུས་ངང་སློབ་ཁྲིད་ལ་ཉན་ཐུབ། སློབ་སྦྱོང་ཁྲོད་དཀའ་ཁག་ལ་འཕྲད་ཚེ་དུས་ནམ་ཡང་དྲ་ངོས་སྟེང་བློ་འདྲི་བྱས་ཆོག་པ་དང་སློབ་ཁྲིད་བྱ་མཁན་གྱིས་ཡུལ་དངོས་ནས་ལན་འདེབས་སྲིད་པས། ཕན་ནུས་ལྡན་པའི་ངང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ཕན་འབྲས་ཇེ་མཐོར་བཏང་། དེ་ལས་གཞན་ཁོ་ཚོས་ད་དུང་དྲ་བར་བརྟེན་ནས་ཁྲིམས་ལུགས་གནད་དོན་དྲ་བའི་སྟེང་བློ་འདྲི་ཞབས་ཞུ་སྤེལ་བ་དང་། ཁྲིམས་རྩོད་པ་བཀོད་སྒྲིག་བྱས་ཏེ་དཔོན་དམག་དག་གིས་བཏོན་པའི་གནད་དོན་ལན་འདེབས་སྲིད།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

qq网球比分直播 14场胜负彩即时比分 腾游娱乐中心官方棋牌网站 三人麻将游戏 盈迅网球比分 牌九袖箭变牌 江西时时彩彩开奖号码 四川快乐12预测软件下载 陕西十一选五销量 彩票数据分析方法 极速时时彩 sf轻小说写作做赚钱吗 周星驰说赚钱啊 赚钱达人 知乎 新浪棋牌手机 山西扣点点麻将好友下载 陕西福彩快乐10分开奖结果