今天是:

གཞི་རིམ་ཏང་འཛུགས།

ཏང་ཡོན་དཔུང་ཁག་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > ཏང་ཡོན་དཔུང་ཁག་འཛུགས་སྐྲུན།

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་བོད་ཁུལ་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་པའི་དཔེ་དབྱིབས་གསར་བ་བསྐྲུན།

ཉེ་བའི་ལོ་འགའི་རིང་ལ། སྤྱི་ཚོགས་རྩ་འཛུགས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱས་པ་དང་བསྟུན། སྲོལ་རྒྱུན་གྱི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་པའི་རྣམ་པ་དེའང་འགྲན་སློང་གསར་བར་འཕྲད་པས། མཚོ་བྱང་ཁུལ་གྱིས་གསར་སྐྲུན་གྱི་འདུ་ཤེས་དེ་ཏང་འཛུགས་ཀྱི་ལག་ལེན་གསར་བའི་ཁྲོད་དྲངས་ཏེ། གནས་བབ་དང་བསྟུན་ཅིང་སྣ་མང་བ། གང་ལ་གང་འཚམ་བཅས་ཀྱི་སྒོ་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་པའི་རྣམ་པ་སྔར་ལས་གསར་གཏོད་བྱས་པ་དང་། རྒྱུན་མི་འཆད་པར་ཏང་རྩ་འཛུགས་ཀྱི་འཐབ་འཛིང་ནུས་ཤུགས་དང་གོང་བུར་འགྲིལ་ཤུགས། གསར་གཏོད་ནུས་ཤུགས་བཅས་ཇེ་དྲག་ཏུ་བཏང་།

མཁར་གྲོང་ཆ་སྒྲིག་པའི་རྣམ་པ་གསར་སྐྲུན་བྱེད་པའི་ཐད་ས་མཚམས་མི་དབྱེ་བར་སྡེ་བ་དང་ཧྲེ་མཉམ་འཛུགས་དང་སྡེ་བ་དང་ཁེ་ལས་མཉམ་འཛུགས། ཆ་སྒྲིག་མཉམ་འཛུགས་བཅས་ཀྱི་རྣམ་པ་བརྒྱུད་དེ། ཏང་སྲིད་དམག་གསུམ་ལས་ཁུངས་ཀྱི་ལས་དོན་སྡེ་ཁག་སུམ་བརྒྱ་དང་ལྔ་ཡི་ཏང་རྩ་འཛུགས་ཀྱིས་ཁུལ་ཡོངས་ཀྱི་སྡེ་བའི་ཏང་རྩ་འཛུགས་ཉིས་བརྒྱ་བཅུ་བཞི་དང་ཆ་བསྒྲིགས་ནས་མཉམ་འཛུགས་བྱ་འགུལ་སྤེལ་རྒྱུའི་ཐག་བཅད།

ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་སྐྲུན་ཐད་མཐོ་སྒང་གི་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་ཁུལ་དང་མཐོ་སྒང་གི་སྐྱེ་ཁམས་གནས་སྐོར་ལས་རིགས་བསྐྲུན་པ། དེ་མིན་ཞིང་ཕྱུགས་ལས་ལེགས་བསྡུས་ཞིབ་གཉེར་བྱེད་པར་སྐུལ་སྤེལ་གཏོང་བ་བཅས་དང་ཟུང་དུ་སྦྲེལ་ཏེ། ཀྲི་པུའུ་དང་ཆེད་ལས་མཉམ་ལས་ཁང་གི་རྣམ་པ་ཁྱབ་སྤེལ་བྱེད་པའི་རྨང་གཞིའི་སྟེང་ཀྲི་པུའུ་དང་མཉམ་ལས་ཁང་། ཁྱིམ་ཚང་བཅས་ཀྱི་དོ་དམ་རྣམ་པ་འཚོལ་ཞིབ་བྱས་ནས་སྡེ་བའི་ཏང་རྩ་འཛུགས་ལ་ཤུགས་བསྣན་པ་དང་། རིམ་བཞིན་སྡེ་བའི་ཀྲི་པུའུ་གསར་སྐྲུན་རིགས་དང་སྡེ་བའི་ལས་བྱེད་པས་སྣེ་ཁྲིད་དེ་སྒྲུབ་པ་ཅན། ཏང་ཡོན་དང་དཔལ་འབྱོར་ནུས་པས་སྣེ་ཁྲིད་པ་ཅན་བཅས་མཉམ་ལས་ཁང་འཕེལ་རྒྱས་ཀྱི་རྣམ་པ་གསུམ་འཚོལ་ཞིབ་བྱས་པ་དང་། ཁུལ་ཡོངས་ཀྱི་ཆེད་ལས་མཉམ་ལས་ཁང་རྩ་འཛུགས་ཀྱི་བརྒྱ་ཆའི་བཞི་བཅུ་ནི་སྡེ་བའི་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ་བཙུགས་པ་རེད།

ཏང་ཡོན་སྐོར་སྐྱོད་རྣམ་པ་གསར་སྐྲུན་ཐད་ཁེར་འཛུགས་དང་མཉམ་འཛུགས། ཟུར་གཏོགས་སོགས་རྣམ་པ་སྤྱད་ནས་སྐོར་སྐྱོད་ཅན་གྱི་ཏང་རྩ་འཛུགས་བཙུགས།

ཁུལ་དང་མུ་བགོ་བའི་རྣམ་པ་གསར་སྐྲུན་ཐད་ས་ཁུལ་བགོ་བ་དང་ཚན་ཆུང་བགོ་བ། ཁྱིམ་ཚང་མཉམ་འབྲེལ་སོགས་བྱ་བའི་འདུ་ཤེས་དྲངས་ཏེ“ས་ཁུལ་དང་དྲ་མིག དྲ་གནས”དང“ཁྱིམ་ཚང་མཉམ་འབྲེལ་ལམ་ལུགས”སོགས་རིམ་པ་བགོས་ནས་དོ་དམ་བྱེད་པའི་ཞབས་ཞུའི་རྣམ་པ་འཚོལ་ཞིབ་བྱས་ཏེ། སྡོད་ཁུལ་ཆུང་བའི་ཐོག་ཁང་སྡེ་ཚན་རེ་བྱས་ནས་ཏང་རྩ་འཛུགས་བཙུགས་པ་དང་། བྱ་བ་སྒྲུབ་པའི་ནུས་པ་བཟང་ལ་མང་ཚོགས་ཁྲོད་སྙན་གྲགས་ཆེ་བའི་ཏང་ཡོན་དག་མཚམས་སྦྱོར་བྱས་པ་བརྒྱུད་ཏང་ཚན་ཆུང་གི་ཚན་གཙོ་ཁུར་དུ་བཅུག་ནས་བྱ་བ་སྣ་ཚོགས་སྤེལ་བ་རེད།

གནད་འགག་ཞན་སར་དམིགས་ནས་རྣམ་པ་གསར་སྐྲུན་ཐད་རྩ་འཛུགས་གསར་བའི་ཁྱབ་ཁོངས་དང་དཔལ་འབྱོར་ཐོན་ལས་ཁྱབ་ཚུལ། ས་ཆ་གཞན་ནས་ཏང་རྩ་འཛུགས་འཛུགས་པ་བཅས་ཀྱི་ཤུགས་ཚད་ཇེ་ཆེར་བཏང་བ་དང་། མཉམ་འབྲེལ་ཏང་ཀྲི་པུའུ་འཛུགས་པ་དང་ཡང་ན་ཏང་འཛུགས་བྱ་བའི་མཛུབ་སྟོན་པ་མངགས་པའི་བྱེད་ཐབས་སྤྱད་དེ། འཐབ་ཕྱོགས་གཅིག་གྱུར་དང་བཟོ་ཚོགས། དཔལ་འབྱོར་ཉོ་ཚོང་། བཟོ་ཚོང་། བདེ་འཇགས་ལྟ་སྐུལ་སོགས་སྡེ་ཁག་གིས་སྤྱི་དབང་ལམ་ལུགས་མ་ཡིན་པའི་ཁེ་ལས་ཉེར་གཅིག་འགན་ལེན་བྱས་ཏེ་ཏང་རྩ་འཛུགས་བཙུགས་པ་དང་། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྩ་འཛུགས་ནས་ཏང་རྩ་འཛུགས་བཅུ་གསུམ་གསར་དུ་བཙུགས།

མཚོ་བྱང་ཁུལ་གྱིས་གཞི་རིམ་རྩ་འཛུགས་འཛུགས་པའི་རྣམ་པ་གསར་སྐྲུན་བྱས་པའི་རྨང་གཞིའི་སྟེང་། གཞི་རིམ་ནས་ཞབས་ཞུ་ཅན་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པ་གནད་སར་བཞག་སྟེ། ཏང་འཛུགས་བྱ་བ་དངོས་འབེབས་བྱེད་པའི་ནུས་ལྡན་བྱེད་ཐབས་གཏན་འཁེལ་བྱས་འོག ཡུལ་དངོས་ནས་ཞབས་ཞུ་དང་དམངས་ཕན་ཞབས་ཞུ། གནས་སྡོད་གནས་ཞུ། རྗེས་འདེད་ཞབས་ཞུ། སྣེ་ཁྲིད་ཞབས་ཞུ་སོགས་བྱེད་སྟངས་སྤྱད་ནས་བྱ་བའི་གནད་ས་དེ་བཅོས་བསྒྱུར་ལ་ཞབས་ཞུ་དང་། འཕེལ་རྒྱས་ལ་ཞབས་ཞུ། དམངས་འཚོར་ཞབས་ཞུ། མང་ཚོགས་ལ་ཞབས་ཞུ་བཅས་ཀྱི་ཕྱོགས་སུ་བསྒྱུར་པས། ཚན་རིག་ལྟར་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པའི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་བཏང་། སྡེ་བའི་རྩ་འཛུགས་ཀྱི་འཁོར་སྐྱོད་འགྲོ་གྲོན་དང་སྡེ་བའི་ལས་བྱེད་པའི་ཐོབ་ཆ། ལས་རྐང་ནས་བུད་པའི་སྡེ་བའི་ལས་བྱེད་པའི་སྤྱི་ཚོགས་རྒན་གསོ་ཉེན་འགོག་གྲོན་དངུལ་སྤྲོད་པའི་ཁ་གསབ། ལུས་ཁམས་བདེ་ཐང་ཞིབ་བཤེར་སོགས་སྲིད་ཇུས་གཙོ་ཡིན་པའི་སེམས་བདེ་བཟོ་འགོད་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པའི་བྱ་བར་སྐུལ་འདེད་བྱས་ཤིང་། ལས་འགན་ཁུར་བའི་སྡེ་བའི་ལས་བྱེད་པའི་རྒན་གསོ་ཉེན་འགོག་གྲོན་དངུལ་སྤྲོད་པའི་ཁ་གསབ་ལམ་ལུགས་དངོས་འབེབས་བྱས་ཏེ། སྡེ་བའི་ལས་བྱེད་པ་གཙོ་བོ་དང་ལས་བྱེད་པ་གཞན་དག་ལ་མི་རེར་ལོ་རེར་ནོར་སྲིད་སྟེང་ནས་སྒོར་ལྔ་བརྒྱ་དང་སྒོར་བཞི་བརྒྱ་ཡི་ཁ་གསབ་བྱིན།

ལས་རྐང་ནས་བུད་པའི་སྡེ་བའི་ལས་བྱེད་པ་དང་རོང་འབྲོག་པའི་ཏང་ཡོན་རྒན་པར་འཚོ་བའི་ཁ་གསབ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱས་པ་དང་། ༢༠༡༠ལོ་ནས་བཟུང་ཆ་རྐྱེན་དང་མཐུན་པའི་ལས་རྐང་ནས་བུད་པའི་སྡེ་བའི་ལས་བྱེད་པ་དང་རོང་འབྲོག་པའི་ཏང་ཡོན་རྒན་པར་མི་རེར་ལོ་རེར་སྒོར་ཆིག་སྟོང་བཞི་བརྒྱ་དང་སྒོར་བརྒྱད་བརྒྱ་ཡི་འཚོ་བའི་ཁ་གསབ་བྱིན། ནུས་པ་ལྡན་པའི་ལས་བྱེད་པ་རྣམས་མངགས་ཏེ་གཞི་རིམ་གྱི་བྱ་བ་སྒྲུབ་པའི་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་ཆེད། མགོ་ཁྲིད་པས་སྡེ་བར་འབྲེལ་གཏུག་བྱེད་པ་དང་། སྡེ་ཁག་གིས་སྡེ་བར་རོགས་སྐྱོར་བྱེད་པ། ལས་བྱེད་པ་སྡེ་བར་སྡོད་པ། ལས་ཁུངས་ཀྱི་ལས་བྱེད་པ་བདམས་ནས་སྡེ་བའི་ལས་འགན་འཁུར་དུ་འཇུག་པ་བཅས་ཀྱི་བྱ་འགུལ་སྤེལ་ནས། ཞང་དང་སྡེ་བ་རིམ་པ་གཉིས་ཀྱི་མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་། མཚོ་བྱང་ཁུལ་གྱིས་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པ་བདམས་ནས་ཞང་དང་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་འཁུར་དུ་བཅུག་པ་དང་། ཁུལ་ཐད་གཏོགས་ལས་ཁུངས་ནས་ཕུལ་བྱུང་ལས་བྱེད་པ་བདམས་ནས་ཞང་དང་གྲོང་རྡལ་གྱི་ཏང་སྲིད་མགོ་ཁྲིད་པ་གཙོ་བོའི་འགན་འཁུར་དུ་བཅུག དེ་མིན་ཞང་དང་གྲོང་རྡལ་གྱི་མགོ་ཁྲིད་པ་ཕུལ་བྱུང་ཅན་གྱི་ནང་ནས་རྫོང་རིམ་པའི་ཏང་སྲིད་མགོ་ཁྲིད་ཚན་ཁག་གི་ཁོངས་མི་འདེམ་པ་དང་། “སྐྱེད་སྲིང་གསུམ་དང་སྣེ་ཁྲིད་གཉིས”ཀྱི་བྱ་ཡུལ་དང་མཉམ་ལས་རྩ་འཛུགས་ཀྱི་འགན་ཁུར་པ་ཁུར་བའི་རོང་འབྲོག་པའི་ཏང་ཡོན་ནང་ནས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་འདེམ་བསྐོ་བྱེད་པར་དོ་སྣང་བྱས། རིམ་བསགས་བྱས་ན་ཞང་དང་གྲོང་རྡལ་གྱི་མགོ་ཁྲིད་པ་གཙོ་བོ་དང་འབྲེལ་གཏུག་བྱེད་པའི་སྡེ་བའི་མགོ་ཁྲིད་པ་ཉེར་དགུ་ལ་དཀའ་གནད་མང་བའམ་རྗེས་ལུས་སྡེ་བའི་ཧྲུའུ་ཅིའི་འགན་དང་པོའི་འགན་འཁུར་དུ་བཅུག ལས་ཁུངས་ཀྱི་ལས་བྱེད་པ་བཞི་བརྒྱ་ཉེར་བརྒྱད་མངགས་ཏེ་སྡེ་བའི་ཧྲུའུ་ཅི་གཞོན་པའི་འགན་ཁུར་པ་དང་། སློབ་གྲྭ་ཆེན་མོ་བ་ཉིས་བརྒྱ་རེ་གཅིག་མངགས་ཏེ་སྡེ་བའི་འགན་འཁུར་དུ་བཅུག

“འོས་སྦྱོར་གཉིས་དང་འདེམ་བསྐོ་གཉིས”ཀྱི་ལམ་ལུགས་ཁྱབ་གདལ་ཅི་ཐུབ་བྱས་པ་དང་། ཁྱོན་ཡོངས་ནས«མཚོ་བྱང་ཁུལ་གྱི་ཏང་ཡོན་སྡུད་ལེན་ཐད་ཀྱི་ལམ་ལུགས་ལྔ»དངོས་འབེབས་བྱས་ཤིང་། ཏང་ཡོན་བསྡུ་ལེན་བྱ་བའི་གོ་རིམ་སྔར་ལས་ཚད་ལྡན་དུ་བཏང་། དེ་དང་མཉམ་དུ་སྤུས་ཀ་དང་ནུས་པ་ཇེ་མཐོར་གཏོང་བའི་ལྟེ་བའི་ལས་འགན་ལ་དམིགས་ནས། ཞིང་ཆེན་ཕྱི་ནང་གི་གསོ་སྐྱོང་རྟེན་གཞི་བརྒྱད་དང་ཁ་གཏད་རོགས་སྐྱོར་ཐབས་ལམ་བརྒྱུད་དེ། ཕྱིར་བསྐྱོད་པ་དང་ནང་ལ་གདན་འདྲེན་ཞུ་བ། འཐབ་ཕྱོགས་དང་པོའི་རྐང་འཛིན་པ་གསོ་སྦྱོང་བྱེད་པའི་བཟོ་འགོད་ལག་ཏུ་བསྟར་ཅིང་། ཏང་ཡོན་རྣམས་ལ་རྒྱུན་དུ་གསོ་སྦྱོང་བྱེད་པའི་བྱ་བ་དམ་འཛིན་བྱས་པ་དང་ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་།

མཚོ་བྱང་ཁུལ་གྱིས་ད་རུང་ལམ་ལུགས་འཛུགས་སྐྲུན་དེ་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱ་བ་ཚད་ལྡན་ཅན་དང་ཚན་རིག་ཅན་དུ་བསྒྱུར་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། དུས་ཐོག་ཏུ་གཞི་རིམ་གྱི་ཕུན་སུམ་ཚོགས་པའི་ལག་ལེན་ཁྲོད་དགེ་མཚན་ལྡན་པའི་བྱེད་ཐབས་དང་ཉམས་མྱོང་སྤྱི་སྡོམ་བྱས་པ་དང་། «གཞི་རིམ་ནས་ཞབས་ཞུ་ཅན་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་བྱས་ནས་བོད་ཁུལ་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་པའི་དཔེ་དབྱིབས་གསར་བ་བསྐྲུན་པའི་བྱ་བའི་བསམ་འཆར»སོགས་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་པ་དང་འབྲེལ་བའི་ཡུན་ཕན་ནང་རྐྱེན་སྐོར་གྱི་ཡིག་ཆ་སྣ་ཚོགས་བཞི་བཅུ་ལྷག་གཏན་འཁེལ་བྱས། གཞི་རིམ་ཏང་འཛུགས་བྱ་བའི་ནང་རྐྱེན་ཆ་ཚང་ཞིག་ཆགས་པས། མཁར་གྲོང་གི་ཐོན་ཁུངས་སྣ་ཚོགས་ཧྲག་སྡེབ་ནུས་ལྡན་བྱས་པ་དང་། གཞི་རིམ་ཏང་རྩ་འཛུགས་གོ་རིམ་ལྡན་ལ་ནུས་ལྡན་སྒོས་འཁོར་སྐྱོད་བྱེད་པར་སྲིད་ཇུས་སྟེང་ནས་རྒྱབ་སྐྱོར་ཆེན་པོ་བྱས།

༼མཚོ་སྔོན་བོད་ཡིག་གསར་འགྱུར་ལས་བཤུས། ༽

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

qq网球比分直播 超级大乐透开奖公告 足球即时比分网 微乐麻将是否有作弊器 陕西11选5 七乐彩近期200期走势图 pk10玩法规则 单机斗地主不用网络 犹太人为什么这么赚钱 号百彩票最新版本下载 双色球 今天河南快三开奖结果 支付宝扫红宝怎么赚钱吗 网易辽宁十一选五开奖结果 江西多乐彩任五遗漏表 在手机怎么赚钱的方法有哪些方法 999彩票安全吗